ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ངེད་ཀྱི་སྐོར། >> གཤེན་ཞེན་གྱི་རྟེན་འབྲེལ་ཞུ་ཚིག
གཤེན་ཞེན་གྱི་རྟེན་འབྲེལ་ཞུ་ཚིག
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། གཤེན་ཞེན།] [ཟླ་ཚེས། 10-07-11] [ཀློག་གྲངས། ]

དུས་གསར་བའི་འཚོ་བར་བསྟོད་ཅིང་བསྔགས། ། དེང་ཚན་རིག་བློ་མིག་འཕྲུལ་བྱེད་ཀྱང་། །
ང་བོད་པའི་མེས་པོའི་བློ་གྲོས་ལས། ། འགོངས་མ་ཐུབ་བདག་ཡིད་ཁེངས་པས་བཟི། ། 

ས་ཆེན་པོ་གོ་ལའི་ཡུལ་གྲུ་ན། ། རིགས་སྣ་མང་ཤེས་བྱའི་ཚོགས་མང་ཡང་། །
ཐར་སྡུག་བསྔལ་སེལ་མཛད་གཤེན་གྱི་བཀའ། ། འགྲོ་ཀུན་གྱིས་རྟོགས་ན་ཅི་མ་རུང་། །

དེང་ཆ་འཕྲིན་རིག་ལྡན་དུས་རབས་འདིར། ། གཤེན་བཀའ་ལུང་རིན་ཆེན་ནོར་བུའི་གཏམ། །
འགྲོས་དུས་དང་བསྟུན་ནས་བསྒྲོགས་མཛད་པའི། ། བཤེས་བསྟན་རིན་བསོད་ཀྱི་འཕྲིན་ལས་ཆེ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག