ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> ཞང་བོད་ཤེས་རིག >> སྨིན་དྲུག་གིས་༼གངས་ཏི་སེ་བོན་གཞུང་རིག་མཛོད༽ལ་ཕུལ་བའི་ཤིས་ཚིག
སྨིན་དྲུག་གིས་༼གངས་ཏི་སེ་བོན་གཞུང་རིག་མཛོད༽ལ་ཕུལ་བའི་ཤིས་ཚིག
[རྩོམ་གྱི་ཡོང་ཁུངས། དྲ་རྒྱ་ལས་བཏུས་པ།] [རྩོམ་པ་པོ། ར་རྫ་འཇམ་དབྱངས་སྐྱིད།] [ཟླ་ཚེས། 11-10-07] [ཀློག་གྲངས། ]

༼གངས་ཏི་སེ་བོན་གཞུང་རིག་མཛོད༽པར་སྐྲུན་འགྲེམ་སྤེལ་བྱས་པར་བཀྲ་ཤིས་བདེ་ལེགས་ཞུ།

   བོད་སྤྱི་ཚོགས་སུ། བོན་པོ་ནི་བུད་མེད་དང་འདྲ་བར་གོ་ཐང་མེད་པ་ཞིག་རེད། བདག་གི་སེམས་སུ། བས་མཐའ་རུ་དེད་པའི་བོན་པོ་དང་། བས་མཐའ་རུ་དེད་པའི་བུད་མེད་གཉིས་ཀའི་སྐྱིད་སྡུག་ཀྱང་ཆ་འདྲའོ་འདོད་ནས་ཟླ་ངོ་དུ་མ་འགོར་སོང་། ཡིན་ཀྱང་། སྤྱིར་གནའ་དཔེ་ལ་ལྟ་བའི་ཆུ་ཚད་ཡག་པོ་མེད་པ་དང་། སྒོས་སུ་སྲོལ་རྒྱུན་གྱིས་རང་གི་སེམས་ངོར་བག་ཆགས་ཡག་པོ་བཞག་མེད་པ་སོགས་ཀྱི་དབང་དུ་གྱུར་ཏེ། བོན་གྱི་རིག་གནས་སྐོར་ང་ལ་དངོས་གནས་རྒྱུས་མངའ་མེད། དེ་ལྟར་ཡང་ལྟ་ཀློག་དང་བསམ་གཞིགས་མང་དུ་བྱས་པ་དང་འབྲེལ་ནས། མེས་པོ་གོང་མ་རྣམས་ཀྱི་ཤེས་རབ་ཀྱི་ཉིང་བཅུད་ལ་རྨོངས་པ་ནི་སོ་སོ་རང་ཉིད་ཀྱི་སྐྱོན་མཚང་ཆེན་པོ་ཞིག་ཡིན་པ་ད་ལྟ་གཞི་ནས་ཧ་གོ་ཡི་ཡོད།
   ལ་ཤས་ཀྱིས། བོན་པའི་དཔེ་རྙིང་དུ་མི་ཆོས་རིག་གནས་ཀྱི་མིང་བརྡ་མང་རབ་བཤད། དཔེར་ན། མཐོ་སྒང་གི་བྱ་རིགས་ཀྱི་མིང་དང་། བྲིས་རིས་ཀྱི་ཚོས་གཞི་ཁ་དོག་སོགས་ཀྱི་མིང་གི་ཐ་སྙད་མང་པོ་ཡོད་ཚུལ་བརྗོད་པ་ཐོས། འུ་ཅག་ལ་ཆད་ཅིང་མཁོ་བ་ཡང་ཏན་ཏན་དེ་རིགས་མ་ཡིན་ནམ། དེར་མ་ཟད། བོན་ནི་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་རིག་གནས་ཤིག་ཡིན་པས། བོད་མིའི་སེམས་ཁམས་དང་གཤིས་ཁམས་ལ་འཚམ་པ་བསྙོན་དུ་མེད། དེ་བས། བོན་ལ་དང་ཞེན་དང་བོན་ལ་རྩིས་མཐོང་བྱེད་རྒྱུ་ནི། བོད་མི་མགོ་ནག་ཡོངས་ཀྱི་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ཅི་ལ་མིན་ཏེ་ཡིན་ངེས་སོ།། ད་རེས། ཁྱེད་ཅག་གིས་རང་གི་སྐུ་ངལ་ལ་མ་འཛེམས་པར་དཔེ་ཚོགས་བསྟར་ཕྲེང་འདི་བོད་སྤྱི་ཚོགས་ལ་སྐྱེས་སུ་ཕུལ་བར། ང་རང་བུད་མེད་ཅིག་གི་ངོས་ནས་ལས་དོན་རླབས་པོ་ཆེ་དེར་བཀའ་དྲིན་སྙིང་ནས་ཞུ་རྒྱུ་ཡིན་ལ། བྱ་བ་ཐམས་ཅད་ལམ་འགྲོ་ཡོང་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན།

ཞེས་ར་རྫ་འཇམ་དབྱངས་སྐྱིད་ནས་ཟླ་ཚེས་བཟང་པོར།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག