༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་རིན་པོ་ཆེ་བསྟན་འཛིན་རྣམ་དག་མཆོག་དང་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་དང་ནག་རུ་དགེ་བཤེས་དགེ་ལེགས་སྦྱིན་པ་བཅས་རྣམ་པ་གསུམ་གྱིས་༡༩༩༩ནས་༢༠༡༠བར་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སློབ་མ་རྣམས་ལ་དཔེ་ཁྲིད་གནང་བའི་ནང་ནས་གཏན་ལ་ཕབ་ཟིན་པའི་དཔེ་དེབ་ཁག་གཤམ་གསལ།
THE NINE WAYS OF BONཞེས་པའི་དཔེ་དེབ་འདི་ནི་ནུབ་གླིང་གི་ཁུལ་དུ་བོན་གྱི་བླ་མ་རྣམས་ཀྱིས་བོན་དར་སྤེལ་བྱས་ཞེས་པའི་མཚན་གཞི་དང་པོ་དེ་ཆགས་ཡོད། དེ་ནས་བཟུང་ཕྱི་གླིང་མཁས་པ་མང་པོ་ཞིག་ལ་བོན་གྱི་སྐོར་དོ་སྣང་ཆེན་པོ་སླེབས་ཤིང་སྔར་གཞན་གྱི་ས་ནས་བོན་གྱི་སྐོར་གོ་ཐོས་བྱུང་བ་རྣམས་བསྒྲུགས་སྟེ་དེབ་ཐེར་དུ་བཀོད་ནས་གང་བྱུང་མང་བྱུང་འགྲེལ་བཤད་བྱས་ཡོད་པ་རྣམས་རྩིས་མེད་དུ་ཆགས་པ་རེད། དཔེ་དེབ་འདི་ཉིད་༡༩༦༧ལོར་དཔར་ཐེངས་དང་པོ་Oxford Universityནས་དཔར་ཏེ་འགྲེལ་ཡོད་སྡེ་ཚན་ཀུན་ལ་འགྲེམས་སྤེལ་དང་མཁོ་འདོན་ཞུས། ཡིན་ནའང་བར་སྐབས་དཔེ་དེབ་འདི་ཉིད་ཧ་ཅང་དཀོན་པོར་གྱུར་ནས་ཕྱི་རྒྱལ་གྱི་བོན་ཉམས་ཞིབ་གནང་མཁན་རྣམས་ལ་དཀའ་ཚེགས་ཀྱང་འཕྲད་མྱོང་། སླར་༢༠༡༠ལོར་དཔར་ཐེངས་གཉིས་པ་དཔར་ཏེ་དེང་སོང་ཕྱི་གླིང་ཡུལ་གྱི་བོད་ཀྱི་སློབ་གཉེར་ཁང་དང་། མཐོ་རིམ་དཔེ་མཛོད་ཁང་བཅས་གང་སར་མཐོང་རྒྱུ་ཡོད་ལ་སློབ་སྦྱོང་གི་ཆ་རྐྱེན་དུ་བླུ་ཉོ་ཡང་གནང་རྒྱུ་ཡོད་འདུག HEART DROPS OF DHARMAKAYAཞེས་པའི་དཔེ་དེབ་འདི་ཉིད་ཀུན་མཁྱེན་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་ཀུན་བཟང་སྙིང་ཐིག་དེ་ཉིད་དབྱིན་ཡིག་ཏུ་ཕབ་བསྒྱུར་དང་འཆད་ཁྲིད་གནང་བཞག་པ་ཞིག་ཡིན། འདི་ལ་ཕྱི་རྒྱལ་བ་བོད་ཀྱི་སློབ་ཚོགས་རྣམས་ཧ་ཅང་གི་དགའ་པོ་བྱེད་པ་དང་། ཚན་རིག་པ་རྣམས་ཀྱིས་ཀྱང་སེམས་ཁམས་རིག་པ་ལ་བརྟག་དཔྱད་བྱེད་སའི་དཔྱད་གཞི་ཡང་བྱེད་ཀྱི་ཡོད། མ་ཟད་འདི་ཉིད་རྒྱལ་ཁབ་དུ་མའི་སྐད་ཐོག་ཏུ་བསྒྱུར་བསྐྲུན་བྱས་ཏེ་འཛམ་གླིང་གི་རིམ་པ་གཉིས་པའི་དཔེ་དེབ་ཀྱི་གྲས་སུ་གྱུར་ཡོད་པ་རེད།
Teachings given in English
ཉེ་ཆར་གསར་དུ་ཐོན་པའི་དཔེ་དེབ་ཁག་ཅིག
by Yongdzin Lopön Tenzin Namdak Rinpoche, transcribed and edited by
Carol Ermakova [ཤེས་རབ་དབང་མོ་] and Dmitry Ermakov [གཡུང་དྲུང་ལྷ་མགོན་]
༡༽མཉམ་བཞག་སྒོམ་པའི་ལག་ལེན་སྐོར།
1. Nyamzhag Gompa'i Laglen taught in Paris, 1999
༢༽སྐུ་གསུམ་རང་ཤར་སྐོར།
2. Kusum Rangshar taught in Paris, 1999
༣༽བྱ་བྲལ་རྗེས་མེད་ཀྱི་སྐོར།
3. Without actions, without traces: taught in Cergy, France, 1999
Bya bral rjes med
༤༽ཐུགས་རྗེ་བྱམས་མའི་སྐོར།
4. Teachings on the Loving Goddess Jamma taught Paris, France, 2001
༥༽བྲུ་རྒྱལ་ཕྱག་ཁྲིད། དཔེ་ཁྲིད་དེབ་དང་པོ།
5. Gyalwa Chagtri, afternoon, volume I taught in Blanc,France, 2001
༦༽ཉམས་རྒྱུད་སྐྱ་རུ། དཔེ་ཁྲིད་དེབ་གཉིས་པ།
6. Nyamgyud, Chyaru, afternoon, vol II taught in Blanc, France 2001
༧༽ཉམས་རྒྱུད། དཔེ་ཁྲིད་དེབ་དང་པོ།
7. Nyamgyud, morning, volume I taught in Blanc, France 2001
༨༽ཉམས་རྒྱུད། དཔེ་ཁྲིད་དེབ་གཉིས་པ།
8. Nyamgyud, morning, volume II taught in Blanc, France 2001
༩༽རིག་འཛིན་འདུས་པའི་ནང་གི་ཁྲིད་ཡིག་ཡེ་ཤེས་བླ་མ།
9. Tri Yeshe Lama, Excerpt from Rigdzin Dhüpa taught in Blanc, France 2001
༡༠༽འབྲིང་པོ་སོར་བཞག དཔེ་ཁྲིད་དེབ་དང་པོ།
10. Dringpo Sorzhag, volume I taught in Blan, France, 2002
༡༡༽འབྲིང་པོ་སོར་བཞག དཔེ་ཁྲིད་དེབ་གཉིས་པ།
11. Dringpo Sorzhag, volume II taught in Vimoutiers, France, 2003
༡༢༽སྲིད་རྒྱལ་དྲག་སྔགས་སྐོར།
12. The Healing Practice of Sidpai Gyalmo taught in Vimoutiers, France, 2003
༡༣༽ལུས་སྦྱིན་མཁའ་འགྲོའི་གད་རྒྱངས།
13. Chöd taught in Paris, France, 2004
༡༤༽འབྲིང་པོ་སོར་བཞག་སྐོར།
14. Dringpo Sorzhag taught in Vimoutiers, France, 2004
༡༥༽ནམ་མཁའ་འཕྲུལ་མཛོད། དཔེ་ཁྲིད་དེབ་དང་པོ།
15. Namkha Truldzö vol I taught in Vimoutiers, France, 2004
༡༦༽ནམ་མཁའ་འཕྲུལ་མཛོད། དཔེ་ཁྲིད་དེབ་གཉིས་པ།
16. Namkha Truldzö vol II taught in Shenten, France, 2005
༡༧༽ནམ་མཁའ་འཕྲུལ་མཛོད། དཔེ་ཁྲིད་དེབ་གསུམ་པ།
17. Namkha Truldzö vol III taught in Shenten, France, 2006
༡༨༽ནམ་མཁའ་འཕྲུལ་མཛོད། དཔེ་ཁྲིད་དེབ་བཞི་པ།
18. Namkha Truldzö vol IV taught in Shenten, France, 2007
༡༩༽དྲན་པ་ནམ་མཁའི་གསོལ་འདེབས།
19. Prayer to Gyerpung Drenpa Namkha translated in Shenten, France, 2007
༢༠༽དྲན་པ་ནམ་མཁའི་ཚོགས་མཆོད།
20. Drenpa Namkha Tsokchod completed in Shenten, France, 2006
compiled by YLTNR and Geshe Gelek Jinpa, translated by YLTNR, GGJ and KTYR
༢༡༽སྔོན་འགྲོའི་དཔེ་ཁྲིད།
21. Ngöndro Teachings taught in Shenten, France, 2005
༢༢༽བསང་མཆོད་དང་བསུར་མཆོད།
22. Sangchöd and Surchöd by Khen Rinpoche taught in Pauenhof, Germany, 2005
༢༣༽རྫོགས་ཆེན་མེ་ལོང་བདུན་པ།
23. Seven Mirrors of Dzogchen by YLTNR and taught in Shenten, France, 2005
Khen Rinpoche
༢༤༽མ་རྒྱུད་ཐར་སྨིན་གྲོལ་གསུམ་སྐོར།
24. Teachings on correcting faults taught in Shenten, France, 2005
[excerpt from Magyud]
༢༥༽བོན་འཁོར་ཚིག་བཞིའི་སྐོར།
25. The 4 Wheels of Bön taught in Shenten, France, 2005
༢༦༽རྩ་རླུང་གཏུམ་མོའི་ཉམས་ལེན་ཡེ་ཤེས་མེ་དཔུང་།
26. Tummo by Geshe Gelek Jinpa taught in Shenten, France, 2005
༢༧༽སྙན་རྒྱུད་སྔོན་འགྲོ་བོན་སྤྱོད་དགུ་རིམ།
27. Bönchyod Gurim taught in Shenten, France, 2006
༢༨༽བོན་ཐེག་པ་རིམ་དགུ། དཔེ་ཁྲིད་དེབ་དང་པོ།
28. The Nine Ways of Bön vol I taught in Shenten, France, 2006
༢༩༽བོན་ཐེག་པ་རིམ་དགུ། དཔེ་ཁྲིད་དེབ་གཉིས་པ།
29. The Nine Ways of Bön II taught in Shenten, France, 2007
༣༠༽རིགས་དྲུག་རང་སྦྱོང་།
30. Purification practice of the Six Lokas taught in Shenten, France, 2006
By Khen Rinpoche
༣༡༽རིག་པའི་ལྷ་མཆོག་ཕྱྭ་སྲས་ཀེང་ཙེ་ཉམས་སུ་ལེན་ཐབས་སྐོར།
31. Practice of the Wisdom Buddha taught in Shenten, France, 2006
Kengtse [history, instructions and practice]
༣༢༽རྒྱུན་སྤྱོད་ཡན་ལག་བདུན་པ་དང་ཚེ་དབང་སྨོན་ལམ་རིན་ཆེན་ཕྲེང་བའི་སྐོར།
32. Daily Practice Booklet: taught in Shenten, France, 2006
7-point daily practice from Zijiyd; Precious Mala of Tsewang Monlam
༣༣༽དགེ་སྒྲུབ་སྡིག་སྤོང་གི་སྐོར།
33. Virtous and negatIve actions taught in Shenten, France, 2006
༣༤༽བྲུ་རྒྱལ་ཕྱག་ཁྲིད། དཔེ་ཁྲིད་དེབ་གཉིས་པ།
34. Gyalwa Chagtri, chapter II taught in Shenten, France, 2007
༣༥༽བྲུ་རྒྱལ་ཕྱག་ཁྲིད། དཔེ་ཁྲིད་དེབ་གསུམ་པ།
35. Gyalwa Chagtri, chapter III taught in Shenten, France, 2008
༣༦༽བྲུ་རྒྱལ་ཕྱག་ཁྲིད། དཔེ་ཁྲིད་དེབ་བཞི་པ།
36. Gyalwa Chagtri, chapter IIII taught in Shenten, France, 2009
༣༧༽འཕོ་བ་འཇའ་གུར་མ། དཔེ་ཁྲིད་དེབ་དང་པོ།
37. Rainbow Tent Phowa [Jagurma] vol I: taught in Shenten, France, 2007
translation of text
༣༨༽འཕོ་བ་འཇའ་གུར་མ་དང་ཡོངས་རྩེ་ཀློང་ཆེན་ནང་གི་འཆི་རྟགས་སྐོར། དཔེ་ཁྲིད་དེབ་གཉིས་པ།
38. Rainbow Tent Phowa [Jagurma] vol II: taught in Shenten, France, 2007
Instructions on practice plus Signs of death by Lishu Tagring
༣༩༽ཡེ་ཁྲི་མཐའ་སེལ། དཔེ་ཁྲིད་དེབ་དང་པོ།
39. Yetri Thasel vol I taught in Pauenhof, Germany, 2007
༤༠༽ཡེ་ཁྲི་མཐའ་སེལ། དཔེ་ཁྲིད་དེབ་གཉིས་པ།
40. Yetri Thasel vol II taught in Pauenhof, Germany, 2008
༤༡༽ཡེ་ཁྲི་མཐའ་སེལ་ལས་མཁའ་འགྲོ་མོ་རྒྱུད་ཀྱི་གདམ་སྐོར།
41. Yetri Thasel: Mogyud taught in Pauenhof, Germany, 2009
༤༢༽མ་ཏྲི་རིན་ཆེན་སྒྲོན་མའི་སྐོར།
42. Mantra Matri taught in Paris, France, 2008
༤༣༽ཡོངས་རྩེ་ཀློང་ཆེན། དཔེ་ཁྲིད་དེབ་དང་པོ།
43. Yangtse Longchen vol I taught in Shenten, France, 2008
༤༤༽ཡོངས་རྩེ་ཀློང་ཆེན། དཔེ་ཁྲིད་དེབ་གཉིས་པ།
44. Yangtse Longchen vol II taught in Shenten, France, 2009
༤༥༽ཡོངས་རྩེ་ཀློང་ཆེན། དཔེ་ཁྲིད་དེབ་གསུམ་པ།
45. Yangtse Longchen vol III taught in Shenten, France, 2009
༤༦༽ཚེ་སྒྲུབ་བྱ་རི་མའི་སྐོར།
46. Long-Life Practice of Tsewang Ridgzin taught in Shenten, France, 2009
[instructions, practice, supplementary teachings]
༤༧༽ཞང་ཞུང་སྙན་རྒྱུད། དཔེ་ཁྲིད་དེབ་དང་པོ།
47. Zhang Zhung Nyengyud: taught in Shenten, France, 2010
Kagyud Khorzhi vol I
༤༨༽ཞང་ཞུང་སྙན་རྒྱུད་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར།
48. Masters of the Zhang Zhung Nyengyud published by Heritage Publishers, New Delhi, 2010
49.རྫོགས་པ་ཆེན་པོ་ཞང་ཞུང་ཉམས་རྒྱུད་སྐྱ་རུའི་སྐོར།
49.[Teachings given in Cergy, France, 1999]
[rDzogs pa chen po zhang zhung snyan gyud kyi nyams rgyud skya ru bzhugs pa legs so]
འདི་ལྟར་དཔེ་ཁྲིད་དཔེ་དེབ་གྲངས་ཞེ་དགུ་སྐོར་ཞིག་གི་ངོ་སྤྲོད་མདོར་བསྡུས་འདི་ནི་ནུབ་གླིང་གི་ཁུལ་དུ་བོན་ཇི་ལྟར་དར་སྤེལ་དང་ཉམས་ལེན་བྱེད་ཀྱི་ཡོད་མེད་ཤེས་འདོད་ཡོད་མཁན་རྣམས་ཀྱི་ཆེད་དུ་དཀར་ཆག་གི་ཚུལ་དུ་རོབ་ཙམ་བཀོད་པ་མ་ཟད་མིག་ལྟོས་ཀྱི་རྒྱན་དུ་འགྱུར་རེའུ་འདུན་པ་ཡང་བྱེད་བཞིན་ཡོད། །