ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> དཔེ་ཚོགས། >> གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔེ་བསྐྲུན་ཞུས་པའི་དཔེ་ཚོགས།
གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔེ་བསྐྲུན་ཞུས་པའི་དཔེ་ཚོགས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བྲག་མགོ་ཚེ་དབང་རྒྱལ་མཚན།] [ཟླ་ཚེས། 13-01-21] [ཀློག་གྲངས། ]

ཞང་བོད་མཐོ་སྒང་ནས་དར་བའི་ཕན་དང་བདེ་བའི་འབྱུང་གནས་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་མི་ལོ་ཆིག་ཁྲི་བརྒྱད་སྟོང་གོང་ནས་དར་ཁྱབ་དུ་བྱུང་ཞིང་། སྔ་ཕྱི་དུ་མར་འཕེལ་འགྲིབ་ལན་མང་དུ་བྱུང་ཡང་བསྟན་པའི་རྩ་ལག་ཉམས་གུད་དུ་མ་སོང་བར་དེང་འདིར་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པའི་བླ་ན་མེད་པའི་མཛད་འཕྲིན་དང་། སྔོན་བྱོན་རིག་འཛིན་གོང་མའི་ཐུགས་སྨོན་མཐུས་ཤར་རིའི་འཕྲག་ནས་རྟ་བདུན་དབང་པོ་ཚེས་པ་ནང་བཞིན་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་དར་བའི་སྒང་འདིར། རྒྱལ་ཕྱི་ནང་ཕྱོགས་མཐའ་ཀུན་ནས་དད་གུས་དང་ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ་བྱེད་པའི་སྐལ་ལྡན་སློབ་གཉེར་བ་དང་ལོ་རྒྱུས་ཞིབ་འཇུག་པ་ཇེ་མང་དུ་འགྲོ་བའི་སྐབས་དང་བསྟུན། གཡུང་དྲུང་བོན་གྱི་གདན་ས་༸དཔལ་གཤེན་བསྟན་སྨན་རིའི་གླིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་སོ་སོའི་སྔ་ཕྱི་རྒྱུན་ལས་རྣམས་ནས། ༸ཞྭ་དཀར་བསྟན་པའི་མངའ་བདག་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་།༸ སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་བསྟན་འཛིན་རྣམ་དག་རིན་པོ་ཆེ། གསང་གསུམ་བོན་གྱི་མཛོད་འཛིན་སྨན་རིའི་༸སློབ་དཔོན་འཕྲིན་ལས་ཉི་མ་རིན་པོ་ཆེ། ཁོང་རྣམ་པའི་བཀའ་སློབ་ལམ་སྟོན་དང་ཐུགས་ཀྱི་དགོངས་བཞེད་ཅི་བཞིན། བཤད་སྒྲུབ་སློབ་གཉེར་བ་རྣམས་ལ་ཉེ་བར་མཁོ་བའི་མདོ་སྔགས་རྫོགས་གསུམ་དང་བཅུ་ཕྲག་རིག་གནས་སྐོར། ལྷག་པར་དུ་བོན་གྱི་དཔེ་དཀོན་རིགས་བཅས་མདོར་ན་དེབ་གྲངས་(37)དཔེ་སྐྲུན་བྱས་ཡོད་པའི་གནས་བསྡུས་པའོ། །


ཞང་ཞུང་སྙན་རྒྱུད་བཀའ་བརྒྱུད་སྐོར་བཞི་དང་བསྒྲགས་པ་སྐོར་གསུམ་སོགས་རྫོགས་ཆེན་གྱི་དཔེ་ཚོགས།

གདན་ས་སྨན་རིའི་གླིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔེ་མཛོད་ཁོང་གི་དཔེ་ཚོགས།

གདན་ས་སྨན་རིའི་གླིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔེ་མཛོད་ཁོང་གི་དཔེ་ཚོགས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག