ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> ༼བོན་གྱི་རྣམ་གྲངས༽གློག་རྡུལ་དེབ།
༼བོན་གྱི་རྣམ་གྲངས༽གློག་རྡུལ་དེབ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཐེ་བོ་ལེགས་བཤད་རྒྱ་མཚོ།] [ཟླ་ཚེས། 10-08-26] [ཀློག་གྲངས། ]

 

དེབ་འདིའི་བསྒྲིགས་པ་པོ་ངོ་སྤྲོད།

          ལེགས་བཤད་རྒྱ་མཚོའམ་ལི་འབུམ་ནི། བོད་འབྱུང་རྒྱལ་ཆུ་གླང་སྟེ་སྤྱི་ལོ༡༩༧༣ལོར། ཀན་སུའུ་ཐེ་བོ་རྫོང་སྟེང་ཀ་ཀྲིན་མར་སྒུར་གྲོང་སྡེར་སྐྱེས་ཤིང་། ༡༩༩༠ལོར་རབ་ཏུ་བྱུང་། དེ་ནས་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་དང་། གྲུབ་ཆེན་བོན་བློན་ནམ་མཁའ་བསྟན་འཛིན། རྟོགས་ལྡན་ཁྲི་བ་རིན་པོ་ཆེ། ལྡོང་རིགས་པ་ཨ་སྐལ་སོགས་རྒན་རྣམ་པའི་མདུན་ནས་འདོན་ཆོག་ཕྱག་ལེན་དང་། ཐུན་མོང་རིག་གནས་ཀྱི་སྐོར་དང་། ཐུན་མིན་ནང་དོན་རིག་པའི་སྐོར་བཅས་ལ་སྦྱང་བརྩོན་བྱས། ༢༠༠༥ལོར་ཞང་ཞུང་རྫོགས་ཆེན་སློབ་གླིང་དུ་ལོ་གསུམ་བཅད་རྒྱར་བཞུགས་ནས་མཐར་ཕྱིན། སྔ་ཕྱིར་རང་དགོན་དུ་ཚོགས་ཆེན་དབུ་མཛད་དང་། རྩིས་གཉེར་བ་སོགས་ཀྱི་འགན་བཞེས་མྱོང་ལ། ད་ལྟ་ཚོགས་ཆེན་དགེ་བསྐོས་དང་། རྩིས་གཉེར་བ། ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་བཞེས་མུས་སུ་བཞུགས། 
           ཁོང་གིས་སྔ་རྗེས་སུ། ༼སྦྲང་ཆར༽དང་། ༼གངས་ལྗོངས་གཙུག་ལག༽སོགས་ཞིང་ཆེན་ཕྱི་ནང་གི་དུས་དེབ་ཁག་ཏུ་སྙན་རྩོམ་སྣ་འགའ་སྤེལ་མྱོང་ལ། གཞན༼དག་ཡིག་སྒྲ་མཐུན་དོན་འབྱེད་ཀྱི་མཆན་འགྲེལ༽དང་། ༼བོན་གྱི་རྣམ་གྲངས༽ ༼ཞང་བོད་སྐད་གཉིས་ཤན་སྦྱར་གྱི་མིང་མཛོད་ཆུང་ངུ་༽རང་དགོན་ཁག་གི་ལོ་རྒྱུས་སོགས་རྩོམ་འབྲི་གནང་། ད་རུང་པར་དུ་སྐྲུན་འགྱུར་གྱི༼བོན་གྱི་མཁས་དབང་རིམ་བྱོན་འགའི་ངོ་སྤྲོད་མདོར་བསྡུས༽དང་། ༼སྟོན་པ་གཤེན་རབ་དང་བདུད་རྗེ་ཁྱབ་པ་ལག་རིང་༽གཉིས་མི་འགྱང་བར་པར་དུ་བསྐྲུན་ངེས་སོ། །

འདིའི་སྟེང་རྡེག་གནོན་བྱས་ན་འཆར་ཐུབ་ངེས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག