ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> གནས་རི་མཚོ་གསུམ། >> བྱེ་མ་གཡུང་དྲུང་གནས།
བྱེ་མ་གཡུང་དྲུང་གནས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དཔོན་སློབ་བསྟན་འཛིན་རྣམ་དག] [ཟླ་ཚེས། 10-07-05] [ཀློག་གྲངས། ]

      དུམ་པ་ཚལ་ལམ་གུང་དུམ་གྱི་ནུབ་ཕྱོགས་སུ་མ་མགོ་ཚོང་ར་ཞེས་པའི་སར་ཇོ་རི་ཞེས་པ་དམག་དཔོན་གྱི་གནས་རི་དང་། མ་མགོ་གཡུ་མཚོ། རྡོ་རིང་དམར་པོ་སོགས་ཡོད། དེ་ནས་ཡར་ནུབ་ཕྱོགས་སུ་ཕྱིན་པས་རྟ་མཆོག་ཁ་འབབ་གཙང་པོའི་ཕུ་འགོ་ལ་སྟོན་པ་སངས་རྒྱས་ཀྱི་ཞབས་རྗེས་ཡོད་སྐད། དེར་འབུམ་ཉི་མ་དགུ་ཤར་གསུངས་ཞེས་པ་སོགས་གྲོང་མིས་བརྗེད་སྲོལ་ཡོད་ཀྱང་མི་བདེན་ཏེ། དེའི་གསུང་གནས་གཞུང་དུ་གསལ་བས་འདི་མ་བསྟན་ཏོ། །
      དེ་ནས་བཀྲག་ལ་ཞེས་པར་ཆུ་མིག་འཐུང་བ་རང་གྲོལ་ཞེས་པ་དང་གཞན་ཡང་ཆུ་མིག་དུ་མ་ཡོད་པས་ས་གཞི་རྒྱ་ཆེ་བྱེ་གསེབ་ཏུ་ཁྱབ་ཅིང་ཡོད་པ་དེ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་། ཤ་རི་དབུ་ཆེན་སོགས་ཀྱིས་བཀའ་རྒྱུད་ལུང་དུ་མ་ཞང་སྐད་ལས་བོད་སྐད་དུ་བསྒྱུར་བའི་ས་གནས་བྱིན་རླབས་ཅན་དེ་ཡིན་ཀྱང་། དེང་སང་མཇལ་རྒྱུ་སེར་ལྷང་ངེ་བ་ཡང་གང་མེད། ཡུལ་འདིར་ས་ཐག་རིང་ནས་བལྟས་ནས་བྱེ་མ་དཀར་པོའི་གཡུང་དྲུང་གི་རི་མི་ཡོད་པར་གྲགས་ཤིང་། བློ་ལྡན་ཟུར་བྱང་ལས། གཙང་གི་བྱེ་མ་གཡུང་དྲུང་ལ། ཁ་རེག་ཚེ་འདིའི་སྒྲིབ་པ་སྦྱང་། ཞེས་གསུངས། ས་དེའི་བྱང་གི་ཐད་ཅིག་ཏུ་བཀྲག་གི་ན་བ་དམར་ལྡིང་ཞེས་འབོད་སར་སྔར་ལི་ངུར་ལྷ་རྩེ་ཞེས་པའི་འདུས་སྡེ་ཆེན་པོ་ཆགས་པའི་ཤུལ་ཡིན་ཡང་ས་གནས་བྱིན་ཆེ་ལ་མ་བསམ་ན་མཇལ་རྒྱུ་རྔམ་བརྗིད་ཅན་འདོད་ན་དེར་གང་ཡང་མེད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག