ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཞང་ཞུང་རིག་གནས་སྐོར་གྱི་བགྲོ་གླེང་ཚོགས་འདུ།
ཞང་ཞུང་རིག་གནས་སྐོར་གྱི་བགྲོ་གླེང་ཚོགས་འདུ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 11-08-19] [ཀློག་གྲངས། ]


བགྲོ་གླེང་གི་ཟུར་ཞིག

བགྲོ་གླེང་ལ་བཞུགས་པའི་མི་སྣ་འགའ་ཞིག་མཉམ་དུ་བླངས་པའི་དྲན་རྟེན་འདྲ་པར།

ཉེ་ཆ་བོད་ལྗོངས་ལྷ་སའི་ཞང་ཞུང་རིག་གནས་གཞུང་ལས་ཁང་དུ་ཞང་ཞུང་རིག་གནས་སྐོར་གྱི་བགྲོ་གླེང་གི་ཚོགས་འདུ་ཞིག་འཚོགས་པ་རེད། བགྲོ་གླེང་ཐོག་ཏུ་ནུབ་ཕྱོགས་ཨ་རི་བ་མཁས་པ་ཞང་ཞུང་སྐོར་གྱི་ཞིབ་འཇུག་པ་ལྗོན་བྷི་ལེ་ཛར་ལགས་ནས་ཁོང་རང་ཉིད་ཀྱིས་མི་ལོ་ཉེར་བརྒྱད་རིང་ལ་ཞང་ཞུང་སྐོར་ལ་ཞིབ་འཇུག་གནང་བའི་ཐད་ལ་ངོ་སྤྲོད་དང་མཚམས་སྦྱོར་སོགས་གནང་བ་དང་། དེ་ནས་ཁོང་དང་ཚོགས་བཞུགས་པ་དག་གིས་ཞང་ཞུང་སྐོར་དང་འབྲེལ་བའི་སྐོར་ལ་དྲི་བ་དྲིས་ལན་སོགས་ཀྱང་གནང་བ་རེད། དེ་ནས་ཁོང་གིས་ཞང་ཞུང་དང་འབྲེལ་བའི་ཡིག་རྙིང་སྐོར་ལ་དམིགས་བསལ་གྱི་ངོ་སྤྲོད་གནང་བ་རེད།
དེ་ཡང་ཚོགས་བཞུགས་པ་ཡང་ནུབ་ཕྱོགས་ཨ་རི་བ་མཁས་པ་ཞང་ཞུང་སྐོར་གྱི་ཞིབ་འཇུག་པ་ལྗོན་བྷི་ལེ་ཛར་ལགས་དང་། ལི་ཤུ་གཤེན་རྒྱལ་བསྟན་འཛིན། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། སྨན་རིའི་དགེ་བཤེས་སྣང་ཞིག་དགོན་ཆེན་གྱི་མཁན་ཟུར་སྒོ་ཤེས་རབ་གྲགས་པ། དུང་རི་བླ་མ་བཤད་སྒྲུབ་རྒྱལ་མཚན། མངའ་རིས་སྨན་རྩིས་ཁང་གི་ལྡན་མཆོག་དབང་གསལ། ཞང་ཞུང་རིག་གནས་དར་རྒྱས་ཚོགས་པའི་ཞུང་སྐར་མ་རྒྱལ་མཚན། དེ་བཞིན་བོད་ལྗོངས་སློབ་ཆེན་སོགས་ཀྱི་སྐུ་ཚབ་དང་བཅས་མི་སྣ་བཅུ་ཕྲག་ལྷག་འཛོམས་ནས་ཞང་ཞུང་རིག་གནས་སྐོར་ལ་བགྲོ་གླེང་གནང་བ་རེད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག