ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> གཞི་རིང་དགོན་པའི་བྱམས་བརྩེ་སློབ་གྲྭའི་མཛད་སྒོ།
གཞི་རིང་དགོན་པའི་བྱམས་བརྩེ་སློབ་གྲྭའི་མཛད་སྒོ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 11-09-03] [ཀློག་གྲངས། ]

༢༠༡༡ལོའི་ཟླ༨ཚེས༣༡ཉིན་ལ་མཁན་པོ་ཚེ་རིང་ནོར་བུ་ལགས་ནས་གསར་བཞེངས་གནང་བའི་ཁམས་དཀར་མཛེས་ཁུལ་བྲག་འགོ་རྫོང་གཞི་རིང་དགོན་པའི་བྱམས་བརྩེ་སློབ་གླིང་དབུ་ཚུགས་མཛད་སྒོ་གནང་བ་རེད།
མཛད་སྒོའི་རེའུ་མིག
༢༠༡༡་༨་༣༡་ཉིན་སྔ་དྲོ་སློབ་གླིང་གི་མཛད་སྒོ་སྤེལ་བ་དང་། ཉིན་དགུང་མངས་ཚོགས་ཀྱིས་བླ་སྤྲུལ་རྣམ་པ་མཇལ་ཁ་ཞུ་བ་དང་། དེའི་རྗེས་གླུ་བ་དང་གླུ་མ་སོགས་ཀྱི་གླུ་གར་བྲོ་ཡི་འཁྲབ་སྟོན་གནང་བ་དང་། ༩་བའི་ཚེས༡ཉིན་གྱི་སྔ་དྲོ་བླ་སྤྲུལ་རྣམ་པས་དམངས་ཚོགས་ཀྱི་སྐྱ་སེར་རྣམས་ལ་བཀའ་སློབ་སོགས་གནང་བ་རེད།
སློབ་གླིང་སྦྱོང་བྱ་ངོ་སྤྲོད་གནད་བསྡུས།
སློབ་གླིང་འདི་ཉིད་ནི་བྲག་འགོ་གཞི་རིང་དགོན་པའི་མཁན་པོ་ཚེ་རིང་ནོར་བུ་ལགས་ནས་གཙོ་འགན་བཞེས་ནས་གསར་དུ་བཞེངས་པ་ཞིག་ཡིན་ལ། སྦྱང་བྱའི་གཙོ་བོ་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུས་རབས་དང་མཚམས་པའི་སྒོ་ནས་སློབ་སྤྱོང་སྣ་ཚོགས་བྱེད་རྒྱུ་དང་། དེ་བཞིན་རྒྱ་ཡིག་དང་དབྱིན་ཡིག་སོགས་སྦྱོང་རྒྱུ་དང་། དགེ་རྒན་བོད་ཡིག་དགེ་རྒན། རྒྱ་ཡིག་དགེ་རྒན། དབྱིན་ཡིག་དགེ་རྒན་བཅས་ཡོད་པ། ད་ལྟ་སློབ་མ་ལྔ་བཅུ་ལྷག་ཡོད།

དབུ་ཚུགས་མཛད་སྒོ།

གསར་དུ་དབུ་ཚུགས་པའི་གཞི་རིང་དགོན་པའི་བྱམས་བརྩེ་སློབ་གླིང་དབུ་ཚུགས་མཛད་སྒོ་ལ་དཔལ་རྔ་ཡུལ་རྟོགས་ལྡན་དགོན་ཆེན་གྱི་༧ཁྲི་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་རིན་པོ་ཆེ་དང་། ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ། ཉག་སྤྲུལ་བསོད་ནམས་རྒྱ་མཚོ། སྡེ་དགེ་ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད། ཉག་རོང་ཡེ་ཤེས་དགོན་པའི་སེང་སྤྲུལ་རིག་འཛིན་ཉི་མ། ཤར་རྫ་རི་ཁྲོད་མཁན་པོ་རིག་འཛིན་དབང་རྒྱལ། བོད་ལྗོངས་ཉིང་ཁྲི་སྐུ་ཤུག་དགོན་པའི་ཨ་གྲགས་ཤེས་རབ་དཔལ་ཆེན། བྲག་འགོ་བོན་བན་རིས་མེད་ཀྱི་དབུ་བླ་བླ་མ་འཇམ་དཔལ། ཨ་ལགས་ནམ་མཁའ། རྟོགས་ལྡན་དགོན་པའི་རག་རྡིས་སྤྲུལ་སྐུ། གཞི་རིང་དགོན་པའི་གཡང་སྟོན་སྤྲུལ་སྐུ་དགེ་ལེགས། བྲག་འགོ་གཏོ་དགོན་ནམ་རྒྱལ་རོང་དགོན་པའི་སྤྲུལ་སྐུ་འཆི་མེད་གཡུང་དྲུང་།  རྒྱལ་རོང་བསྟན་པའི་རྒྱལ་མཚན་སྤྲུལ་སྐུ། ཟིང་ཆུ་ཁོག་གི་སྐུ་ཚབ་རིན་སྤུངས་ཚུལ་བསྟན། དེ་བཞིན་རྒྱ་ནག་པེ་ཅིང་། ཐན་ཝན། ཁྲེན་ཏུའུ་སོགས་ནས་ཕེབས་པའི་རྒྱ་རིགས་མི་སྣ། དེ་བཞིན་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བླ་སྤྲུལ་མཁན་པོ་གྲྭ་བཙུན་དགེ་མ་སོགས་བཅུ་ཕྲག་དུ་མ་དང་། ཕྱོགས་སོ་སོ་ནས་ཕེབས་པའི་མི་དམངས་བརྒྱ་ཕྲག་རེ་གཉིས་སོགས་ལྷན་འཛོམས་ངང་ནས་བྱམས་བརྩེ་སློབ་གླིང་དེ་ཉིད་ཀྱི་མཛད་སྒོ་སྤེལ་བ་རེད།


སློབ་གླིང་གི་གླིང་གཙོའམ་གཙོ་འགན་པ་མཁན་པོ་ཚེ་རིང་ནོར་བུ་ལགས་ནས་སློབ་གླིང་ངོ་སྤྲོད་སོགས་གནང་བཞིན་པ།

མཛད་སྒོར་དངོས་ཕེབས་ཀྱི་བླ་སྤྲུལ་རྣམ་པ།

མི་དམངས་རྣམས་ཀྱི་བླ་སྤྲུལ་རྣམ་པ་མཇལ་ཁ་ཞུ་བཞིན་པ།


བོད་ཀྱི་རྡུང་ལེན་པ་གྲགས་ཅན་རྔ་བའི་ཁུ་བྱུག་ཏུ་གྲགས་པའི་གྲགས་བྷེ་ནས་བཀྲ་ཤིས་རྟེན་འབྲེལ་གྱི་རྡུང་ལེན་འབུལ་བཞིན་པ།




བྲག་འགོ་རྫོང་གི་སྒྱུ་རྩལ་ཚོགས་པའི་གླུ་གར་བྲོ་དབྱངས་ཀྱི་འཁྲབ་སྟོན་གནང་བ།

༢༠༡༡་༩་༡ཉིན་སླར་ཡང་ཕྱོགས་སོ་སོ་ནས་ཕེབས་པའི་བླ་སྤྲུལ་རྣམས་ཀྱིས་གྲྭ་བཙུན་དགེ་མ། དམངས་ཚོགས་བཅས་ལ་བཀའ་སློབ་སོགས་གནང་བ་རེད།


མཛད་སྒོ་སྟེང་དངོས་སུ་ཕེབས་པའི་མི་སྣ་དག་ལྷན་འཛོམས་ཀྱི་དྲན་རྟེན་གྱི་འདྲ་པར་བླངས་པ།


སློབ་མ་ཚོས་ཟ་མ་ལེན་བཞིན་པ།

སློབ་ཁྲིད་ལ་ཉན་བཞིན་པ།

དགེ་རྒན་ནས་སློབ་ཁྲིད་གནང་བཞིན་པ།

སློབ་སྦྱོང་ལ་བྲེལ་བཞིན་པ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག