ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ངག་དབང་རྒྱ་མཚོའི་རིག་གཞུང་འཆད་ཁྲིད།༼སངས་རྒྱས་ཆོས་ལུགས་དང་བོན་ཆོས་བར་གྱི་འབྲེལ་བ།༽
ངག་དབང་རྒྱ་མཚོའི་རིག་གཞུང་འཆད་ཁྲིད།༼སངས་རྒྱས་ཆོས་ལུགས་དང་བོན་ཆོས་བར་གྱི་འབྲེལ་བ།༽
[རྩོམ་གྱི་ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།] [རྩོམ་པ་པོ། སྦྱིན་པ།] [ཟླ་ཚེས། 12-06-18] [ཀློག་གྲངས། ]


བོན་གྱི་ཞིབ་འཇུག་མཁན་འབུམ་རམས་པ་ངག་དབང་རྒྱ་མཚོ།

    སྤྱི་ལོ་༢༠༡༢ལོའི་ཟླ་༦པའི་ཚེས་༡༤ཉིན་གྱི་དགོང་མོའི་ཆུ་ཚོད་༧དང་སྐར་མ་༣༠ཐོག་ཏུ་སྣ་འཛོམས་ཐོག་ཁང་གི་སློབ་ཁང་༤༠༡་གི་ནང་དུ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས་གོ་སྒྲིག་ཞུས་ནས། ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ངག་དབང་རྒྱ་མཚོས་ཁ་བྱང་དུ་སངས་རྒྱས་ཆོས་ལུགས་དང་བོན་ཆོས་བར་གྱི་འབྲེལ་བ་ཞེས་པའི་རིག་གཞུང་འཆད་ཁྲིད་ཅིག་གནང་།

    ཐེངས་འདིའི་མདོ་འཛིན་པ་སློབ་གླིང་གི་སློབ་མ་ཚོགས་པའི་གཙོ་འཛིན་རྒན་རྟ་མགྲིན་ཚེ་རིང་གིས་གསུང་རྒྱུར་རང་རེའི་སྡེ་ཁག་གིས་གོང་རིམ་དུ་ཡར་ཞུ་བྱས་པ་བརྒྱུད་དེ། བོད་ཀྱི་རིག་གནས་དུས་ཆེན་ཞེས་པར་གོང་རིམ་གྱིས་ཆོག་མཆན་ཐོབ་ཡོད་པ་དང་དུས་ཆེན་དེའི་སྐབས་སུ་བོད་ཀྱི་རིག་གནས་དང་འབྲེལ་བའི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་དྲིལ་སྒྲགས་སོགས་བྱེད་ཆོག་པའི་ཆོག་མཆན་ཐོབ་ཡོད་པར་བརྟེན། སྐབས་དང་པོའི་བྱེད་སྒོ་དེའི་ནང་གི་འཆད་ཁྲིད་ཐོག་མ་དེ་འདི་ཡིན་ཚུལ་སོགས་གསུང་པ་དང་འབྲེལ་ངག་དབང་རྒྱ་མཚོའི་ངོ་སྤྲོད་མཚམས་སྦྱོར་མདོར་བསྡུས་ཤིག་གནང་སོང་།

    འཆད་ཁྲིད་གསན་པར་རྒན་ཨ་རྡོར་སོགས་དགེ་སློབ་སློབ་ཁང་ནང་དུ་ཤོང་དཀའ་བ་ཞིག་ཕེབས་གནང་ཡོད་ཅིང་།འཆད་ཁྲིད་ཀྱི་ནང་དོན་གཙོ་བོར་བོན་བསྟན་བྱུང་འཕེལ་གྱི་ལོ་རྒྱུས་མདོར་བསྡུས་གཞི་རྩར་བཟུང་སྟེ་བོན་པོའི་བསྟན་བཅོས་དང་སྲོལ་རྒྱུན་གྱི་ཐོག་ནས་བོན་པོའི་ལོ་རྒྱུས་ཇི་ལྟར་བཤད་ཀྱི་ཡོད་མེད་དང་སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆ་ལས་དེའི་སྐོར་ལ་ཇི་ལྟར་བཤད་ཀྱི་ཡོད་མེད། ཕྱི་རྒྱལ་དང་ནང་རྒྱལ་གྱི་མཁས་པ་རྣམས་ཀྱིས་ཇི་ལྟར་བཤད་ཀྱི་ཡོད་མེད། ཁོང་རང་ཉིད་ཀྱི་ལྟ་བ་བཅས་བཞིའི་སྒོ་ནས་བཤད་པ་དང་ལྷག་པར་དུ་ནང་པ་སངས་རྒྱས་པ་དང་བོན་པོ་གཉིས་ཀྱི་སྐྱབས་འགྲོ་དང་ལྟ་བ་ཕན་ཚུན་བར་གྱི་འབྲེལ་བ་བཅས་ཀྱི་ཐད་ནས་ཁ་གསལ་ཞིང་གོ་བདེ་བ་ནང་དོན་ཕུན་སུམ་ཚོགས་པའི་འཆད་ཁྲིད་ཅིག་གནང་སོང་།
མཇུག་ཏུ་སློམ་མ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་དྲིས་པའི་དྲི་བ་དེ་དག་ལ་ལན་ཞིབ་རྒྱས་གནང་པ་དང་རྒན་རྟ་མགྲིན་ཚེ་རིང་གིས་མཇུག་བསྡོམས་གཏམ་བཤད་གནང་སྟེ་ལེགས་པར་མཇུག་བསྡུས། །

སྐུ་ཉིད་ཀྱིས་འཆད་ཁྲིད་འདི་གསན་པར་འདོད་ན་དྲ་གནས་འདིར་གནོན་རོགས།
http://www.songtaste.com/song/3080043/

གསར་འགོད་པ་སྦྱིན་པ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག