‹‹123››
#21རྒྱབ་སྐྱོར་བྱེད།(0)ངོ་རྒོལ་བྱེད།(0) Guest@09-12 09:32

གདུང་དྲུག་སྲིད་པའི་རིགས་ལས་འཁྲུངས་པའི་བཤེས། རྩལ་དྲུག་གཤོག་རྫོགས་རིག་པའི་ཁྱུང་ཆེན་གྱིས། རིགས་དྲུག་འགྲོ་རྣམས་ཐར་པར་འདྲེན་པའི་ཕྱིར། ལྡེམ་དྲུག་གསུང་གི་སྟོན་པའི་མེ་ཆེན་སྤར། ལ་སྟོད་མིང་ཅན་གྱིས་དྲན་ཤར་དུ་བྲིས་ཏེ་ཕུལ། གོང་དུ་བསམ་ཚུལ་མང་ཙམ་ཞིག་བྲིས་ཀྱང་གློག་ཀླད་གློག་འཁྱུག་འདྲ་བའི་མགྱོགས་སྐྱོན་དང་དྲན་རྟོག་བརྟན་པ་མེད་པའི་ལ་ཁའི་བྱ་སྒྲོ་འདྲ་བས་རྐྱེན་བྱས་ཏེ་མི་མངོན་པའི་དབྱིངས་སུ་རྒྱས་བཏབས་ཚར་འདུག་པར་རྟེན་སླར་འབྲི་བྱེད་རྒྱུར་ཡིད་ཆད་ཀྱིས་ཕུལ་ཐུབ་མ་སོང། གང་ལྟར་བཤེས་གཉེན་ཁྱེད་ཀྱིས་དེ་ལྟའི་ཕྱག་ལས་བཟང་པོ་གནང་བ་དེ་ལ་དགའ་མགུའི་མངགས་བརྗོད་དང་རྗེས་ཡི་རངས་པའི་སྒོ་ནས་དགོངས་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་བདེ་ལེགས་ཁ་གཡང་གི་འཚམ་འདྲི་ཞུ།

#20རྒྱབ་སྐྱོར་བྱེད།(2)ངོ་རྒོལ་བྱེད།(0) Guest@09-11 17:23

ལས་དོན་ལེགས་གྲུབ་ཡོངས་བའི་བཀྲ་ཤིས་བདེ་ལེགས་ཞུ།།         གཡག་རྒོད་རོག་པོ་ནས།

#18རྒྱབ་སྐྱོར་བྱེད།(0)ངོ་རྒོལ་བྱེད།(0) Guest@09-03 00:41

བཀྲ་ཤིས་བདེ་ལེགས་ཡང་ཡང་ཞུ།རྒྱལ་གར་བ་དོལ་པོ་ནས་ཕུལ།

#17རྒྱབ་སྐྱོར་བྱེད།(0)ངོ་རྒོལ་བྱེད།(1) Guest@09-03 00:37

དབྲ་ཁྱུང་ལགས་ཀྱི་དགོངས་བཞེད་གང་ཡོད་བསམས་དོན་ལྷུན་གྱི་གྲུབ་པའི་བཀྲ་ཤིས་རེ་ཁ་ནམ་ཡང་འབོད།།བལ་ཡུལ་ཚེ་རིང་ནས་ཕུལ།

#16རྒྱབ་སྐྱོར་བྱེད།(0)ངོ་རྒོལ་བྱེད།(0) Guest@09-02 22:58

རབ་འབྱམས་གཞུང་ལུགས་སྨྲ་བ་དགེ་བའི་བཤེས་གཉེན་ཆེན་པོ་དབྲ་ཁྱུང་སྐལ་བཟང་ནོར་བུའི་ཁྱུང་སེར་སྒང་རུ་དར་རྒྱས་དགོན་པ་གསར་བཞེངས་མཛད་པ་ངོ་མ་བཀའ་དྲིན་ཤིན་ཏུ་རྠྠྗེས་སུ་ཡི་རང་དང་བཅས་     སྐྱང་ཁ་མ་ཚང་ནས་

#15རྒྱབ་སྐྱོར་བྱེད།(0)ངོ་རྒོལ་བྱེད།(0) Guest@09-01 22:46

ཧི་བོན་ཚང་གི་གཙོ་འཛིན་པ་ཡོངས་ལ། ཆེད་ཞུ། ཧི་བོན་དྲ་བ་དེ་བོན་གྱི་དྲ་རྒྱ་ཁྱབ་ཆེ་ཤོས་སུ་གྱུར་མྱོང་ལ། མང་པོ་ཞིག་གིས་བོན་གྱི་སྐོར་ལ་དོ་སྣང་སྤྲོད་སའི་གླེང་སྟེགས་ཞིག་ཏུའང་བརྩི་མྱོང་། ཟླ་བ་དུ་མའི་རིང་དྲ་ངོས་སུ་ཉིན་དང་ཡང་ན་བདུན་རེའི་ནང་དུ་གསལ་འགྱུར་དང་རྩོམ་ཡིག་གསར་བ་རེ་སྤྱི་ཚོགས་ཀྱི་མདུན་དུ་སྤུངས་མྱོང་། སྤྱིར་ལྷན་རྒྱས་ཚོར་ཐུགས་བྲེལ་ཡོད་པ་སྨྲོས་མེད་རེད། ཡིན་ན་ཡང་། མགོ་སྟག་དང་མཇུག་མ་ཝ་ལྟ་བུ་ཞིག་མི་བྱེད་རྒྱུ་ངའི་རེ་བ་ཡིན། གཤེན་ཀོ་ལྷམ་སུག་དམར་གྱིས། །

#13རྒྱབ་སྐྱོར་བྱེད།(0)ངོ་རྒོལ་བྱེད།(0) Guest@08-31 15:04

དབྲ་ཁྱུང་མཁན་པོ་ལགས་བཀྲ་ཤིས་ཞུ། བདེ་ལེགས་ཞུ།

#12རྒྱབ་སྐྱོར་བྱེད།(1)ངོ་རྒོལ་བྱེད།(0) Guest@08-29 10:57

སེམས་སྟེང་ནས་བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་ཆེ་ཞུ། 


   ཁྲི་ཤར་བསོད་ནམས་ཚེ་རིང་ནས་བཀྲ་ཤིས་རྟེན་འབྲེལ་ཤིས་ཚིག་ཏུ།

#11རྒྱབ་སྐྱོར་བྱེད།(0)ངོ་རྒོལ་བྱེད།(0) Guest@08-27 20:58

བཀའ་དྲིན་ཆེ་རྣམ་རྒྱལ་ནས་

#9རྒྱབ་སྐྱོར་བྱེད།(0)ངོ་རྒོལ་བྱེད།(0) Guest@08-27 13:56

མཆན་བཞི་པ་ལགས། དགོན་གསར་འདི་ས་གནས་ཁྱུང་པོ་སྟེང་ཆེན་རྗོང་ཁོངས་སུ་ཡོད་པ་རེད། ཁྱུང་དཀར་ནག་སེར་གསུམ་གྱི་མངའ་འབངས་སུ་དེང་སྐབས་བོན་དགོན་བཞི་བཅུ་མ་ཟིན་ཙམ་བསྐྱར་གསོ་བྱས་ཟིན་ཡོད་འདུག ཧོར་ཁྱུང་གཉིས་ལ་འདི་འདྲའི་བོན་གྱི་དགོན་པ་ལྔ་བཅུ་ལྷག་ཡོད་ཅིང་། དགོན་པ་མང་པོའི་ནང་བཤད་གྲྭ་དང་སྒྲུབ་གྲྭ་ཡང་བཙུག་ཡོད་འདུག དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་ཚང་ནི་བོན་བསྟན་འཛིན་པའི་སྐྱེས་བུ་འཇོན་ཐང་ཅན་ཞིག་ཡིན། སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པའི་སྨོན་ལམ་ཞུ།། །།

‹‹123››