1
#7རྒྱབ་སྐྱོར་བྱེད།(4)ངོ་རྒོལ་བྱེད།(3) Guest@09-29 10:58

རྒྱལ་ཚབ་རིན་པོ་ཆེའི་ལོ་རྒྱུས་དེ་རྒྱ་ཡིག་གི་དོན་གཟིགས་འདོད་ཡོད་ན་དྲ་གནས་འདི་ལ་གཟིགས་རོགས། 
夏匝佛学院法台吉麦翁许仁波切简介
http://blog.sina.com.cn/s/blog_626815c3010185ux.html

#6རྒྱབ་སྐྱོར་བྱེད།(4)ངོ་རྒོལ་བྱེད།(0) Guest@04-05 11:08

ཨེ་མ་ཧོ། སྐྱེ་མེད་སྤྲོས་བྲལ་གདོད་མའི་ཀུན་ཏུ་བཟང་། །འགག་མེད་ལྷུན་གྲུབ་རོལ་རྩལ་ལོངས་སྤྱོད་རྫོགས། །
དབྱེར་མེད་རང་ཤར་ཀུན་མཁྱེན་གདུད་སོབ་རྗེ། །གང་གི་རྣམ་རོལ་ཁྱེད་ལ་གསོལ་བ་འདེབས། །
མི་འཇིགས༵་གདོང་ལྔས་བཏེགས་པའི་གཡུང་དྲུང་ཁྲིར། །དྲི་མེད༵་མཚན་དཔེའི་གཟི་བྱིན་རྟགས་བརྟན་ནས། །
བཤད་སྒྲུབ་བསྟན་པའི་འཁོར་ལོར་དབང༵་བསྒྱུར་ཞིང་།།འགྲོ་ཀུན་སྨིན་གྲོལ་དཔལ་གྱིས་ཕྱུག༵་མཛད་གསོལ།

#5རྒྱབ་སྐྱོར་བྱེད།(1)ངོ་རྒོལ་བྱེད།(0) Guest@03-10 21:08

བསྟན་འཛིན་གྱི་སྐྱེས་བུ་བྱ་བ་འདི་འདྲ་ཞིག་ལ་ལོས་ཟེར་སྙམ་པའི་གུས་འདུན་ཚད་མེད་བཅས་སྐུ་ཚེ་ཡུན་གནས་དང་ཐུགས་བཞེད་གེགས་མེད་འགྲུབ་པའི་གསོལ་འདེབས་ཡང་ཡང་ཞུ།   སྤྲུལ་མིང་འཛིན་པ་རྒོད་གླིང་ནས།

#4རྒྱབ་སྐྱོར་བྱེད།(1)ངོ་རྒོལ་བྱེད།(0) Guest@02-21 14:54

༧   རིག་བརྒྱའི་བདག་ཉིད་ཆེན་པོ་ཀུན་མཁྱེན་ཤར་རྫ་པའི་རྒ྅ྱལ་ཚབ་རིན་པོ་ཆེ་འཇིགས་མེད་དབང་ཕྱུག་གཙོས་པའི་དེར་བཞུགས་གི་མཆེད་གྲོགས་ཡོངས་ལ་གནམ་ལོ་གསར་ཚེས་ལ་བཀྲིས་བདེ་ལེགས་ཞུ་ཞུ་ཞུ།།།                                                                                                         ཁྲ་དཔལ་བཟང་ནས།།

#3རྒྱབ་སྐྱོར་བྱེད།(0)ངོ་རྒོལ་བྱེད།(1) Guest@02-18 22:30

༧  ཁྱེད་སྐུ་རྟ་བདུན་དབང་པོའི་གཟི་འོད་འཕྲོ། བདག་སོགས་བུ་སློབ་གཙུག་ཏུ་རྟག་འཆར་ནས། རྫོགས་ཆེན་བསྟན་པའི་མངའ་བདག་འཇའ་ལུས་པའི། ཟབ་དོན་གསུང་གི་སྙིང་པོ་བདྪྩལ་དུ་གསོལ།  མི་འཇིགས་གདོང་ལྔའི་ཁྲི་ལ་རྟག་གཞུགས་ནས། གདུལ་བྱ་སྨིན་གྲོལ་ལམ་ལ་འགོད་པ་དང། བར་ཆོད་མེད་ཅིང་བསམས་དོན་ལྷུན་གྲུབ་ནས། མཐར་ཐུགས་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས།།                                                            ཞེས་ཁྲ་དཔལ་བཟང་ནས་དད་འདུན་དང་བཅས།།

#2རྒྱབ་སྐྱོར་བྱེད།(1)ངོ་རྒོལ་བྱེད།(1) Guest@01-07 20:25

རྒྱལ་ཚབ་རིན་པོ་ཆེ་ལ་སྐྱབས་སུ་འཚལ་།། ཁྲ་རྒན་སྐལ་བཟང་ནས།

#1རྒྱབ་སྐྱོར་བྱེད།(3)ངོ་རྒོལ་བྱེད།(1) Guest@01-06 00:53

རང་ལོ་བཅུ་གསུམ་ཐོག་རེབ་གོང་བོན་བརྒྱ་སྨན་རི་དགོན་དུ་ཡོད་སྐབས། རྒྱལ་ཚབ་འཇིགས་མེད་དབང་ཕྱུག་རིན་པོ་ཆེ་དེར་བཞུགས་འདུག་ལ། སྐབས་དེར་ཡོངས་གྲགས་སུ་ཁོང་གི་མཚན་ལ་ཨ་འཇིགས་ཞེས་འབོད། ཁོང་ཉིད་དགོན་པའི་གྲྭ་བ་དང་ཡུལ་མི་ཀུན་གྱིས་ཆེས་བསྟོད་པར་འོས་པའི་བླ་མའི་གྲས་སུ་བརྩི་བཞིན་འདུག ཡིན་ན་ཡང་རིན་པོ་ཆེ་ཁོང་ཉིད་གྲྭ་བ་ཉམ་ཆུང་ཞིག་གི་བཟོ་ལས་གཞན་ཅི་ཡང་མི་སྟོན། རིན་པོ་ཆེའི་བཞུགས་གནས་ནི་དགོན་པའི་རྒྱབ་ངོས་ཀྱི་བྲག་སྲུབ་ཏུ་ཡོད་པའི་དབེན་གནས་ཁང་ཆུང་ཆུང་དེ་རེད། རྟག་ཏུ་དཔལ་ལྡན་རྩ་བའི་བླ་མ་བོན་བརྒྱ་ཚང་གི་སྐུ་མདུན་དུ་དཔེ་ཆ་སྣ་རིང་རེ་བསྣམས་ཏེ་ཡང་ཡང་ཕེབས་པ་མཇལ་ཙམ་ལས། རང་ཉིད་ལོ་ན་ཆུང་བའི་རྐྱེན་ཡིན་ནམ་གང་ལྟར་གསུང་ཁྲིད་གང་ཞིག་ཞུ་བཞིན་པའི་སྐོར་ལ་ཆ་རྒྱུས་གང་ཡང་ལོན་མི་འདུག རིམ་གྱིས་ཁོང་ཉིད་ཀུན་མཁྱེན་འཇའ་ལུས་པ་ཆེན་པོའི་རྒྱལ་ཚབ་ཏུ་མངའ་གསོལ་བའི་གཏམ་བཟང་ཐོས་པས་དད་པའི་འདབ་བརྒྱ་དབང་མེད་དུ་གཡོ་བར་བྱས། ༸ཆུང་ནས་རིགས་ཀྱི་སྣང་བ་སད་ན་ཡང། སྤྱི་མཐུན་བྱིས་པ་ལྟ་བུའི་གོ་རིམ་ཁྲོད། སློབ་སྦྱོང་རིམ་གྱིས་གནང་བའི་མཛད་འཕྲིན་ཅན། ཨ་འཇིགས་ཅེས་པའི་ཐ་སྙད་ཡོངས་སུ་གྲགས། ༸མཁས་གྲུབ་དུ་མའི་ཞབས་ཟུང་ནོར་བུའི་གདུགས། དད་གསུམ་ཡུ་བས་མཁའ་རུ་བསྒྲེངས་བྱས་ཏེ། །བརྩོན་འགྲུས་གོ་ཆ་བརྟན་པོ་མ་ལྷོད་པར། །རླབས་ཆེན་སྐྱེས་བུའི་མཚན་འཆངས་འཇིགས་མེད་རྗེ། །གང་སྐུ་ཉི་མ་འོད་ལྡན་གཟི་འཕགས་པོ། བདག་ཅག་བོན་འབངས་གཙུག་ཏུ་རྟག་འཆར་ཏེ། །སྒྲུབ་རྒྱུད་བསྟན་པའི་མངའ་བདག་འཇའ་ལུས་པའི། ཟབ་དོན་གསུང་གི་འོད་སྣང་བསྩལ་དུ་གསོལ། །རིན་པོ་ཆེའི་མཆེད་གྲོགས་བྱ་འཕུར་དགེ་མིང་ཙམ་འཛིན་པས་སྙིང་ནས་གུས་འདུད་དང་བཅས།

1