1
#4རྒྱབ་སྐྱོར་བྱེད།(4)ངོ་རྒོལ་བྱེད།(2) Guest@07-25 11:28

ནག་རུ། གསེར་རུ། དཀར་རུ་སོགས་དམ་པ་ཁྱུང་གི་གདུང་རབས་འཛིན་པའི་སྐྱེས་བུ་རྣམས་ལ་ཡིད་རངས་ཞུ། ཡོངས་འཛིན་རིན་པོ་ཆེས་ཁ་བསྐངས་བ་དེ་འདིར་བཀོད་རོགས་གནང་། གསེར་སྒམ་མ་ཟེར་བ་འདིའི་མ་དཔེ་དངོས་གནས་དཔེ་རྙིང་དེ་མ་མཐོང་བར་དུ་ཡིད་ཆེས་བྱེད་དཀའ་བ་མང་པོ་ཞིག་ཡོང་གི་འདུག འདི་ལ་རྙིང་ཉམས་ཞེ་དྲག་མི་འདུག ཁོ་བོའི་ལག་ཏུ་གློག་ཀླད་དུ་སྒྲིག་པ་ཞིག་སོན་ཡང་བཅོས་སྒྱུར་མཁན་པོས་སྣོན་ཕྲི་བྱས་མེད་དམ་སྙམ་པ་མང་པོ་འདུག

#3རྒྱབ་སྐྱོར་བྱེད།(2)ངོ་རྒོལ་བྱེད།(0) Guest@07-24 19:06

གལ་སྲིད་ཁྱེད་ཚོས་སུ་ཞིག་ལ་ག་རེ་བརྗོད་འདོད་ན་སྐྱེས་པ་ཕོ་ཞིག་ཡིན་པའི་ཆ་ནས་རང་མིང་དངོས་སུ་བཀོལ་ནས་སྐད་ཆ་བཤད་རོགས།  གོང་འཁོད་རྩོམ་མཁོ་སྤྲོད་གནང་མཁན་དང་འགོ་བརྗོད་ཀྱི་གསལ་བཤད་དེ་འབྲི་མཁན་ཡང་ང་སྤུ་བླ་གཡུང་དྲུང་སྐལ་བཟང་ཡིན།   ཁྱེད་ཚོས་དངོས་མིང་བཀོལ་ནས་བཤད་ཚེ་ངས་ཀྱང་དེ་ལ་དཔག་པའི་ལན་འདེབས་བྱ་རྒྱུ་ཡིན།  དེ་མིན་དེ་སྔོན་ཁྱེད་ཚོ་འདྲ་བའི་མི་ངན་ཁག་གཅིག་གིས་མིང་རྫུན་གྱི་འོག་ནས་༸སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་པ་ནས་བཟུང་རབ་དང་རིམ་པས་ར་དང་བོན་པོས་རོགས་ལ་སྡང་ཞེས་པ་ལྟར་ཟུར་ཟ་དང་སྐྱོན་བརྗོད་བྱ་མྱོང་ཡོད་པས་ངས་ཁྱི་སྐྱག་ཞིག་གི་རིན་ཐང་བརྩི་འདོད་མེད།   ཨ་མའི་བུའི་གླེང་མོལ་བྱ་འདོད་ཡོད་ན་གཤམ་གྱི་དྲ་བྱང་བརྒྱུད་དེ་ཕེབས་ཤོག་དང་ངས་དགའ་བསུ་ཞུའོ།  ཞེས་སྤུ་བླ་བས། http://blog.himalayabon.com/u/yungdrun/archives/2012/2525.html

#2རྒྱབ་སྐྱོར་བྱེད།(4)ངོ་རྒོལ་བྱེད།(2) Guest@07-24 04:56

དེང་དུས་དཔྱད་རྩོམ་རྣམས་ཀྱི་འགྲོ་ལུགས་སུ་སྔོན་མའི་བཤད་སྲོལ་ལྟར་གྱི་ངོ་འཚར་གྱི་རྟགས་དུ་མ་དང་བཅས་ཏེ་གཤེགས་སོ་ཟེར་བ་ལྟ་བུར་ཆ་འཛིན་བྱེད་ཐུབ་ཀྱི་མེད། ངོ་འཚར་གྱི་རྟགས་དུ་མ་དང་བཅས་ཏེ་གཤེགས་སོ། ཟེར་ན། དེང་དུས་དང་དངོས་ཡོད་ལྟར་བཤད་ན། ངོ་འཚར་གྱི་རྟགས་ག་རེ་བྱུང་བ་རེད། ག་དུས་བྱུང་བ་རེད། སུས་མཐོང་བ་རེད། དཔང་རྟགས་ག་རེ་ཡོད་པ། དཔང་རྟགས་དེ་ཡང་བདེན་པ་ཡིན་ཁུང་བསྐྱེལ་ག་རེ་ཡོད་མེད་བཅས་ཆ་ཚང་ན་གཞི་ནས་དཔྱད་རྩོམ་གྲས་སུ་ཚུད་ཀྱི་རེད། དེ་མིན་དེ་སྔོན་བོད་བླ་མའི་རྣམ་ཐར་དང་ལོ་རྒྱུས་ལྟར་དང་པོ་སྦྱོང་མ་དགོས་རང་བརྡོལ་མཁྱེན་པ། དེ་ནས་ངོ་འཚར་གྱི་རྟགས་དུ་མ་བཅས་ཏེ་གཤེགས་སོ་ཟེར་ན་དེ་ནི་དད་པའི་རྗེས་འབྲངས་ཙམ་ལས་དོན་དངོས་ཀྱི་ལོ་རྒྱུས་ཀྱི་དཔང་རྟགས་སུ་ངོས་འཛིན་ཁག་པོ་རེད།

#1རྒྱབ་སྐྱོར་བྱེད།(0)ངོ་རྒོལ་བྱེད།(6) Guest@07-24 04:47

སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དང་། འགྲོ་བ་ལ་ཕན་ཐོག་ན་ཁྱུང་གི་གདུང་སུ་ལ་ངོས་འཛིན་བྱས་ན་ཁྱད་པར་མེད། ཁྱུང་གི་གདུང་འཛིན་སུ་ཡིན་ལ་རྩད་དགོས་དོན་མེད། སུ་ཡིན་ན་ཡིན་སུ་ཆུག  བསྟན་འགྲོར་ཕན་མ་ཐོག་ན་འགྲོ་བ་ཡོད་ཚད་ཁྱུང་གི་གདུང་འཛིན་ཡིན་ན་ཆེ་རྒྱུ་ཅི་ཡོད། མདོར་ན་ཁྱུང་གི་གདུང་ཡིན་མིན་ལ་མ་ལྟོས་པར་བོན་པོའི་བླ་མ་ཞྀག་གི་ངོ་བོར་བྱས་ཏེ་རང་ཁེའི་ལྟོ་གོས་གཏམ་གསུམ་བཙལ་མཁན་ཞིག་མ་ཡིན་པར་བསྟན་འགྲོར་ཕྱག་ལས་གནང་མཁན་ཞྀག་ཡིན་ཚེ་ཁྱུང་གི་གདུང་འཛིན་དང་བསྟན་འཛིན་སྐྱེས་ཆེན་ཞིག་ལ་ངོས་འཛིན་བྱས་ན་མི་འགྲིགས་པ་མེད། དཔེར་ན་དེང་དུས་ཀྱི་སྤྲུལ་སྐུ་ངོས་འཛིན་བྱས་པ་བཞིན་ནོ། སྐུ་ཐོག་གོང་མའི་ཡང་སྲིད་དངོས་ཡིན་མིན་ལ་མ་ལྟོས་པར་ངོས་འཛིན་བྱས་པ་བཞྀན་ནོ། རྒྱུ་མཚཉ་ནི་སྐུ་ཐོག་རྣམ་ཤེས་མཐོང་མི་ཞིག་དེང་སང་ས་སྟེང་འདིར་བཞཱུགས་ཡོད་པ་གྱ་ཚོམ་གྱི་གནས་སུ་གྱུར་ཡོད། ཁྱུང་གི་གདུང་འཛིན་ང་ཡིན་ཁོ་ཡིན་རྩོད་དགོས་མ་རེད། སེམས་རྒྱ་ཕུ་ཐུང་གི་ཁ ཙམ་ལས་མེད་པ་དེ་འདྲ་བྱེད་ཉན་མ་རེད། ཁྱུང་གི་གདུང་འཛིན་མ་རེད་ཟེར་ནས་ཁ་མཆུ་སློང་མཁན་དེ་འདྲ་སུ་ཡོ་དམ་རེད། ཁྱུང་གི་གདུང་འཛིན་སུ་ཡིན་ཟེར་དེ་ལ་ངོས་འཛིན་བྱེད་རྒྱུ་རེད། དཔར་ན་དེང་དུས་རག་ཞིག་གསར་དུ་ཐོན་པ་ལྟ་བུའོ།

1