1
#10རྒྱབ་སྐྱོར་བྱེད།(3)ངོ་རྒོལ་བྱེད།(0) Guest@12-02 19:14

མཁས་གྲུབ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་ཞབས་ལ་འདུད

#9རྒྱབ་སྐྱོར་བྱེད།(1)ངོ་རྒོལ་བྱེད།(0) Guest@10-07 18:16

བླ་མ་རིན་པོ་ཆེ་མཆོག་དང་དཔོན་སློབ་བསྟན་རྣམ་ཟུང་བོན་གྱི་མཁས་པའི་གཙུག་རྒྱན་དུ་འདུག་པས་དུས་དང་རྣམ་པ་ཀུན་ཏུ་སྐུ་ཚེ་ཡུན་ཏུ་བརྟན་པར་སྨོན་ཅིག   ཞེས་ཙོང་ཁའི་བུས་བྲིས།

#8རྒྱབ་སྐྱོར་བྱེད།(1)ངོ་རྒོལ་བྱེད།(0) Guest@08-01 16:28

http://blog.sina.com.cn/s/blog_626815c301010fn3.html
རྒྱ་ཡིག་ཏུ་བསྒྱུར་པའི་བོན་བརྒྱ་རིན་པོ་ཆེའི་རྣམ་ཐརམདོར་བསྡུ་བཞུགས་སོ།

#7རྒྱབ་སྐྱོར་བྱེད།(2)ངོ་རྒོལ་བྱེད།(0) Guest@07-29 13:47

བླ་མ་ལགས།  ཡུལ་གཞན་དུ་མ་ཕེབས་རོགས།   ཁྱེད་ནི་ང་ཚོའི་ཉམ་ཐག་གི་རྣམ་ཤེས་འདི་འདྲེན་མཁན་ཡིན་ལ།  བྱམས་དང་སྙིང་རྗེའི་བདག་པོ་ཡིན་པས།  སྐུ་ཚེ་བསྐལ་བརྒྱར་བརྟན་པར་སྨོན། 
                   ཁྲི་ཀའི་རྩོམ་མཆོག་ནས།

#6རྒྱབ་སྐྱོར་བྱེད།(4)ངོ་རྒོལ་བྱེད།(2) Guest@03-22 23:08

མཁས་གྲུབ་གཉིས་ལྡན་གྱི་བོན་བརྒྱ་རིན་པོ་ཆེའི་སྐུ་གསུངས་ཐུགས་ཀྱི་མཛད་པ་ལ་བར་ཆད་མེད་ཅིང་ཐུགས་དོན་ལྷུན་གྱིས་འགྲུབ་པའི་གསོལ་བ་འདེབས་རྒྱུ་ཡིན།  དབྲ་ཁྱུང་མཁྱེན་རབ་གྱིས་ནང་བསྟན་སློབ་གླིང་ནས།

#5རྒྱབ་སྐྱོར་བྱེད།(1)ངོ་རྒོལ་བྱེད།(0) Guest@03-15 17:11

བླ་མ་ལ་སྐྱབས་སུ་མཆིའོ།།   བླ་མ་ལ་ཕྱག་འཚལ་ལོ།།    འདི་ཕྱིའི་མགོན་པོ་བླ་མ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ལ་སྐྱབས་སུ་མཆིའོ།   འདི་ཕྱིའི་མགོན་པོ་བླ་མ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ལ་ཕྱག་འཚལ་ལོ།།   ཁྱེད་ཀྱི་སྐུ་ཚེ་མི་འགྱུར་རྡོ་རྗེ་དོན་གཉིས་མགོན་དུ་བཞུགས་པའི་གསོལ་བ་འདེབས།།     ལྔ་བརྒྱ་དུས་ཀྱི་ཐ་མ་རྩོད་ལྡན་ཞིང་འདིར་བདུད་སྲིན་ལོག་འདྲེན་སྡེ་ཚོགས་གནོད་པའི་ཁ་གནོན་དུ།   སྐུ་ཆེ་བའི་ཡོན་ཏན་དང་གསུང་མཛད་པའི་འཕྲིན་ལས་ཐམས་ཅད་རྣམ་པར་རྒྱལ་བ་མཛོད་ཅིག།  མངྒལཾ།།གུས་པ་ཁྱུང་གསས་ཀྱིས་འཕགས་ཡུལ་བྱང་རྒྱུད་ཀྱི་རི་སུལ་ཞིག་ནས་ཕུལ།།

#4རྒྱབ་སྐྱོར་བྱེད།(3)ངོ་རྒོལ་བྱེད།(3) Guest@12-13 12:42

༄༅་།། །།ཞྭ་དཀར་བསྟན་ལ་ལེགས་པའི་བློ་གྲོས་རྒྱས། རང་ལུགས་དྲི་མེད་མདོ་སྔགས་རྫོགས་པའི་སྡེ། འཛིན་སྐྱོང་སྤེལ་བའི་མཁས་དང་གྲུབ་པའི་དབང་། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་སྟེ། ༧ ལྷག་པར་འཛམ་གླིང་ཡུལ་གྲུའི་མཁས་པའི་དཀྱིལ། ཚད་ལྡན་ལུང་དང་རིགས་པ་བརྒྱ་ཕྲག་གིས། གཤེན་བསྟན་དྲི་མེད་སྒྲུབ་ལ་མི་ངལ་བ། བློ་གྲོས་སྤོབ་པ་རྒྱས་པའི་འཕྲིན་ལས་ཅན། ༧ ཁྱེད་ཀྱི་མཛད་འཕྲིན་དབྱར་མཚོའི་དཔལ་ལ་འགྲན། ཁོ་བོས་ཆུ་ཐིག་ཙམ་དུ་བསྟོད་པའི་མཐུས།  བསྟན་འགྲོའི་དོན་ཆེན་གེགས་མེད་འགྲུབ་པ་དང་། སྐུ་ཚེ་བསྐལ་བརྒྱར་བཞུགས་པར་གསོལ་བ་འདེབས། ཧོར་མྱོས་དགྱེས་བློས་ཕུལ།

#3རྒྱབ་སྐྱོར་བྱེད།(1)ངོ་རྒོལ་བྱེད།(0) Guest@09-23 10:02

བོན་རྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ལགས། ཁྱེད་ལ་གུས་འདུད་ཀྱིས་སྒོ་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བཞིན་པར་མ་ཟད། ཁྱེད་སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་བཞིན་ཡོད། ཁྱེད་ནི་སྙིགས་དུས་གཤེན་གྱི་བསྟན་པའི་གསལ་བྱེད་དམ་པ།ཁྱེད་ནི་ལྟ་ངན་ལོག་ཚོགས་བཅོམ་པའི་གངས་སེང། ཁྱེད་ནི་གཤེན་བསྟན་པདྨོ་བཞད་པའི་རྟ་བདུན།      ཁྱེད་ནི་རང་ལུགས་དྲི་མེད་སྐྱོངས་པའི་ཤིང་རྟ།      ཁྱེད་ནི་མཁས་དགུའི་གཙུག་ཏུ་བཀུར་བའི་མཁས་དགུའི་གཙུག་རྒྱན་དམ་པ་ཞིག་ཡིན་པས་ཁྱེད་ནས་བསྟན་དང་འགྲོ་ལ་ཕན་པའི་མདྷད་པ་བསམ་ལས་འདས་པར་བཞག་གནང་བར་རྗེས་སུ་ཡི་རངས་དང་གུས་འདུད་བླ་ན་མེད་པར་ཞུ་བཞིན་ཡོད། ཁྱེད་སྐུ་གསང་གསུམ་ནོར་བུའི་འོད་སྣང་ནམ་ཡང་འགག་པ་མེད་པར་རྟག་ཏུ་བརྟན་པའི་གསོལ་བ་འདེབས་བཞིན་བཅས། ནུབ་ཕྱོགས་འགྲིམས་པའི་བུ་ཆུང་ལ་སྟོད་བུ་ཡིས་བཀྲ་ཤིས་བདེ་ལེགས་དང་བཅས་ཏེ་ཕུལ།

#2རྒྱབ་སྐྱོར་བྱེད།(5)ངོ་རྒོལ་བྱེད།(7) Guest@07-22 10:26

ཁོང་ནི་ངེས་པ་དོན་གྱི་མཁས་པ་ཞིག་རེད། སྐུ་ཚེ་བརྟན་པར་ཤོག

#1རྒྱབ་སྐྱོར་བྱེད།(2)ངོ་རྒོལ་བྱེད།(0) Guest@07-11 21:01

མཁས་གྲུབ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་ཞབས་ལ་འདུད
པད་མ་ཆོས་གྲགས

1