ཧི་མ་ལ་ཡའི་དྲི་གཞོན།
རྒྱང་རིང་ཁ་བའི་རི་ཚོམས་འགྲིག་པའི་ཧི་མ་ལ་ཡའི་འདབས་རོལ་ནས། །
ཡུན་རིང་ངོ་མཚར་ལོ་རྒྱུས་ལྡན་པའི་གངས་ཅན་བོད་མིའི་ཕ་ནོར་ཆེ། །
དེ་རིང་སང་གི་དངོས་ཚན་རིག་པའི་འཛམ་གླིང་ཤེས་བྱའི་ལམ་ཡངས་སུ། །
རྒྱུན་རིང་མི་ནུབ་སྲིད་མཐའི་བར་དུ་གཡུང་དྲུང་བོན་བསྟན་རྒྱས་པར་སྨོན། །