གངས་ཅན་བོད་ཀྱི་ཕ་ཆོས་གཡུང་དྲུང་བོན། །
གངས་ཅན་པ་ཡི་དགེ་མཚན་འབུམ་ཕྲག་བཅས། །
གངས་ཅན་ལྷ་མིའི་དཔལ་ཡོན་ཡོད་དོ་ཅོག །
གངས་དཀར་ལྷུན་པོའི་ཆབ་རྒྱུན་དང་འགྲོགས་ཏེ། །
གངས་ཅན་ཧི་མ་ལ་ཡའི་དྲ་ཚིགས་འདིས། །
གང་སར་འཛམ་གླིང་ཡོངས་བསྒྲགས་ཨེ་མ་ཧོ། །
ལྷུན་གྲུབ་རྒྱལ་མཚན་ནས་ཕྷ་རན་རྒྱལ་ས་པེ་རིས་སེ་ནང་འཚམས་འདྲི་དང་བསྒྲགས་ཏེ་གུས་པས་ཕུལ།