ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ངེད་ཀྱི་སྐོར། >> ཁྱུང་སྨྱུག་མཛེས་ཀྱི་རྟེན་འབྲེལ་ཤིས་ཚིག
ཁྱུང་སྨྱུག་མཛེས་ཀྱི་རྟེན་འབྲེལ་ཤིས་ཚིག
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྱུང་སྨྱུག་མཛེས།] [ཟླ་ཚེས། 10-07-24] [ཀློག་གྲངས། ]

ཟབ་རྒྱས་གཤེན་བསྟན་དགོས་འབྱུང་བྱེ་བའི་གཏེར།།

འཛམ་གླིང་རྐྱེ་རྒུའི་དཔལ་དུ་ངོམ་པའི་འཕྲུལ།།

ཧི་མ་ལ་ཡ་བོན་གྱི་དྲ་ཚིགས་ཞེས།།

ཤེས་བྱའི་མེ་ཏོག་གསར་དུ་བཞད་འདི་རྨད།།

 

གོ་ལའི་ཁྱོན་གྱི་རིག་གཞུང་ཀླུང་བཞིའི་རྒྱུན།།

ཐོག་མའི་བྱེད་པོ་ལྷུན་པོ་ཏི་སེ་ཡི།།

ཡིད་འོང་གཟི་བྱིན་འཆར་བའི་མེ་ལོང་སྟེ།།

ཧི་བོན་དྲ་ཚིགས་འདི་ཀོ་ཨེ་མ་རྨད།།

 

ཁྱོད་ནི་ཡབ་མྱེས་བོན་གྱི་སྐད་གསང་སྒྲོག་པའི་གཡུ་འབྲུག་ཡིན།།

ཁྱོད་ནི་གངས་དཀར་རི་བོའི་ཞེ་འདུན་ཁུར་བའི་གཡག་རྒོད་ཡིན།།

ཁྱོད་ནི་སྔོན་ཐོན་གྲལ་དུ་མགྱོགས་ཀྱིས་བསྐྱོད་པའི་རྟ་མཆོག་ཡིན།།

ཁྱོད་ནི་ང་ཚོ་ཚང་མའི་ལས་དབང་བསྟོད་པའི་རླུང་རྟ་ཡིན།།


      ཞེས་ཀོ་རྒྱལ་བཤད་གྲྭ་ནས་ཁྱུང་སྨྱུག་མཛེས་ཀྱིས༼ཧི་མ་ལ་ཡའི་བོན༽གྱི་དྲ་ཚིགས་སྤེལ་བར་བཀྲ་ཤིས་ལེགས་སྨོན་དང་ལས་བྱེད་མི་སྣ་ཡོངས་ལ་ཁ་དགེའི་སྨོན་འདུན་ཞུ་ཞུ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག