ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ངེད་ཀྱི་སྐོར། >> ཀློག་པ་པོ་ཞིག་གིས་རེ་ཞུ།
ཀློག་པ་པོ་ཞིག་གིས་རེ་ཞུ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྩོམ་པ་པོ་སུ་ཡིན་མ་ཤེས།] [ཟླ་ཚེས། 10-09-06] [ཀློག་གྲངས། ]

རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་པོ་མཆོག་ལ་ཆེད་ཞུ། 

སྐུ་ཉིད་དང་ཕྱག་རོགས་མང་པོས་དཀའ་བ་བརྒྱ་ཕྲག་བསད་དེ་དུས་རབས་དང་མཐུན་པའི་བརྒྱུད་ལམ་ཧི་མ་ལ་ཡའི་དྲྭ་རྒྱ་བཟོ་བཀོད་གནང་བར་རྗེས་སུ་ཡིད་རངས་དང་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་། འོན་ཀྱང་གནམ་མིའི་གཏམ་དཔེ་ནང་བཞིན་ལྷ་དར་ས་ལ་བདུད་དར།ཞེས་པའི་དཔེ་ལྟར་ཁྱེད་རྣམ་པའི་ཐོག་མའི་དམིགས་ཡུལབཟང་པོ་དེ་དང་མི་མཐུན་པར་སྐྱེས་ཆེན་དམ་པར་མཚན་སྨད་ཞུ་ས་དང་། དཀྲུགས་ཤིང་དཀྲོག་གཏམ་བསྒྲགས་ཡུལ་གྱི་ཁ་ཕྱོགས་གཞན་དུ་འགྱུར་ཉེན་ཆེན་པོ་འདུག་པས་དྲྭ་རྒྱ་གཞན་དང་འདྲ་བའི་སྟངས་འཛིན་གྱི་བདག་དབང་ཁྱེད་རྣམ་པར་ཡོད་པས་གནང་ཕྱོགས་ཡོད་པ་དང་། གཤམ་འོག་ཏུ་བཀོད་དང་འགོད་བཞིན་པའི་མཆན་རྣམས་ལ་ཞིབ་སྟེ་ཕན་མེད་གནོད་གྱུར་གྱི་ལས་ངན་གསོག་གཞིར་མ་གྱུར་པ་གནང་རྒྱུའི་དགོངས་འཇགས་ཞུ།

ཀློག་པ་པོ་ཞིག་གིས་གུས་པའི་ཡིག་སྒམ་ནང་ལ་བསྐུར་བ་བཞིན་དུ་འདིར་བཀོད་པ་ཡིན་ལ། ངེད་དྲ་བར་གཟིགས་ཕེབས་གནང་བ་དང་དཔྱད་གཏམ་སྤེལ་མཁན་དག་གིས་ཀྱང་ངེད་དྲ་བ་འདི་བོན་པོ་ནང་ཕན་ཚུན་གཅིག་གིས་གཅིག་ལ་དམོད་རེས་དང་དམའ་འབེབས་བྱེད་སའི་ཁྱད་དུ་བསྐྲུན་པའི་དྲ་བ་ཞིག་མིན་པས་ཚང་མས་ཐུགས་དགོངས་བཞེས་རོགས་གནང་བར་ཞུ་ཞུ།

དོ་དམ་པ་མིང་ཙམ་འཛིན་པ་རིན་སྤུངས་ཚུལ་བསྟན་ནས་

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག