ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ངེད་ཀྱི་སྐོར། >> ལྷག་བསམ་གཏོང་ཕོད་ཅན་ལ་བཀའ་དྲིན་ཞུ་བ།
ལྷག་བསམ་གཏོང་ཕོད་ཅན་ལ་བཀའ་དྲིན་ཞུ་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དྲ་ཚིགས་གཙོ་སྒྲུབ་པ།] [ཟླ་ཚེས། 11-02-14] [ཀློག་གྲངས། ]

       དྲ་ཚིགས་འདི་གཡུང་དྲུང་བོན་གྱི་བསྟན་པའི་གཟི་བརྗིད་བསྐྱེད་པ་དང་འཆད་རྩོད་རྩོམ་གསུམ་ལས་རྩོམ་པའི་བསྟན་པ་མཁའ་རུ་འདེགས་པ། བོན་དགོན་ཁག་གི་ལོ་རྒྱུས་དང་བསྟན་འཛིན་སྐྱེས་ཆེན་དམ་པའི་རྣམ་ཐར་བྱུང་བ་བརྗོད་པ། ཆོས་གྲུབ་ཁག་ལ་ཕན་ཚུན་རྒྱུས་ལོན་དང་མཐུན་སྒྲིལ་གཏིང་ཟབ་ཏུ་གཏོང་བ། དེ་མིན་བོད་ཕྱི་ནང་གི་གསར་བྱུང་ཆ་འཕྲིན་ཅི་རིགས་དང་ཆོས་ལུགས་བྱ་འགུལ་སྐོར་གྱི་བརྙན་རིས་སོགས་ཀློག་པ་པོ་ཀུན་གྱི་མིག་གི་དགའ་སྟོན་དུ་ཅི་དགར་སྩོལ་བར་གཟིགས་ནས་གཙོ་སྒྲུབ་པ་དག་ལ་བཀའ་དྲིན་མཚོན་ཕྱིར། གཡུང་དྲུང་བོན་བསྟན་ལ་ལྷག་བསམ་རབ་ཏུ་དཀར་ཞིང་དུས་ཀུན་རྣམ་དཀར་གྱི་ལས་ལ་བརྩོན་བཞིན་པའི་ཀན་ལྷོ་རྩེ་ཞིག་དགོན་གྱི་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་ལགས་དང་ལྷ་སའི་བར་སྐོར་ལམ་གྱི་རྣམ་སྲས་ཚོང་རྭའི་བོན་གྱི་སྐུ་བརྙན་དང་མཆོད་རྫས་ཆེད་ཚོང་ཁང་གི་སྦྱིན་བདག་ཕུན་ཚོགས་དབང་རྒྱལ་གཉིས་ནས་མ་བསྐུལ་རང་འགུལ་གྱི་དགྱེས་ཚོར་ཆེན་པོའི་ངང་། ངེད་དྲ་བའི་དོ་དམ་གྱི་འགྲོ་གྲོན་ལ་དམངས་སྒོར་༡༠༠༠རེ་གནང་སྦྱིན་མཛད་པ་ལ། ང་ཚོས་བོན་བསྟན་པ་དག་གི་ཚབ་བྱས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། མ་འོངས་པའི་ཆར་ཡང་སྦྱིན་བདག་གང་གི་སྐུ་ཚེ་དགེ་ཞིང་བྱ་བཞག་བགྱི་བ་ཐམས་ཅད་ཡར་ཟླའི་དཔལ་ལ་འགྲན་པའི་སྨོན་འདུན་དྲོན་མོ་དང་བཅས་བོད་ལྕགས་མོ་ཡོས་ལོའི་གནམ་ལོ་གསར་ཚེས་བཀྲ་ཤིས་བདེ་ལེགས་ཞུ། །

བོན་གྱི་སྐུ་བརྙན་དང་མཆོད་རྫས་ཆེད་ཚོང་ཁང་གི་སྦྱིན་བདག་ཕུན་ཚོགས་དབང་རྒྱལ།

སྡོད་གནས།  ལྷ་སའི་བར་སྐོར་ལམ་གྱི་རྣམ་སྲས་ཚོང་རྭའི་སྒོ་རྟགས་ཨང་༣༥པ།
ཁ་པར་ཨང་གྲངས།  ༡༣༨༨༩༠༩༩༨༨༨

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག