ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> དཔེ་ཚོགས། >> ཐེག་ཆེན་གཡུང་དྲུང་བོན་གྱི་དཔེ་ཚོགས།
ཐེག་ཆེན་གཡུང་དྲུང་བོན་གྱི་དཔེ་ཚོགས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཞང་བོད་ཤེས་རིག་ཞིབ་འཇུག་ཁང་།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

  

 གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གིས་ལོ་རེར་དེབ་གཉིས་དང་གསུམ་རེ་པར་སྐྲུན་བྱས་དང་བྱེད་བཞིན་པའི་༼ཐེག་ཆེན་གཡུང་དྲུང་བོན་གྱི་དཔེ་ཚོགས༽ནི་འདི་ག་བཤད་སྒྲུབ་སློབ་གླིང་གིས་ལོ་རེར་དེབ་གཉིས་སམ་གསུམ་རེ་འགྲེམ་སྤེལ་བྱས་དང་བྱེད་བཞིན་ཡོད་ལ། ད་ལོའི༼༢༠༡༠༽བར་དེབ་ཕྲེང་ཉེར་གཉིས་ལ་ཐུག་ཡོད། གཙོ་བོ་བཤད་སྒྲུབ་སློབ་གླིང་གི་གཞུང་ཁྲིད་ཀྱི་མཐུན་རྐྱེན་དང་འབྲེལ་ཞང་བོད་ཀྱི་གནས་བོའི་རིག་གཞུང་མང་པོ་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོར་དམིགས་ཏེ་༧གོང་ས་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་དང་རྒྱལ་ཚབ་རིན་པོ་ཆེའི་ཐུགས་བཀོད་ལྟར་བཤད་སྒྲུབ་སློབ་གླིང་གི་སློབ་དཔོན་ཆེན་མོ་ཡོངས་ཀྱི་སློབ་སྟོན་འོག་ནས། འདིར་ཇུས་འགོད་པ་དང༌། གཙོ་སྒྲིག་པ། ཞུ་དག་པ་སོགས་རྩ་འཛུགས་བྱས་ཏེ་སྤུས་ལེགས་ཤིང་གྲ་དག་པའི་དཔེ་ཚོགས་འདི་བསྒྲུབས་པ་ཡིན།

༢༠༠༢ལོར༼སྤྱིའི་དེབ་གྲངས་དང་པོ༽སྨྲ་བའི་དབང་བོ་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད་པའི«ཐུན་མོང་སྡུད་གྲྭའི་རྣམ་བཤད་རིག་པའི་བློ་སྒོ་འབྱེད་པའི་ལྡེ་མིག་ཕས་རྒོལ་ལོག་ལྟ་འཇོམས་པའི་ཐོག་མདའ་གཤེན་བསྟན་པད་ཚལ་རྒྱས་པའི་ཉི་མ»༼སྤྱིའི་དེབ་གྲངས་གཉིས་པ༽དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི«སྙན་ངག་གི་བསྟན་བཅོས་རིན་ཆེན་ལྡེ་མིག»དང་ཁྱུང་སློབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་«གཤེན་གྱི་རྩིས་གསར་རྣམ་དག་གི་རྒྱབ་སྐྱོར་དྭངས་ཤེལ་ལྷུན་པོ» «གཤེན་གྱི་རྩིས་གསར་རྣམ་དག་ལས་རྩ་སྒྲུབ་ནོར་བུའི་ཁང་བཟང་» «རབ་རྒྱལ་ཆུ་འབྲུག་རྩིས་འཕྲོ་འཕྲུལ་གྱི་ལྡེ་མིག» «གཤེན་གྱི་རྩིས་གསར་རྣམ་དག་ལས་ཁྱིམ་ཞག་སྤྱི་ནོར་རེའུ་མིག་ཀུན་ཕན་བདུད་རྩིའི་སྣང་བ»སོགས་བསྐྲུན། ༢༠༠༣ལོར༼སྤྱིའི་དེབ་གྲངས་གསུམ་པ༽སུམ་ལྡན་གཡོར་པོ་མེ་དཔལ་གྱིས་མཛད་པའི«ཨ་ཁྲིད་ཐུན་མཚམས་བརྒྱད་དམ་བཅུ་བ་དང་བོགས་འདོན་གེགས་སེལ་བཅས་ཀྱི་གདམས་པ»དང༌། ༼སྤྱིའི་དེབ་གྲངས་བཞི་བ༽བྲུ་ཆེན་རྒྱལ་བ་གཡུང་དྲུང་གིས་མཛད་པའི«ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད»། གཉིས་པར་སྐྲུན་བྱས། ༢༠༠༤ལོར༼སྤྱིའི་དེབ་གྲངས་ལྔ་བ༽རྒྱལ་བ་མཉམ་མེད་ཆེན་པོས་མཛད་པའི«ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་རྩ་འགྲེལ»དང༌། ༼སྤྱིའི་དེབ་གྲངས་དྲུག་པ༽རྗེ་རིན་པོ་ཆེའི«ས་ལམ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་རྩ་འགྲེལ»གཉིས་པར་སྐྲུན་བྱས། ༢༠༠༥ལོར༼སྤྱིའི་དེབ་གྲངས་བདུན་པ༽བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི«ཐེག་པ་ཆེན་པོ་ས་དང་ལམ་གྱི་རིམ་པ་རིན་པོ་ཆེ་འཕྲུལ་གྱི་ལྡེ་མིག»དང༌། ༼སྤྱིའི་དེབ་གྲངས་བརྒྱད་པ༽ «ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད» ༼སྤྱིའི་དེབ་གྲངས་དགུ་བ༽བྲུ་ཆེན་རྒྱལ་བ་གཡུང་དྲུང་གིས་མཛད་པའི«ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བ་མ་བུ་བཅས»པར་སྐྲུན་བྱས།

  ༢༠༠༦ལོར༼སྤྱིའི་དེབ་གྲངས་བཅུ་བ༽རྗེ་སྨན་རི་བས་མཛད་པའི«ཐེག་པ་ཆེན་པོ་དབུ་མ་བདེན་གཉིས་ཀྱི་འགྲེལ་བ»མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི«ཐེག་པ་ཆེན་པོ་དབུ་མའི་རང་འགྲེལ་གསལ་བྱེད་སྒྲོན་མ་ལེགས་པར་བཤད་པ»མཁས་དབང་རྒྱལ་མཚན་མཆོག་ལེགས་གྱིས་མཛད་པའི«ཟབ་མོ་སྟོང་བ་ཉིད་ཀྱི་དེ་ཁོ་ན་རབ་ཏུ་གསལ་བར་བྱེད་པའི་རྣམ་བཤད་སྐལ་ལྡན་རྗེས་འཛིན»དཔོན་སློབ་སངས་རྒྱས་བསྟན་འཛིན་གྱིས་མཛད་པའི«དབུ་མའི་ཟིན་བྲིས» དཔོན་སློབ་སངས་རྒྱས་བསྟན་འཛིན་གྱིས་མཛད་པའི«ཐུགས་རྗེ་སེམས་དཔའི་ལུགས་ཀྱི་མཚན་ཉིད་གསུམ་གྱི་རྣམ་བཞག་ག་པུར་ཐིགས་པ»དཔོན་སློབ་བསྟན་འཛིན་རྣམ་དག་གིས་མཛད་པའི«ཁམས་ཆེན་པོ་བརྒྱད་དང་མཚོན་བྱེད་ཞེ་ལྔའི་རྣམ་བཞག»སྨན་རིའི་ཡོངས་འཛིན་སངས་རྒྱས་བསྟན་འཛིན་གྱིས་མཛད་པའི«བསྟན་བཅོས་མངོན་རྟོགས་རྒྱན་གྱི་བརྗོད་བྱ་ཁམས་ཆེན་མོ་བརྒྱད་དང་མཚོན་བྱེད་ཞེ་ལྔའི་རྣམ་བཞག» ༼སྤྱིའི་དེབ་གྲངས་བཅུ་གཅིག་པ༽རྗེ་སྨན་རི་བ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི«སྣང་སྲིད་མཛོད་ཕུགས་ཀྱི་གཞུང་དང་འགྲེལ་འཕྲུལ་གྱི་སྒྲོན་མེ»སོགས་པར་དུ་བསྐྲུན།

  ༢༠༠༧ལོར༼སྤྱིའི་དེབ་གྲངས་བཅུ་གཉིས་པ༽སྣང་སྟོན་གཡུང་དྲུང་བསྟན་པའི་ཉི་མས་མཛད་པའི«སྙན་ངག་རྒྱན་གྱི་ལེགས་བཤད་ཡིད་བཞིན་དབང་གི་རྒྱལ་པོ་མཁས་པ་དགའ་བྱེད»སྣང་ཞིག་ཡེ་ཤེས་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི«སྐལ་བཟང་ཡིག་རིས་པར་བློ་གྲོས་སྦྱིན་པའི་སྤྱི་འགྲོའི་རྣམ་དབྱེ་མེ་ཏོག་འཕྲེང་བ་དཔྱོད་ལྡན་སྒེག་མོའི་རྒྱན»ཚུལ་ཁྲིམས་ཕུན་ཚོགས་ཀྱིས་མཛད་པའི«བོད་ཀྱི་བརྡ་ཡང་དག་པར་སྦྱོར་ཚུལ་གྱི་བསྟན་བཅོས་བརྡ་སྤྲོད་ཉི་ཤུ་བདུན་པའི་རང་འགྲེལ་གཤེན་བསྟན་གསལ་བའི་ཉི་མའི་ལེའུ་གཉིས་པ་དང་གསུམ་པའི་འགྲེལ་བ»༼སྤྱིའི་དེབ་གྲངས་བཅུ་གསུམ་པ༽རྗེ་རིན་པོ་ཆེས་མཛད་པའི«བྱང་སེམས་གབ་པའི་འགྲེལ་བ་ཀུན་བཟང་གི་དགོངས་པ་གསལ་བྱེད་ཉི་མའི་དཀྱིལ་འཁོར་དང་ས་བཅད»བཅས་པར་དུ་བསྐྲུན། ༢༠༠༨ལོར༼སྤྱིའི་དེབ་གྲངས་བཅུ་བཞི་བ༽བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི«གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་བསེན་ཐུབ་ཀྱི་རྒྱུད་དང་འགྲེལ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན»དང༌། ༼སྤྱིའི་དེབ་གྲངས་བཅོ་ལྔ་བ༽མཁས་གྲུབ་རིན་ཆེན་བློ་གྲོས་ཀྱིས་མཛད་པའི«ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་རྟོགས་ལམ་གྱི་རིམ་པའི་འགྲེལ་བ་སྦས་དོན་རབ་ཏུ་གསལ་བ་རྣམས་ཀྱི་རྟོགས་པའི་བྱད་ལེགས་གཟི་མདངས་སྦྱིན་མཁས་ལས་སྐབས་དང་པོའི་ཚིག་དོན་མཐའ་དཔྱད»གཉིས་པར་སྐྲུན་བྱས།

༢༠༠༩ལོར༼སྤྱིའི་དེབ་གྲངས་བཅུ་དྲུག་པ༽སྨྲ་དབང་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས«མཛད་པའི་སུམ་ལྡན་སྡུད་གྲྭའི་རྣམ་བཞག»པར་ཐེངས་གཉིས་པ་དང༌། ༼སྤྱིའི་དེབ་གྲངས་བཅུ་བདུན་པ༽བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི«ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ»དང་རྗེ་སྨན་རི་བས་མཛད་པའི«ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་རྩ་ འགྲེལ»པར་ཐེངས་གསུམ་པ།༼སྤྱིའི་དེབ་གྲངས་བཅོ་བརྒྱད་པ༽སྟོན་པ་གཤེན་རབ་མི་བོས་མཛད་པའི«སྲིད་པའི་མཛོད་ཕུགས་ཀྱི་གཞུང»བླ་ཆེན་དྲན་པ་ནམ་མཁས་མཛད་པའི«བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག» བྲུ་རྒྱལ་བ་གཡུང་དྲུང་གིས་མཛད་པའི«འཇིག་རྟེན་སྣོད་བཅུད་ཀྱི་གནས་ལུགས་སིལ་བུར་བསྟན་པའི་འགྲེལ་བ་སྣང་སྲིད་གསལ་བར་བྱེད་པའི་ལྡེ་མིག»༼སྤྱིའི་དེབ་གྲངས་བཅུ་དགུ་བ༽སྟོན་པ་སངས་རྒྱས་ཀྱིས་མཛད་པའི«མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་གཞུང»རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་མཛད་པའི«མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་འགྲེལ་བ»དམུ་གཤེན་ཉི་མ་རྒྱལ་མཚན་གྱིས་མཛད་པའི«འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ཀྱི་འགྲེལ་བ»བཅས་པར་སྐྲུན་བྱས། ༼སྤྱིའི་དེབ་གྲངས་ཉི་ཤུ་བ༽སྟོན་པ་གཤེན་ལྷ་འོད་དཀར་གྱིས་མཛད་པའི«ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད»སྟོན་པ་གཤེན་རབ་མི་བོས་མཛད་པའི«ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་མེ་ལོང་དགུ་སྐོར»རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི«ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག»དང༌།༼སྤྱིའི་དེབ་གྲངས་ཉེར་གཅིག་པ༽སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི«ཐེག་རིམ་གྱི་རྣམ་བཤད་གསལ་བའི་མེ་ལོང» «མུ་ཆོའི་ཐེག་པ་རིམ་དགུའི་རྒྱུད་ཀྱི་དབུ་ཕྱོགས»༼སྤྱིའི་དེབ་གྲངས་ཉེར་གཉིས་པ༽གཤེན་གྱི་དྲང་སྲོང་རྒྱལ་མཚན་འོད་ཟེར་གྱིས་མཛད་པའི«མདོ་སྡུད་པ་ཚིགས་སུ་བཅད་པ་སུམ་བརྒྱ་དགུ་བཅུ་པ་དང་ཁམས་བརྒྱད་འབུམ་གཉིས་ཚིག་དོན་མཐུན་པར་སྦྱར་བའི་འགྲེལ་བ་སྔར་མེད་གསལ་བཤད»བཅས་པར་སྐྲུན་བྱས། མདོར་ན་ད་བར་དུ་འདི་ག་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གིས«ཐེག་ཆེན་གཡུང་དྲུང་བོན་གྱི་དཔེ་ཚོགས»ཞེས་པའི་དེབ་ཕྲེང༢༣ཙམ་དང༌། གཞུང་ཚན་མི་འདྲ་བ༣༩པར་སྐྲུན་བྱས་ཟིན། 

ད་དུང་གཡུང་དྲུང་བོན་གྱི་ལོ་རྒྱུས་སམ་ཞང་བོད་རྒྱལ་རབས་ཀྱི་དར་རྒུད་དང་འབྲེལ་བའི་དཔྱད་བརྗོད་གཙོས། སྣ་ཚོགས་རྩོམ་རིག་སྐོར་གྱི་ལོ་དེབ«ཞང་བོད་རིག་སྒོ» ༢༠༠༨ལོ་ནས་འགྲེམ་སྤེལ་བྱས་ཏེ་ད་ལྟ་སྤྱིའི་དེབ་གྲངས་གསུམ་པའི་བར་བཤད་སྒྲུབ་སློབ་གླིང་གི་ཞང་བོད་ཤེས་རིག་ཞིབ་འཇུག་ཁང་ནས་རྩོམ་སྒྲིག་བྱས་ཟིན་ཡོད། ལོ་དེབ་འདིའི་ནང་དུ་དཔྱད་རྩོམ། བརྒལ་བརྟག སྙན་རྩོམ། ལྷུག་རྩོམ། རིག་ལམ། སློབ་རའི་དགའ་ཚལ། ལོ་རྒྱུས་སོགས་ལེ་ཚན་མི་འདྲ་བ་བདུན་གྱིས་གྲུབ་པའི་རྩོམ་རིག་ལོ་དེབ་ཅིག་ཡིན།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག