ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> དཔེ་ཚོགས། >> མཁས་དབང་མཁར་རྨེའུ་བསམ་གཏན་མཆོག་གི་གསུང་རྩོམ་ཁག་གི་དཀར་ཆག
མཁས་དབང་མཁར་རྨེའུ་བསམ་གཏན་མཆོག་གི་གསུང་རྩོམ་ཁག་གི་དཀར་ཆག
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། མཁར་རྨེའུ་བསམ་གཏན་རྒྱལ་མཚན།] [ཟླ་ཚེས། 11-02-23] [ཀློག་གྲངས། ]

རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་གི་གསུང་རྩོམ་ཁག་དང་དཔེ་དེབ་དག་གི་དཀར་ཆག་བཞུགས་སོ། །

༡ The Treasury of Good Sayings, A Tibetan History of Bon, ལེགས་བཤད་མཛོད།
London Oriental Series, Vol. 26, Oxford University Press, London 1972, 365 pages.
ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་ལེགས་བཤད་རིན་པོ་ཆེའི་མཛོད་ཀྱི་རབ་བྱེད་བཞི་བའི་ཚན་ཁག་གི་གཤེན་དང་བྲུ་ཞུ་སྤ་རྨེའུ་ལོ་རྒྱུས་ནས་མཇུག་བར་དུ་དབྱིན་སྐད་དུ་བསྒྱུར་ནས་དེང་རབས་ཅན་གྱི་ཞིབ་འཇུག་དང་མཐུན་པའི་དཀའ་གནད་ཀྱི་དོན་གསལ་བའི་མཆན་བཏབ་པ་དང་ལོ་ཚིགས་སྒྲིགས་པ་སོགས་བྱས་ཡོད།
༢ A Catalogue of Bonpo Publication, བོན་དཔེ་འགའ་ཤས་དཔར་སྐྲུན་བྱས་པའི་དཀར་ཆག།
Toyo Bunko Tokyo 1977, 191 pages.
དེབ་འདི་ནི་ཉི་ཧོང་རྒྱལ་ས་ཁྲོ་ཀེ་ཡོ་ལ་ཡོད་པའི་ཤར་ཕྱོགས་ཀྱི་དཔེ་མཛོད་དུ་བཞུགས་པའི་བོན་དཔེའི་དཀརཆག་ཞིབ་རྒྱས་ཞིག་ཡིན།
༣The Great Perfection, A Meditative Teaching of་Tibetan Buddhism, བོད་ཀྱི་སངས་རྒྱས་ཆོས་ལུགས་སུ་ཡོད་པའི་རྫོགས་པ་ཆེན་པོའི་ལྟ་བའི་སྐོར།
Leiden, Brill 1988, 257 pages.
དེབ་འདིའི་ནང་གཙོ་ཆེ་བ་ཏུན་ཧོང་ནས་རྙེད་པའི་རྙིང་མའི་རྫོགས་ཆེན་སྐོར་གྱི་ཡིག་རྙིང་གཞིར་བཞག་སྟེ་རྫོགས་པ་ཆེན་པོའི་ལྟ་བའི་བྱུང་ཁུངས་དང་དེའི་ལོ་རྒྱུས་འཕེལ་རིམ་ལ་དེང་རབས་ཅན་གྱི་ཞིབ་འཇུག་གི་ལམ་བརྒྱུད་ནས་དབྱེ་ཞིབ་རྒྱས་སྤྲོས་བྱས་ཡོད།
༤ Secret Visions of the Fifth Dalai Lama, རྒྱལ་དབང་ལྔ་བའི་དག་སྣང་།
London,Serindia Publications 1988, 142 pages with 45 illustrations.
རྒྱལ་དབང་ལྔ་བས་རང་གི་གསང་བ་རྒྱ་ཅན་ནས་བཏུས་ཏེ་མཛད་པའི་མཐོང་བ་དོན་ལྡན་གསེར་བྲིས་མའི་ལོ་རྒྱུས་དང་འགྲེལ་བཤད།
༥ The Arrow and the Spindle, Studies in History, Myths, Rituals and Beliefs in Tibet, མདའ་དང་འཕང་། བོད་ཀྱི་ལོ་རྒྱུས། གཏམ་རྒྱུད། ཆོ་ག་དང་ཡིད་ཆེས་བཅས་ཀྱི་སློབ་གཉེར།
Vol.I, Kathmandu 1997, 603 pages.
དེབ་འདིའི་ནང་ལ་དཔྱད་རྩོམ་༣༢་ཡོད། དེ་དག་བོད་ཀྱི་ལོ་རྒྱུས་ གཏམ་རྒྱུད་ ཆོ་ག་དང་ཡིད་ཆེས་བཅས་ཀྱི་བྱུང་ཁུངས་དང་དེ་དག་གི་དབྱེ་བཤད་བྱས་ཡོད། དེ་ཡང་གྲུབ་མཐའི་ཕྱོགས་ཞེན་དང་འོས་མིན་གྱི་ལ་རྒྱའི་ཀུན་སློང་དོར་ཏེ་དེང་རབས་ཅན་གྱི་ཞིབ་འཇུག་གི་རང་བཞིན་འཛམ་གླིང་སྤྱི་འགྲོས་ཀྱི་ཚན་རིག་དང་བསྟུན་དགོས་པའི་གནད་དོན་སྟོན་ཡོད། དེས་མ་ཟད་ཚན་རིག་གི་ཞིབ་འཇུག་ཐབས་ལམ་ནི་དངོས་གཙོའི་བདེན་འཚོལ་ལྟ་བའི་ལམ་དུ་བགྲོད་དགོས་པའི་ཐབས་ཉིད་ཡིན་པ་གཏན་འབེབ་བྱས་ཡོད། དཔྱད་རྩོམ་༣༢་ནས་༣༠་བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་དབྱིན་སྐད་ནས་བོད་སྐད་དུ་བསྒྱུར་ཏེ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་མདའ་དང་འཕང་ཞེས་པའི་མིང་ཐོག་ཏུ་༢༠༠༧་ལོར་པར་སྐྲུན་གནང་ཡོད།
༦ The Little Luminous Boy, འོད་ཀྱི་ཁྱེའུ་ཆུང་།
Orchid Press 1999, 120 pages.
དེབ་འདི་སྤ་བསྟན་རྒྱལ་བཟང་པོས་མཛད་པའི་ཞང་ཞུང་སྙན་རྒྱུད་ཀྱི་་བླ་མ་བརྒྱུད་པའི་རྣམ་ཐར་དང་དེའི་ཐང་ག་དང་ཞང་ཞུང་སྙན་རྒྱུད་ནས་འབྱུང་བའི་རྫོགས་ཆེན་འཁོར་ལོ་བཞི་སྦྲགས་དང་དེའི་ལྟ་བ་མཚོན་བྱེད་ཐང་ག་རྣམས་ཀྱི་འགྲེལ་བཤད་དང་ལོ་རྒྱུས་སྐོར་ཡིན།
༧ The Diamond Isle, A Catalogue Buddhist Writings in the Library of Ogyen Choling, Bhutan,རྡོ་རྗེ་གླིང་། འབྲུག་ཨོ་རྒྱན་ཆོས་གླིང་གི་དཔེ་མཛོད་ཁང་དུ་ཡོད་པའི་སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆའི་དཀར་ཆག།
University of Vienna, 2003, 265 pages.
དེབ་འདི་འབྲུག་རྒྱལ་ཁབ་ཏུ་ཡོད་པའི་རྙིང་མའི་གཏེར་སྟོན་རྡོ་རྗེ་གླིང་པའམ་བོན་ལུགས་སུ་བོན་ཞིག་གཡུང་དྲུང་གླིང་པར་གྲགས་པའི་གདུང་འཛིན་གྱི་ཕོ་བྲང་ཨོ་རྒྱན་ཆོས་གླིང་ཞེས་པའི་དཔེ་མཛྈད་ཁང་དུ་བཞུགས་པའི་དཔེ་ཆའི་དཀར་ཆག་ཡིན།
༨ Feast of the Morning Light,་the Eighteenth Century Wood engravings of life stories of Shenrab and Bon Canon from Gyalrong, རྒྱལ་རོང་དུ་དུས་རབས་བཅོ་བརྒྱད་པའི་ནང་བསྒྲུབས་པའི་སྟོན་པ་གཤེན་རབ་མི་བོའི་བཀའ་དང་བཀའ་བརྟེན་དང་སྟོན་པའི་མཛད་རྣམ་བཅས་གྱི་ཤིང་པར་གྱི་འགྲེལ་བཤད་སྣང་བའི་དགའ་སྟོན།
National Museum of Ethnology, Osaka 2005, 284 pages.
དེབ་འདིའི་ནང་རྒྱལ་རོང་དུ་ཁྲོ་ཆེན་རྒྱལ་པོ་ཀུན་དགའ་ནོར་བུ་དང་ཆུ་ཆེན་རྒྱལ་པོ་ནམ་མཁའ་རྒྱལ་པོ་གཉིས་དང་ཁོང་རྣམ་པའི་དབུ་བླ་གཏེར་སྟོན་སངས་རྒྱས་གླིང་པ་དང་ཁོང་གི་སློབ་མ་གྲུབ་དབང་ཀུན་གྲོལ་གྲགས་པ་རྣམས་ཀྱིས་གཙོར་བྱས་ནས་དུས་རབས་བཅོ་བརྒྱད་པའི་ནང་སྟོན་པ་གཤེན་རབ་ཀྱི་མཛད་རྣམ་དང་བཀའ་འགྱུར་དང་བཀའ་བརྟེན་རྣམས་པར་དུ་བརྐོས་པའི་ལོ་རྒྱུས་དང་དེ་དག་གི་འགྲེལ་བཤད་བཅས་བཀོད་ཡོད།
༩ The Arrow and the Spindle, Studies in History, Myths, Rituals and Beliefs in Tibet, Vol. II, Kathmandu 2005, 237 pages.
དེབ་འདི་གོང་དུ་ཞུས་པ་བཞིན་དབྱིན་སྐད་དུ་The Arrow and the Spindle བོད་སྐད་དུ་མདའ་དང་འཕང་ཞེས་པའི་པོ་ཏི་གཉིས་པ་ཡིན།
འདིའི་ནང་དཔྱད་རྩོམ་བཅུ་ཡོད།
༡༠ The Arrow and the Spindle, Studies in History, Myths, Rituals and Beliefs in Tibet, Vol.III. This is in press.
པོ་ཏི་གསུམ་པ་
འདིའི་ནང་དཔྱད་རྩོམ་གསར་པ་བཅོ་ལྔ་ཙམ་དཔར་སྐྲུན་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད།

ཧྤ་རན་སིའི་བོད་རིག་པའི་ཞིབ་འཇུག་པ་དང་མཉམ་ལས་བྱས་ནས་དཔར་སྐྲུན་བྱས་པའི་སྐོར།

༡ Le Cerf à la vaste ramur, ཤ་བ་རུ་རྒྱས།
Essais sur le rituel, Peeters Louvain-Paris 1988, pp.119-146.
དཔྱད་རྩོམ་འདི་ལྕམ་ཨ་ནེ་མ་རི་བུ་ལོན་དོ་(Anne-Marie Blondeau)་དང་ཞིབ་འཇུག་མཉམ་ལས་བྱས་ཏེ་བོན་ལུགས་ཀྱི་རྒྱུ་ཐེག་པའི་གཏོ་རིགས་ཤ་བ་དང་འབྲེལ་བའི་ཆོ་གའི་སྨྲང་ངམ་རབས་ཀྱི་རྣམ་འབྱེད་དང་དེའི་ཡིད་ཆེས་སྐོར་ཡིན།
༢ La place du rang dans la maison sharwa, Amdo,ཨ་མདོ་ཤར་ཁོག་གི་ཁྱིམ་གཞིས་སུ་ཡུལ་མིའི་གོ་གནས་སྒྲིག་རིམ།
Architecture, milieu et société en Himalaya, Editions CNRS, 1987, pp.229-260.
དཔྱད་རྩོམ་འདི་ཞུབ་འཇུག་པ་པྷི་ལི་པི་ས་གང་(Philippe Sagant) དང་མཉམ་ལས་བྱས་ནས་ཨ་མདོ་ཤར་བའི་ཁྱིམ་དུ་ཕོ་མོ་སྡོད་སའི་གོ་གནས་སྐོར་མི་རིགས་རིག་པའི་རིག་འགྲོས་ཀྱི་ཐོག་ནས་ཡུལ་སྲོལ་གྱི་ཁྱད་ཆོས་སྟོན་པའི་སྐོར་ཡིན།
༣Les Neuf Forces de l'Homme, Récits des confins du Tibet, བོད་ཀྱི་མཐའ་མཚམས་སུ་གནས་པའི་ཕོ་རྩལ་སྣ་དགུའི་རབས།
Société d'ethnologie, Nanterre 1998, 301 pages.
དེབ་འདི་ཞུབ་འཇུག་པ་པྷི་ལི་པི་ས་གང་(Philippe Sagant) དང་མཉམ་ལས་བྱས་ནས་ཧྤ་རན་སིའི་སྐད་དུ་བྲིས་པ་ཡིན། དེར་རང་ཉིད་ན་གཞོན་དུས་ཨ་མདོ་ཤར་ཁོག་གི་སྤྱི་ཚོགས་དམངས་མས་ཕོ་རྒོད་དཔའ་བོ་རྣམས་གཉན་བུ་ཞེས་དེ་ཚོའི་ཕ་མེས་ཡུལ་ལྷ་ཡིན་པར་ཡིད་ཆེས་བྱེད་པ་དང་དེ་བཞིན་ཕོ་རྒོད་དེ་དག་ལ་བོད་ཀྱི་རིག་གཞུང་ནས་འབྱུང་བའི་ཕོ་རྩལ་སྣ་དགུ་འཛོམས་པའི་ལྟ་ཚུལ་ཡོད་པ་མྱོང་ཚོར་བྱུང་བ་རྣམས་བྲིས་ཡོད། དེ་ཡང་འཛམ་གླིང་སྤྱི་འགྲོས་ཀྱི་མི་རིགས་རིག་པའི་ལམ་ཐོག་ནས་ཨ་མདོ་ཤར་བའི་སྤྱི་ཚོགས་ཀྱི་མི་ཚེ་སྐྱེལ་ལུགས་དང་ཡིད་ཆེས་ཀྱི་དམིགས་རྣམ་འཛིན་སྟངས་ཐད་ཚན་རིག་་གི་ལམ་ནས་ཞིབ་འཇུག་མི་དམན་པ་བྱས་ཡོད།

འཛམ་གླིང་ཡུལ་ཁག་སོ་སོའི་ཞིབ་འཇུག་མི་སྣ་དང་མཉམ་དུ་རྩོམ་སྒྲིག་གི་འགན་ཁུར་ཞུས་ནས་དཔར་སྐྲུན་བྱས་པའི་དེབ་ཁག་ནི།

༡ Les habitants du toi du monde, འཛམ་གླིང་གི་ཐོག་ཕིབ་ཏུ་གནས་པའི་ཡུལ་མི།
Société d'ethnologie, Nanterre 1997, 747 pages, edited by Samten Karmay and Philippe Sagant.
དེབ་འདིར་མི་རིགས་རིགཔའི་མཁས་པ་Alexander Macdonald ལ་གུས་བཀུརཞུས་པའི་བོད་ཀྱི་མི་རིགས་རིག་པའི་སྐོར་དབྱིན་སྐད་དང་ཧྥ་རན་སིའི་སྐད་ཐོག་ཏུ་བྲིས་པའི་ཆེད རྩོམ་སུམ་བཅུ་སོ་ལྔ་བཀོད་ཡོད། རྩོམ་སྒྲིག་འགན་ཁུར་བ་མཁར་རྨེའུ་བསམ་གཏན་དང་ཧྥི་ལི་པི་ས་གང་(Philippe Sagant)གཉིས་ཡིན།
༢ New Horizons in Bon Studies, བོན་གྱི་སློབ་གཉེར་གྱི་གནམ་སའི་མཐའ་མཚམས་གསར་པ།
National Museum of Ethnology, Osaka 2000, 738 pages, edited by Samten Karmay and Yasuhiko Nagano.
དེབ་འདི་ནི་ཉི་ཧོང་རྒྱལ་ཁབ་ཏུ་སྤྱི་ལོ་༡༩༩༩ ལོར་གྲོང་ཁྱེར་ཨོ་ས་ཀར་ཡོད་པའི་མི་རིགས་རིག་པའི་འགྲེམ་སྟོན་ཁང་དུ་རྒྱལ་ཁབ་སོ་སོ་ནས་ཕེབས་པའི་བོན་གྱི་སློབ་གཉེར་གྱི་ཞིབ་འཇུག་པ་ཉི་ཤུས་སྤེལ་བའི་དཔྱད་རྩོམ་གྱི་ཕྱོགས་སྒྲིག་ཡིན། རྩོམ་སྒྲིག་འགན་ཁུར་པ་མཁར་རྨེའུ་བསམ་གཏན་དང་ཡ་སུ་ཧི་ཀོ་ན་ག་ནོ་(Yasuhiko Nagano)གཉིས་ཡིན།
༣ A Catalogue of the New Collection of Bonpo Katen Texts, བོན་པོ་བཀའ་བརྟེན་གྱི་དཀར་ཆག་གསར་སྒྲིག
National Museum of Ethnology 2001, 1,692 pages, edited by Samten Karmay and Yasuhiko Nagano.
དེབ་འདིར་སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མས་དཔར་སྐྲུན་བྱས་པའི་བོན་གྱི་བཀའ་འགྱུར་གྱི་དགོངས་འགྲེལ་བཀའ་བརྟེན་པོ་ཏི་གསུམ་བརྒྱའི་དཀར་ཆག་ཞིབ་རྒྱས་བཀོད་ཡོད། བལ་ཡུལ་བོན་དགོན་ཁྲི་བརྟན་ནོར་བུ་རྩེའི་དགེ་འདུན་རྣམ་པས་རྩིས་འཕྲུལ་དུ་བླུགས་ཏེ་ཉི་ཧོང་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཨོ་ས་ཀའི་མི་རིགས་རིག་པའི་འགྲེམས་སྟོན་ཁང་གིས་སྤྱི་ལོ་༢༠༠༡ ལོར་དཔར་སྐྲུན་ཞུས། སློབ་སྟོན་དང་རྩོམ་སྒྲིག་འགན་ཁུར་པ་མཁར་རྨེའུ་བསམ་གཏན་དང་ཡ་སུ་ཧི་ཀོ་ན་ག་ནོ་གཉིས་ཡིན།
༤ A Survey of Bonpo Monasteries and Temples in Tibet and the Himalaya, བོད་དང་རི་བོ་གངས་ཅན་རྒྱུད་ཀྱི་བོན་གྱི་དགོན་པ་དང་ལྷ་ཁང་རྣམས་ཀྱི་རྟོག་ཞིབ་རྒྱས་པ།
National Museum of Ethnology, Osaka 2003, 881 pages, edited by Samten Karmay and Yasuhiko Nagano.
དེབ་འདིའི་ནང་བོད་དང་རྒྱ་གར་དང་བལ་ཡུལ་བཅས་རི་བོ་གངས་ཅན་རྒྱུད་ཀྱི་བོན་གྱི་དགོན་པ་དང་ལྷ་ཁང་ཉིས་བརྒྱ་སུམ་བཅུ་སོ་གསུམ་གྱི་པར་དང་དགོན་པའི་ལོ་རྒྱུས་སོགས་འགྲེལ་བཤད་རྒྱས་པར་བཀོད་ཡོད། རྟོགས་ཞིབ་བྱེད་མཁན་ཤར་ཡུལ་ཕུན་ཚོགས་ཚེ་རིང། དོན་གྲུབ་ལྷ་རྒྱལ། ཚེ་རིང་ཐར། ཆག་ལེ་སི་རམ་བི་ལི་(Charles Ramble)དང་མེ་རི་ཏ་ཁིན་དི་(Marietta Kind)བཅས་ཡིན། དགོན་པའི་འདུ་འགོད་སློབ་སྟོན་པ་དང་རྩོམ་སྒྲིག་འགན་ཁུར་གནང་མཁན་མཁར་རྨེའུ་བསམ་གཏན་དང་དཔར་སྐྲུན་གྱི་འགན་ཁུར་བ་ཡ་སུ་ཧི་ཀོ་ན་ག་ནོ་གཉིས་ཡིན།
༥ BON, the Magic Word, The Indigenous Religion of Tibet, བོད་ཀྱི་གདོད་མའི་ཆོས་ལུགས་འཕྲུལ་ངག་བོན།
Rubin Museum of Art, New York, Philip Wilson Publishers, London 2007, edited by Samten Karmay and Jeff Watt.
དེབ་འདི་ཨ་རི་གྲོང་ཁྱེར་ནིའུ་་ཡོ་ཀིར་ཡོད་པའི་རུ་བིན་ཞེས་པའི་བོད་ཀྱི་བཟོ་རིག་པའི་འགྲེམས་སྟོན་ཁང་ཆེན་མོར་བོད་ཀྱི་བཟོ་རིག་ལས་བསྐྲུན་པའི་བོན་གྱི་གྲུབ་མཐའི་དཀྱིལ་འཁོར་དང་ཐང་ག་དང་སྐུ་བརྙན་བཅས་འགྲེམས་སྟོན་བྱས་པའི་དཀར་ཆག་ཡིན། འགྲེམས་སྟོན་གྱི་བཀོད་འདོམས་པ་དང་དཀར་ཆག་གི་རྩོམ་སྒྲིག་འགན་ཁུར་བ་མཁར་རྨེའུ་བསམ་གཏན་དང་ཇེ་ཧྥ་བ་ཏི་(Jeff Watt)གཉིས་ཡིན།
༦ Bon, The Everlasting Religion of Tibet, Tibetan Studies in Honour of Professor David L. Snellgrove, བོད་ཀྱི་གྲུབ་མཐའ་གཡུང་དྲུང་བོན། དགེ་རྒན་ཆེན་མོ་བ་སྐུ་ཞབས་བདེ་གསལ་དགེ་རབ་ལགས་ལ་གུས་བཀུར་ཞུས་པའི་བོད་རིག་པའི་སློབ་དེབ། East and West, IsIAO, Vol.59, Nos. 1-4 (December 2010), 409 pages, edited by Samten Karmay and Donatella Rossi.
དེབ་འདི་ནི་བལ་ཡུལ་དུ་ཡོད་པའི་དཔལ་ཁྲི་བརྟན་ནོར་བུ་རྩེའི་མཁན་པོ་བསྟན་པ་གཡུང་དྲུང་མཆོག་གིས་དབུ་ཁྲིད་གནང་བའི་འོག་རྒྱལ་ཁབ་ཧྥ་རན་སིའི་ས་གནས་བུ་ལུ་ཞེས་པར་ཆགས་པའི་གཤེན་བསྟན་དར་རྒྱས་གླིང་དུ་སྤྱི་ལོ་༢༠༠༨་ལོར་རྒྱལ་སྤྱི་ཞིབ་འཇུག་པ་མི་སྣ་སུམ་ཅུ་གདན་འདྲེན་ཞུས་ཏེ་སྐོང་འཚོགས་གནང་ནས་གཡུང་དྲུང་བོན་གྱི་ལོ་རྒྱུས་དེ་གང་དུ་དར་བའི་ཡུལ་ཁག་ དེའི་རྗེས་འཇུག་མི་སྣ་དེའི་གསུང་རབ་ཀྱི་སློབ་གཉེར་སྐོར་དཔྱད་རྩོམ་སྤེལ་བ་དག་ཕྱོགས་སྒྲིག་བྱས་པའི་སྐོར་ཡིན། ཚོགས་འདུའི་བཀོད་སྒྲིག་སློབ་སྟོན་པ་དང་རྩོམ་སྒྲིག་འགན་ཁུར་བ་མཁར་རྨེའུ་བསམ་གཏན་དང་རྩོམ་སྒྲིག་ཕྱག་རོགས་གནང་མཁན་དོ་ན་དེ་ལ་རོ་སི་(Donatella Rossi)གཉིས་ཡིན།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག