ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> དཔེ་ཚོགས། >> རེབ་གོང་གི་བོན་པོའི་ཐང་ག་ཞེས་པའི་དཔེ་དེབ་གསར་ཐོན།
རེབ་གོང་གི་བོན་པོའི་ཐང་ག་ཞེས་པའི་དཔེ་དེབ་གསར་ཐོན།
[རྩོམ་གྱི་ཡོང་ཁུངས། ཁྱུང་སྐྱུགས།] [རྩོམ་པ་པོ། ཁྲི་གཡུང་དྲུང་།] [ཟླ་ཚེས། 11-07-28] [ཀློག་གྲངས། ]


རྩོམ་སྒྲིག་པ། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་སོགས།

《རེབ་གོང་གི་བོན་པོའི་ཐང་ག》ཞེས་པའི་གཡུང་དྲུང་བོན་གྱི་དེབ་ཐེར་འདི་ནི་ཕྱི་ལོ༢༠༡༡ལོར་ཉི་ཧོང་གི་རྒྱལ་ས་ཨོ་ས་ཀ་(Osaka)རུ་པར་སྐྲུན་མཛད་པའི་བོན་པོའི་ཐང་གའི་སྐོར་གྱི་ཞིབ་འཇུག་གི་དེབ་ཐེར་རྩ་ཆེན་སྤུས་ལེགས་ཤིག་ཡིན།
དེབ་ཐེར་འདི་ནི་ཉི་ཧོང་གི་རྒྱལ་ཡོངས་མི་རྒྱུད་དཔྱད་ཞིབ་རིག་པའི་འགྲེམ་སྟོན་ཁང་གི་ལས་འཆར་ཆེན་པོ་བཞིའི་གྲས་ཀྱི་གཅིག་ཡིན་ལ། དེབ་ཐེར་འདི་ཉིད་ཀྱི་ནང་དུ་ཁྱོན་བསྡོམས་བོན་པོའི་ཐང་ག་གཙོ་གྲས་༥༡་བཀོད་ཡོད་ལ། སྡེ་ཚན་ཆེན་པོ་གསུམ་དུ་དབྱེ་ཡོད། དེ་ཡང་སྡེ་ཚན་དང་པོ་ནི་བདག་ཅག་གི་སྟོན་པ་༧རྒྱལ་བ་གཤེན་རབ་མི་བོ་མཆོག་གི་མཛད་ཆེན་བཅུ་གཉིས་དང་ཆོ་ག་བཅུ་གཉིས་སོགས་ཀྱི་སྐུ་ཐང་དང་། སྡེ་ཚན་གཉིས་པ་ནི་བླ་མ་བརྒྱུད་པ་དང་གཏེར་སྟོན། མཁན་བརྒྱུད་བཅས་ཀྱི་སྐུ་ཐང་། སྡེ་ཚན་གསུམ་པ་ནི་ཡི་དམ་དང་མཁའ་འགྲོ་བཀའ་སྐྱོང་སོགས་ཀྱི་སྐུ་ཐང་བཅས་བཀོད་ཡོད། དེ་བཞིན་སྐུ་ཐང་རེ་རེ་བཞིན་དབྱིན་བོད་ཟུང་འབྲེལ་གྱིས་འགྲེལ་བཤད་དང་མཆན་བུ་བཏབ་གནང་ཡོད་པ་བཅས་དཔེ་དེབ་འདི་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་ཙམ་མོ།།

གྱེར་ནག་ཚང་བློ་གྲོས་འགྱུར་མེད་ཀྱིས་ངོ་སྤྲོད་གནང་།
ཁྲི་གཡུང་དྲུང་གི་ཧི་བོན་ཟིན་བྲིས་༼ཁྱུང་སྐྱུགས་༽ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག