ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> དཔེ་ཚོགས། >> ཧོར་པ་དྲུང་རམས་པ་སྨྲ་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོའི་གསུང་འབུམ་པར་དུ་བསྐྲུན་པ།
ཧོར་པ་དྲུང་རམས་པ་སྨྲ་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོའི་གསུང་འབུམ་པར་དུ་བསྐྲུན་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཨ་སྔགས་ཚེ་རིང་བཀྲ་ཤིས།] [ཟླ་ཚེས། 12-02-25] [ཀློག་གྲངས། ]

ཧོར་བ་དྲུང་རམས་པ་༧སྨྲ་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོའི་གསུང་འབུམ་ཕྱོགས་སྒྲིག་ཉེ་ཆར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ་རེད།

གསུང་འབུམ་དཔེ་དེབ་སྟོད་སྨད་བར་གསུམ་དུ་ཕྱེ་ནས་པར་དུ་བསྐྲུན་པ་རེད།

༧སྨྲ་དབང་བསྟན་འཛིན་བློ་གྲོས་མཆོག་གི་རྣམ་ཐར་མདོར་བསྡུས་གཤམ་གྱི་དྲ་གནས་སུ་ཡོད།
http://www.himalayabon.com/article/character/celebrity/20111016652.html
 
སྨྲ་དབང་མཆོག་གི་སྐུ་གདུང་དང་། གསུང་འབུམ་པར་སྐྲུན་ལ་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱིས་བསྩལ་བའི་རྟེན་འབྲེལ་ཤིས་ཚིག

སྨྲ་དབང་མཆོག་གི་ཞལ་བཀོད་༧རྗེ་མཉམ་མེད་རིན་པོ་ཆེའི་སྐྱེས་ཐང་དང་། གསུང་འབུམ་པར་སྐྲུན་ལ་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱིས་བསྩལ་བའི་རྟེན་འབྲེལ་ཤིས་ཚིག

༧སྨྲ་དབང་མཆོག་གི་ཕྱག་བྲིས་དང་གསུང་འབུམ་ཁ་ཤས་ཀྱི་ཤིང་པར་སོགས་དང་། གསུང་འབུམ་པར་སྐྲུན་ལ་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱིས་བསྩལ་བའི་རྟེན་འབྲེལ་ཤིས་ཚིག

དཔེ་སྒྲིག་གསལ་བཤད།

   དེ་ཡང་སྟོང་གསུམ་གྱི་འཇིག་རྟེན་འདུལ་བའི་སྟོན་པ་ཆེན་པོ་རྣམ་མཁྱེན་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གདུལ་བྱའི་བློ་དང་མོས་པར་འཚམས་པའི་བཀའ་འཁོར་རིམ་པ་གསུམ་བསྐོར་ནས་བཀའ་བརྒྱད་ཁྲི་བཞི་སྟོང་སོགས་བསྟན་པ་རྗེས་སུ་བཞག་པ་དང་། གདུང་སོབ་ཆེན་པོ་སོགས་ཀྱི་བཀའ་བརྟེན་རྣམ་དག་ཇི་སྙེད་ཅིག་རྒྱན་དྲུག་དང་མཁས་བཞི་སོགས་ཀྱི་སྐུ་དྲིན་ལས་ཞང་བོད་སོགས་སུ་བསྒྱུར་སྤེལ་གནང་བ་དང་། ཡང་ཞང་བོད་ཀྱི་མཁས་གྲུབ་སྐྱེས་མཆོག་དག་གི་གསུང་རབ་ཤིན་ཏུ་མང་བ་རྣམས་བརྒྱུད་འཛིན་རིམ་བྱོན་རྣམས་ཀྱིས་དར་སྤེལ་གནང་བའི་མཐུ་དཔལ་གྱིས། དེང་གི་དུས་སུའང་རང་རེ་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་ཞེས་སུ་གྲུབ་པ་ཚང་མས་ཤེས་གསལ་ལྟར་ལགས།
   སྐབས་དོན། ཨ་མདོ་ཟིང་ཆུ་སྐྱང་ཚང་ཧོར་བ་ཚང་ཞེས་པར་སྐུ་བལྟམས་ཤིང་སྔོན་གྱི་ལས་འཕྲོ་སད་ནས་སྐྱང་ཚང་དགོན་དུ་བོན་སྒོ་ཞུགས་ཏེ། མཁས་བཙུན་བཤེས་གཉེན་དུ་མའི་ཞབས་པད་གཙུག་ཏུ་བསྟེན་ནས། བཙུན་པར་ཁྲིམས་ཞུས། མཁས་པར་བློ་སྦྱངས། གྲུབ་པར་ཉམས་ལེན་མཛད་པའི་མཁས་བཙུན་བཟང་བོའི་དཔལ་གྱིས་ཡོངས་སུ་ཕྱུག་པའི་ཧོར་བ་དྲུང་རམས་པ་༧བསྟན་འཛིན་བློ་གྲོས་རྒྱ་མཚོའམ་སྨྲ་དབང་ཀུན་དགའ་རང་གྲོལ་མཆོག་ཅེས་མཚན་ཡོངས་སུ་གྲགས་པ་གང་དེའི་ཟླ་བྲལ་མཁྱེན་དཔྱོད་ཀྱི་རྩལ་ལས་གྲུབ་པའི་བཀའ་བརྟེན་ནམ་གསུང་རྩོམ་མདོ་སྔགས་སེམས་གསུམ་རིག་གནས་དང་བཅས་པ་རྗོད་བྱེད་ཚིག་གི་ཆ་ནས་སྙན་ཞིང་འཇེབས་པ་དང་བརྗོད་བྱ་དོན་གྱི་སྒོ་ནས་གོ་བདེ་བ་ཁ་གསལ་འདི་གསུམ་འཛོམས་པ་དུ་མ་ཞིག་ཕྱི་རབས་རྗེས་འཇུག་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཞག་པ་རྣམས་ལས། ༼བརྡ་དག་དཔག་བསམ་ལྗོན་པའི་སྙེ་མ།༽༼མངོན་བརྗོད་ཨེར་སངས་བུ་མོའི་ཞལ་ལུང་།༽༼མཚན་ཉིད་ངོས་འཛིན།༽༼དམུ་རྒྱལ་གཤེན་གྱི་སྐྱེས་རབས་དང་མཁན་གོང་མའི་མཛད་རྣམ།༽༼སྔགས་ཕྱོགས་ལ་མཁོ་བའི་རྣམ་བཤད་དང་ཟིན་བྲིས་ཀྱི་སྐོར།༽སོགས་དམ་པ་ཁོང་གི་དངོས་སློབ་སྐྱང་དགོན་གྱི་བླ་རབས་ཉི་ཤུ་བ་བློ་བཟང་རྒྱ་མཚོ་མཆོག་སོགས་ནས་བདག་ཉར་བྱས་ཡོད་ཀྱང་། གཞན་ཁོང་གི་གསུང་འབུམ་གྱི་དཀར་ཆག་ཏུ་འཁོད་པའི་༼རྣལ་འབྱོར་རོལ་བའི་དགའ་སྟོན། མགྱོགས་རྩིས་བསྡུས་པ། ས་དཔྱད་གསེར་གྱི་མེ་ལོང་། སྙན་ངག་དོན་རྒྱན་སོ་ལྔ། ལུང་རིག་གྲངས་ལྔའི་རེའུ་མིག དོན་རྒྱུད་བཅུད་དྲིལ། མ་རྒྱུད་བདག་འཛིན་ལམ་ལྔའི་ཊི་ཀ ལྷག་བཅས་ལྷག་མེད་ཀྱི་སྐོར། དགེ་བའི་དཀར་ཆག་མཐོང་བ་རང་གྲོལ། རྟོགས་པ་མཆོག་ལྡན་གྱི་གདུང་འབུལ་བའི་བསྟོད་པ། འཕོ་བའི་ཞལ་གདམས། སྣང་ཞིག་ནམ་མཁའ་བློ་གྲོས་ཀྱི་གསོལ་འདེབས། ཁྲོ་བོ་དབང་ཆེན་གྱི་སྨོན་ལམ། སྐྱང་སྤྲུལ་ཡི་དམ་ཀུན་འདུས་བྲུ་ལུགས་ཀྱི་ཟིན་རིས། གདང་དྲག་དབལ་ཆུའི་ཟིན་རིས། ༽བཅས་དུས་འགགྱུར་ཆེན་མོའི་སྐབས་སུ་བརླགས་སོང་བས་ཐེངས་འདིར་འཚོལ་སྡུད་བྱེད་མ་ཐུབ་མོད། ཕྱིས་སུ་ལག་ཏུ་ལོན་ནས་གསུང་འབུམ་བསྐྱར་པར་བྱེད་སྐབས་ཁ་བསྣན་བྱེད་ཆོག་གོ །
   དེ་ཡང་དེང་སང་ལག་ཏུ་ལོན་པའི་གསུང་འབུམ་འདི་དག་ལྷ་གྲོགས་དམ་པ་རྒྱ་སྒོ་རྟོགས་ལྡན་སྐལ་བཟང་བསྟན་འཛིན་གྱིས་ལྷག་བསམ་རྣམ་པ་དག་པས་བསྟན་པ་དང་དཔོན་གསས་བླ་མའི་སྲི་ཞུར་དམིགས་ནས་ཕྱོགས་སྒྲིག་བྱེད་དགོས་པའི་སྐུལ་མ་ཡང་ཡང་གཏོང་བ་དང། ཤར་སྐྱང་དགོན་སློབ་གཉེར་བའི་བསླབ་གཞི་སོགས་ལའང་མཁོ་གལ་ཆེ་བར་དམིགས་ནས་དེ་ལུགས་ཀྱི་རྩོལ་བར་ཞུགས་ཚེ། སྐྱང་དགོན་གྱི་༧མཁན་སློབ་རྣམ་པ་ཟུང་དང་། དམ་པ་ཁོང་གི་དངོས་སློབ་རྣམས་དང་གྲོགས་པོ་དུ་མའི་རོགས་རམ་དང་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པས། འདི་གའི་ཤར་སྐྱང་ཚང་དགོན་༼ཟིང་ཆུའི་ལོ་དེབ།༽དཔེ་སྒྲིག་ཁང་གིས་གསུང་འབུམ་འདི་ཀོ་ཕྱོགས་སྒྲིག་གི་འགན་ཡོངས་སུ་ཁུར་ཅིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་ཏུ་བསྐྲུན་པ་ལགས་སོ། །

དཔེ་སྒྲིག་པས། 


༧སྨྲ་དབང་མཆོག་གི་གསུང་རྩོམ་སྒྲ་འཁོར་པར་རིས།

༧སྨྲ་དབང་མཆོག་གི་གསུང་རྩོམ་སྒྲ་འཁོར་པར་རིས།


༧སྨྲ་དབང་མཆོག་གི་ཕྱག་བྲིས་ཡིག་གཟུགས་སྣ་ཚོགས།

གསུང་འབུམ་དཔེ་སྒྲིག་གི་བློ་འདྲི་ཞུ་ཡུལ་དང་། ཞུ་དག་པ། དཔེ་སྒྲིག་པ། ཡིག་གཏགས་པ། དེ་བཞིན་དཔེ་སྒྲིག་སྤྱི་ཁྱབ་བཟོ་འགོད་པ། རྩོམ་སྒྲིག་འགན་ཁུར་བཅས།

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་དབུ་འཛིན་མཁས་དབང་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ནས་གནས་ཚུལ་མཁོ་འདོན་གནང་བར་བཀའ་དྲིན་ཆེ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག