ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> ༢༠༡༡༼གཉའ་ཁྲི་བཙད་པོ།༽
༢༠༡༡༼གཉའ་ཁྲི་བཙད་པོ།༽
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྣང་མཐའ་བསྟན་འཛིན་ཉི་མ།] [ཟླ་ཚེས། 11-01-29] [ཀློག་གྲངས། ]


མདུན་ངོས།

རྒྱབ་ངོས།

མདུན་ངོས་ནང་མ།

རྒྱབ་ངོས་ནང་མ།

༼འོག་གི་དཔྱད་གཏམ་པ་ཁ་ཤས་ལ་གསལ་འདེབས་ཀྱི་ཚུལ་དུ་གཉའ་ཁྲི་བཙད་པོའི་རྩོམ་སྒྲིག་པས་ཆེད་དུ་ཕུལ་བ་རེད།༽གྲྭ་རྐྱང་ཞིག་གིས་དུས་དེབ་ཅིག་གཉེར་བ་ལ་དཀའ་ཁག་མང་པོ་མང་པོ་ཞིག་ཡོད་པ་བཤད་མ་དགོས་པ་རེད། ལྷག་པར་དུ་གཉའ་ཁྲི་བཙད་པོ་ལྟ་བུ་ནི་རྨོངས་ཞེན་དང་ཕྱོགས་མཐའ་སོགས་ཀྱི་རྒྱ་ལས་གྲོལ་ཅི་ཐུབ་བྱས་ཏེ་ད་བར་གྱི་བོད་ཀྱི་དགོན་སྡེ་དག་ནས་ཐོན་པའི་དུས་དེབ་ཚོ་ལ་བལྟས་ན་རྣམ་པ་དང་དོན་གྱི་ཆ་ནས་དཀྱེལ་ཡངས་ཅན་དུ་འདུག་ཅེས་སྐད་ཆེན་པོས་བཤད་ན་འདོད། འདིར་རྒྱས་སྤྲོས་ཀྱི་སྒོ་ནས་བཤད་ན་སྒེར་འཛིན་དང་རང་དབང་དབུ་མ་བློ་མིག་ན་ཟུག་ཕྱིར་རྟོགས་སོགས་ཀྱི་ལམ་བུ་དམིགས་ཕྱོགས་ཅན་ཡིན་པས་འདི་ལྟ་བུ་ནི་དགོན་པ་ནས་ཕུད་རྒྱུ་ཤིན་ཏུ་དཀའ་ཁག་ཆེ་བར་འདོད། ཡིན་ནའང་བསྟན་བཤིག་དང་ཉེས་ཅན་གྱི་གཉའ་ཁྲི་བཙད་པོ་ལོ་རེ་བཞིན་ཁྱེད་ཅག་གི་སྤྱན་ལམ་དུ་བསྟར་ཅི་ཐུབ་བྱས་པ་ཡིན། ལོ་དེབ་འདིའི་སྤྱིའི་དེབ་གྲངས་བཅུ་བདུན་མ་ཐོན་བར་དུ་འདི་ལ་དབྱིན་ཡིག་གི་ཁ་བྱང་བཀོད་མ་ཐུབ་ཐལ། ད་ལོ་རྒྱ་ནག་ཁྲིན་ཏུའུ་ནས་དེབ་འདིའི་མདུན་ཤོག་བཟོ་སྐབས་དབྱིན་ཡིག་གི་མིང་འདི་འབྲི་ཐབས་བྱས་པ་ཡིན། གྲྭ་རྐྱང་ཞིག་གི་ཚོགས་སྐལ་ཙག་ཙིག་ཅིག་གིས་དེབ་འདི་ཕུད་རྒྱུ་ཟེར་ན་ཧ་ཅང་དཀའ་མོ་ཡིན་པས་གཉའ་ཁྲི་བཙད་པོའི་ཚེ་སྲོག་སྲུང་ཕྱིར་སྦྱིན་བདག་ཚོ་ལ་ལག་ཟུང་བསྲིངས་པ་ཡིན་པས་མདུན་ཤོག་གི་ནང་མ་ནམ་ཡང་སྦྱིན་བདག་ངོ་སྤྲོད་ཀྱི་ས་མིག་ཅིག་ཏུ་བཞག་པ་ཡིན་པས་སྦྱིན་བདག་གི་རེ་བ་དགའ་བོ་ཞིག་བསྐང་རྒྱུ་དུས་དེབ་འདིའི་ཚེ་སྲོག་དང་འབྲེལ་བ་དམ་པོ་ཡོད། དེ་མིན་གཉའ་ཁྲི་བཙད་པོའི་ཟིན་བྱང་དང་ནང་གི་རྩོམ་རྣམས་ད་ལྟ་སྨོན་ལམ་གྱི་བར་གསེང་འདིར་དུས་ཚོད་དེ་ཙམ་མེད་པས་དྲ་ཐོག་ཏུ་བཀོད་ཐབས་མ་བྱུང་ཐལ། ཡིན་ནའང་མི་འགྱངས་པར་བཀོད་ངེས་ཡིན། དེ་མིན་ནོར་བ་ཡོད་ཚེ་བཟོ་བཅོས་ཡོད་ངེས་ཡིན་འདི་ནི་གཉའ་ཁྲི་བཙད་པོས་ཁྱེད་ལ་སྦྱིན་པའི་དེ་སྐད་ཆ་ཡིན། གསལ་བཤད་ཅིག་ལ་སྦྱིན་བདག་སྤྲུལ་སྐུ་ནམ་མཁའ་ནི་རྒྱལ་རོང་སྤ་ཚང་ཕྱོགས་ཀྱི་ནམ་མཁའ་ཡིན་པ་ལས་རྒྱ་འོབས་ནམ་མཁའ་མིན། འདིར་ཅིས་ཀྱང་ཞུ་དགོས་པ་ནི་འཇིགས་མེད་གླིང་པ་དང་སྣང་ཤེས་དགེ་བློ་གྲོས་སོགས་དུས་དེབ་འདིའི་བཟང་ངན་ཡག་རྩོག་གླེང་མཁན་གྱི་མྱི་བུ་ཡོངས་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཞུ།

དེབ་འདིའི་རྩོམ་སྒྲིག་པ་ཀ་ཤུལ་བསོད་རིན་ནས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག