ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> ༼དམུ་རིགས་གཤེན་གྱི་བསྟན་འབྱུང་༽པར་དུ་བསྐྲུན་པ།
༼དམུ་རིགས་གཤེན་གྱི་བསྟན་འབྱུང་༽པར་དུ་བསྐྲུན་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 11-02-08] [ཀློག་གྲངས། ]


གཤེན་བཙུན་ཉི་མ་འོད་ཟེར་གྱིས་རྩོམ་སྒྲིག་བྱས།

དེང་གི་ཆར་དུས་རབས་ཉེར་གཅིག་པའི་འཛུམ་རིས་མངོན་པར་བཞད་པའི་སྐབས་འདིར། གོ་ལ་ཧྲིལ་བོའི་ཁྱོན་ཀུན་ལ་མི་རིགས་མི་གཅིག་པ་ཁག་གིས་ནུས་ཤུགས་ཡོད་རྒུ་བཏོན་སྟེ། སོ་སོ་རང་རང་གི་ཆོས་དང་རིག་གནས་གོམས་སྲོལ་སོགས་ལ་མྱུར་སྐྱོབ་དང་འཕེལ་རྒྱས་གཏོང་བ། ཕན་ཚུན་ཤེས་རིག་འགྲན་རྩོད་ཀྱི་བང་ཁ་གཤིབ་སྟེ། རྣམ་དཔྱོད་ཀྱི་བང་རྩལ་ངོམ་རེས་བྱེད་པ་དང་། ཤེས་རིག་བགྲོ་གླེང་གི་རྦ་རླབས་འཕྱུར་བཞིན་པའི་སྐབས་འདིར། རྒྱལ་གཤེན་བསྟན་པའི་རིང་ལུགས་ལ་ལྷག་བསམ་གངས་རི་ལས་དཀར་ཞིང་། དུང་སེམས་མཚོ་མོ་ལས་ཟབ་པའི་༧གཤེན་བཙུན་ཉི་མ་འོད་ཟེར་མཆོག་གིས་དཀའ་བ་ཁྱད་བསད་ངལ་བ་དང་ལེན་གྱི་སྒོ་ནས་༼དམུ་རིགས་གཤེན་གྱི་བསྟན་འབྱུང་།༽ཞེས་པ་ས་བཅད་རྣམ་པ་བདུན་གྱི་ཁོག་དབུབ་ཏེ། དམུ་རྒྱལ་གཤེན་གྱི་གདུང་རབས་དང་། དེ་བཞིན་གཤེན་ལུགས་འཛིན་པའི་སྐྱེས་ཆེན་རྣམ་པའི་མཛད་རྣམ་ངོ་སྤྲོད། གདན་ས་ཕྱིའི་གནས་ཀྱི་བཀོད་པ། ནང་གི་བླ་བྲང་༧གསེར་སྒོ་ཁྲ་མོ་དང་དེ་བཞིན་དུ་༧རི་རྒྱལ་དགོན་གྱི་སྔ་དར་དང་ད་ལྟའི་ཕྱི་ནང་རྟེན་དང་བརྟེན་པའི་ངོ་སྤྲོད་སོགས། འཚོལ་བསྡུ་དང་། ལེགས་བསྒྲིགས། མྱུར་སྐྱོབ་སོགས་མཛད་དེ་རྩོམ་བསྒྲིག་བྱས་པ་འདི་ནི། འཇིག་ཉེས་དང་འཕྲན་བཞིན་པའི་རང་རེའི་ཆོས་རིག་གི་ཐད་ལ་བླ་ན་མེད་པའི་མཛད་རྗེས་ཞིག་ལོས་ཡིན། དེར་བརྟེན་ད་ལྟའི་དུས་འདིར་རང་རེ་སྨྱུག་ཐོག་པ་ཚང་མས་རང་རང་གི་ཕྲག་ཏུ་བབས་པའི་འགན་འཁྲི་ཁུར་དུ་བཞེས་ཏེ། རང་ནུས་ཐེག་ཚད་ཀྱི་འོས་འགན་ཅུང་ཙམ་བསྒྲུབ་ན་ཧ་ཅང་གི་བསྟན་ལ་སྨན་པའི་མཛད་འཕྲིན་ཞིག་ཡིན་པ་སྨྲོས་མེད་ཡིན།

ཞེས་བོན་གྱི་དགེ་མིང་བ་གཡུང་དྲུང་བསྟན་རྒྱལ་གྱིས་ལྷ་ལྡན་གྲོང་ནས།



 

ས་བཅད་དང་བོ། སྤྱི་ཁོག་ལོ་རྒྱུས་བསྟན་པ་བྱུང་ཁུངས་མདོ་ཙམ་བསྟན་པ་བྱིན་རླབས་དབང་གི་ཆར་འབེབས་ཞེས་བྱ་བ་བཞུགས།
ས་བཅད་གཉིས་པ། ཀུན་གྱི་ནང་ན་སྤྱི་རྗེའི་གཙུག་གི་ནོར་བུ་ལྟར་ཡོངས་སུ་དཔགས་པའི་དམུ་གཤེན་ལྷའི་གདུང་རབས་དབྱར་གྱི་རྔ་གསང་ལྡིར་བའི་སྒྲ་དབྱངས།
ས་བཅད་གསུམ་པ། བསྟན་པའི་གསལ་བྱེད་ཆེན་པོ་སྤྲུལ་སྐུ་གཤེན་ཆེན་ཀླུ་དགའི་རྣམ་ཐར་དང་ལྷོ་གཏེར་བོན་གྱི་ལོ་རྒྱུས་ལ་དཔྱད་པ།
ས་བཅད་བཞི་བ། གདན་སའི་གནས་ཀྱི་བྱུང་བ་དད་གསུམ་ངག་གི་རོལ་མོ།
ས་བཅད་ལྔ་བ། གསས་ཁང་གསེར་སྒོ་ཁྲ་མོ་དང་གཤེན་ཚང་བླ་བྲང་གི་ལོ་རྒྱུས་དང་ནང་རྟེན་དཀར་ཆག་མཐོང་བ་དོན་ལྡན་བྱ་བ།
ས་བཅད་དྲུག་པ། དམུ་རིགས་གཤེན་གྱི་གདན་ས་རི་རྒྱལ་དགོན་ཁྲི་བརྟན་ནོ་བུ་རྩེའི་མཁན་རབས་རིམ་བྱོན་གྱི་མཛད་རྣམ་ནོར་བུ་རྒྱན་གྱི་གཏེར་ལྡན་ཞེས་བྱ་བ་བཞུགས།
ས་བཅད་བདུན་པ། རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེའི་བྱུང་རིམ་དང་ནང་རྟེན་དཀར་ཆག་དད་པའི་ཀུནྡ་བཞད་པའི་གཟི་འོད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག