ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> «ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་ངོ་སྤྲོད་བློ་གསར་སྒོ་འབྱེད»པར་ཐེངས་གཉིས་པ་དཔར་དུ་བསྐྲུན་པ།
«ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་ངོ་སྤྲོད་བློ་གསར་སྒོ་འབྱེད»པར་ཐེངས་གཉིས་པ་དཔར་དུ་བསྐྲུན་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 11-12-20] [ཀློག་གྲངས། ]

འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ལགས་ཀྱིས་བརྩམས་པའི་༼ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་ངོ་སྤྲོད་བློ་གསར་སྒོ་འབྱེད་༽པར་ཐེངས་གཉིས་པ་དཔར་དུ་བསྐྲུན་པ།

   དེ་ཡང་འདི་ག་ངེད་༼ཧི་མ་ལ་ཡའི་བོན༽དྲ་བའི་གཙོ་སྒྲུབ་པ། དཔལ་གདན་ས་གཤེན་བསྟན་སྨན་རིའི་གླིང་གི་དགེ་བཤེས་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་གིས་བརྩམས་པའི་༼ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་ངོ་སྤྲོད་བློ་གསར་སྒོ་འབྱེད་༽ཅེས་པའི་ནང་དུ་གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ལོ་རྒྱུས། གྲུབ་མཐའ། སྐྱེས་ཆེན་མཁན་རབས་བླ་སྤྲུལ། བསྟན་པ་དར་ཚུལ་སོགས་ཀྱི་སྐོར་ལ་དྲི་བ་དྲིས་ལན་གྱི་ཚུལ་དུ་མཛད་པ་དེ་ཉིད་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཤན་སྦྱར་དུ་སྔར་1999ལོའི་ཟླ་7པར་པེ་ཅིན་དུ་པར་ཐེངས་དང་བོ་བརྒྱབ་པ་དང་། ད་ཆ་2011ལོའི་ཟླ་5པེ་ཅིན་དུ་པར་ཐེངས་གཉིས་པ་བརྒྱབ་པ་དང་ད་ཆ་རྒྱལ་ཡོངས་ཀྱི་དཔེ་ཚོང་ཁང་ཁག་ཏུ་འགྲེམ་སྤེལ་བྱས་ཡོད་པ་རེད།



དཔེ་སྐྲུན་གསལ་བཤད།

   གཡུང་དྲུང་བོན་ཞེས་བོད་རང་ས་ནས་བྱུང་བའི་ཆོས་ལུགས་འདིར་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། གཞུང་གི་རྣམ་བཞག་ཆ་ཚང་བ། ཐུན་མིན་གྱི་ཁྱད་ཆོས་མངོན་པར་གསལ་བར་བཅས་ཀྱིས་བོད་ཀྱི་ཤེས་རིག་ལོ་རྒྱུས་ཐོག་བསུབ་ཐབས་བྲལ་བའི་གོ་གནས་འགངས་ཆེན་ཟིན་པས་རྒྱལ་ཁབ་ཕྱི་ནང་གི་མཁས་པའི་ཁྲོད་ན་སྙན་པ་མཁའ་ལ་འཕྱོ། འོན་ཀྱང་ལོ་རྒྱུས་ཀྱི་དབང་གིས་མི་རིགས་གཞན་པ་ཕར་ཞོག བོད་རིགས་རང་ཉིད་ནང་མང་ཆེ་ཤས་ཀྱིས་ནོར་བུའི་ནོར་ཉམས་མ་ལོན་པའི་ཚུལ་དུ་གྲུབ་མཐའ་འདིར་རྒྱུས་མེད་པ་དང་། ཐ་ན་འགའ་ཞིག་གིས་གྲུབ་མཐའ་འདིར་དོགས་འཛེམས་བྱེད་པའང་ཡོད་པས་ཤིན་ཏུ་མི་འོས་པས་གནས་ལགས་ན། ད་ཆ་ཆོས་དད་རང་མོས་ཀྱི་སྐལ་བཟང་གི་དུས་འདིར། སྲོལ་རྒྱུན་རིག་གནས་དང་ཆོས་ལུགས་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་སྤྱི་དང་ལྷག་པར་དུ་བོད་རང་ས་ནས་བྱུང་བའི་ཆོས་ལུགས་ལ་ཐོས་བསམ་གྱིས་བོད་རིག་པའི་གཏིང་རྒྱུས་བླངས་ནས་བོད་ཀྱི་གྲུབ་མཐའ་རྣམས་རིས་མེད་དུ་དད་སྤེལ་བྱེད་རྒྱུ་བདག་ཅག་གི་བགོ་སྐལ་དུ་བབ་ཡོད་པས། ངེད་དཔེ་སྐྲུན་ཁང་གིས་བོན་གྱི་མཁས་པ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ལགས་ཀྱིས་བརྩམས་པའི་མདོ་དྲིལ་ལ་གོ་བདེ་བའི་དེབ་འདི་རྒྱ་བོད་ཤན་སྦྱར་གྱིས་དཔར་དུ་བསྐྲུན་པ་འདི། བོད་རིག་པ་དར་ཞིང་བོད་ཆོས་རིས་མེད་ཕྱོགས་མཐར་རྒྱས་པའི་རྒྱུ་རུ་གྱུར་ཅིག་གུ། །

མི་རིགས་དཔེ་སྐྲུན་ཁང་ནས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག