ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> «བོན»དེབ་ཀྱི་རྩོམ་སློང་བརྡ་སྦྱོར།
«བོན»དེབ་ཀྱི་རྩོམ་སློང་བརྡ་སྦྱོར།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཧྲེ་ཤུལ་གཡག་རྒོད།] [ཟླ་ཚེས། 11-12-17] [ཀློག་གྲངས། ]

སྨྱུག་འཛིན་པ་ལགས།
    དེ་ཡང་ཆེས་གདོད་མ་ནས་རང་ས་ནོར་བུ་འདྲ་བོ་གཅེས་པའི་སྲོག་གིས་བདག་གིར་བཟུང་ཞིང་།རིག་གནས་མིག་འབྲས་འདྲ་བོ་སེམས་དང་བསམ་པས་བསྐྱངས་ནས་མི་ལོ་ཁྲི་སྟོང་མང་པོ་འགོར་ན་ཡང་། ལོ་རྒྱུས་ཀྱི་དཀྱོགས་མཚམས་རེ་རེ་ནས་ཚད་མི་འདྲ་བའི་གནོད་པ་ངེས་ཅན་ཐེབས་ཤིང་། ཐ་ན་ང་ཚོའི་མཐོང་ལམ་དུ་མངོན་པར་དཀའ་བའི་རིག་གཞུང་མང་པོ་ཞིག་ཀྱང་ཐལ་དང་རྡུལ་དུ་བཏང་ཟིན།ཡིན་ན་ཡང་། དུས་རབས་གསར་བའི་མདུན་སྐྱོད་ཀྱི་གོམ་ཁ་ཡར་ནས་ཡར་ལ་ཕྱོགས་པའི་འཛམ་གླིང་ཅན་གྱི་དུས་རབས་འདིར། བོད་ཁ་བ་ཅན་གྱི་རིག་གནས་སྔར་བས་དར་རྒྱས་ཡོང་བར་ཕུགས་བསམ་དང་འདུ་ཤེས་ལྡན་པའི་གཞོན་སྐྱེས་བོན་གྲྭ་ཁག་ཅིག་གིས་བོད་ཀྱི་སྤྱི་ཚོགས་ཡོངས་ལ་དམིགས་ཁུལ་གྱིས༼བོན༽ཞེས་པའི་སྣ་འཛོམས་ལོ་དེབ་ཞིག་པར་སྐྲུན་བྱེད་རྩིས་ཡོད་པས། བོན་དང་འབྲེལ་བའི་རྩོམ་ལུས་སྣ་ཚོགས་དང་བོད་ཀྱི་སྤྱི་ཚོགས་ཡར་སྐུལ་ལ་དམིགས་པའི་རྩོམ་ལུས་སྣ་ཚོགས་ཀྱིས་རྒྱབ་སྐྱོར་བླ་མེད་གནང་བར་བཀའ་དྲིན་ཆེ་ཞུས་པ་ཡིན།

ཞེས་རྔ་བ་རྫོང་རྔ་སྨད་ཅོག་ལོ་དགོན་སྒོམ་སྒྲུབ་སློབ་གླིང་གིས།

རྩོམ་སྐུར་ཡིག་སྒམ། zangrenwangza@126.com
地址:阿坝县下阿坝安羌乡中安村教洛寺 然布索 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག