ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> བོན་གྱི་ལོ་རྒྱུས་མདོར་བསྟན་གནད་ཀྱི་ཕྲེང་བ་འགྲེམས་སྤེལ་བྱས་པ།
བོན་གྱི་ལོ་རྒྱུས་མདོར་བསྟན་གནད་ཀྱི་ཕྲེང་བ་འགྲེམས་སྤེལ་བྱས་པ།
[རྩོམ་གྱི་ཡོང་ཁུངས། རྨ་ཡུལ་ཁྲི་ཀའི་རིག་གནས་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 13-01-30] [ཀློག་གྲངས། ]

དེབ་འདི་ནི་བོན་ལ་ཞིབ་འཇུག་བྱེད་མཁན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ། སློབ་དཔོན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཚེ་རིང་ཐར་ལགས་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཆེན་མོ། བོན་གྱི་ཆེད་མཁས་པ་དོན་གྲུབ་ལྷ་རྒྱལ་གཉིས་ཀྱིས་མཉམ་འབྲེལ་གྱིས་བརྩམས་ཏེ་གྲུབ་པ་ཞིག་རེད་ལ། བོན་གྱི་བྱུང་འཕེལ་དང་། བོད་བཙན་པོའི་དུས་ཀྱི་བོན། བོན་བསྟན་ཕྱི་དར་གྱི་དུས་སྐབས། དུས་རབས་བཅོ་ལྔ་ནས་དུས་རབས་ཉི་ཤུའི་བར་གྱི་བོན་གྱི་གནས་སྟངས། གཡུང་དྲུང་བོན་ཆོས་ཀྱི་ལྟ་གྲུབ་མདོར་བསྟན། དེང་གི་བོན་གྱི་གནས་བབ་བཅས་ཁྱོན་ལེའུ་དྲུག་ཏུ་ཕྱེས་ཏེ་གྲུབ་པའི་དེབ་ཅིག་ཡིན། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག