དཔལ་གཤེན་བསྟན་གཡུང་དྲུང་རབ་བརྟན་གླིང་གི་ལོ་དེབ༼སྦྲ་གུར་གྱི་འོད་སྣང་༽སྤྱིའི་འདོན་ཐེངས་ལྔ་བ་དང་དྲུག་པ།
༢༠༡༡ལོའི་དེབ། སྤྱི་དེབ་ལྔ་བ།
༢༠༡༡ལོའི་དེབ། སྤྱིའི་འདོན་ཐེངས་ལྔ་བའི་མདུན་ངོས།
མདུན་ངོས་ནང་མ།
རྒྱབ་ངོས་ནང་མ།
རྒྱབ་ངོས།
༢༠༡༡ལོའི་དེབ་ཀྱི་དཀར་ཆག
སྔོན་གླེང་ནོར་བུའི་དགའ་ཚལ།
དེང་གི་ཆར་འཛམ་བུ་གླིང་འདིར་འགྲོ་བ་མིའི་ཤེས་ཡོན་དང་རིག་གནས་དཔལ་འབྱོར་གང་ཅིའི་ཐད་ཡར་རྒྱས་དཔག་མེད་འགྲོ་བཞིན་དང་། ལྷག་ཏུ་ཕྱི་དངོས་པོའི་དཔལ་ཡོན་དང་ཚན་རིག་གི་ལྟ་གྲུབ་རིག་གནས་ཧ་ཀྱང་ཚད་མཐོར་ཕྱིན་ཡོད། ཡིན་ནའང་བསྟན་འགྲོར་ཕན་བདེའི་རྩ་བ་ནང་སེམས་ཀྱི་གཉེན་པོ་ནང་པ་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་༧སངས་རྒྱས་གཡུང་དྲུང་བོན་གྱི་རིང་ལུགས་དྲི་མ་མེད་པའི་བསྟན་པ་རིན་པོ་ཆེའི་རིག་གཞུང་འདི་ཉིད་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ཆོས་ལུགས་གཞན་དང་བསྡུར་ན་ད་རུང་དེ་ཙམ་དར་ཁྱབ་མ་བྱུང་བའི་རྐྱེན་གྱིས། རི་བོ་གངས་ཅན་པའི་དགོས་འབྱུང་གི་ནོར་བུ་རང་ལ་ཡོད་ཀྱང་ནོར་བུའི་ནོར་ཉམས་མ་ཆོད་པ་གབ་པའི་ཚུལ་དུ་འདི་ཉིད་བརྩི་མཐོང་དང་ཉམས་སུ་ལེན་རྒྱུ་ཚད་མཐོར་དེ་ཙམ་ཕྱིན་མེད། དེར་བརྟེན་ང་ཚོས་གནས་ཚུལ་དེ་དང་འབྲེལ་བའི་ཞང་བོད་ཀྱི་རིག་གཞུང་དར་སྤེལ་དང་། ཡུལ་གོམ་གཤིས་ལུགས་སོགས་ཀྱི་ཆེད་དུ་ལེགས་སྤེལ་ཉེས་འགོག་གི་བྱ་བ་མཐོང་ཆེན་དང་། མ་ཚད་མཐོ་སྒང་འབྲོག་པའི་ཁྱད་ཆོས་ཀྱི་འོད་སྣང་མངོན་པར་གསལ་བའི་༼ སྦྲ་གུར་གྱི་འོད་སྣང་༽ཅེས་པའི་ལོ་རྒྱུས་དངུལ་དཀར་མེ་ལོང་། དཔྱད་གཏམ་ཚངས་སྲས་ཞལ་ལུང་། སློབ་གསོ་གནད་ཀྱི་དམིགས་བུ། སྙན་རྩོམ་རྒྱུད་མང་རང་སྒྲ། ཞལ་གདམས་རིན་ཆེན་མགུར་གླུ། གནས་ཚུལ་མུན་སེལ་འོད་སྣང་སོགས་སྣ་འཛོམས་ཀྱི་ལོ་དེབ་ཆུང་ཆུང་འདི་ཉིད་བློ་གསར་དོན་གཉེར་ཅན་རྣམས་འབོད་སྐུལ་ཚུལ་དུ་སྤྱན་ལམ་དུ་བསྟར་བས། འདིའི་ནང་དོན་ལོག་འགལ་དང་ཉེས་པའི་སྐྱོན་སོགས་ཇི་སྙིད་ཞིག་མཆིས་སྲིད་ཚེ། མཁྱེན་ལྡན་མཁས་དབང་དམ་པ་རྣམས་ཀྱིས་མ་ཤེས་བཀའ་སློབ་ཟབ་མོར་ལྷུག་སྩོལ་གནང་བའི་རེ་འདུན་དང་བཅས།།
སྦྲ་གུར་གྱི་འོད་སྣང་རྩོམ་སྒྲིག་ཚོགས་ཆུང་ནས།
༢༠༡༢ལོའི་དེབ། སྤྱིའི་དེབ་དྲུག་པ།
མདུན་ངོས་འདྲ་པར།
མདུན་ངོས་ནང་མ།
རྒྱབ་ངོས་ནང་མ།
རྒྱབ་ངོས།
སྔོན་འགྲོའི་གླེང་གཏམ།
རང་རེ་ཁ་བ་ཅན་གྱི་ཞིང་འདིར་ལོ་ངོ་གཅིག་ཁྲི་བརྒྱད་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་བོད་མི་རིགས་ཀྱི་རིག་གཞུང་ཞང་བོད་ཀྱི་ཕ་ནོར་དམ་པ་སྔ་དར་སངས་རྒྱས་གཡུང་དྲུང་བོན་གྱི་ལོ་རྒྱུས་རྩ་བ་མ་རུལ། རྩེ་མོ་མ་སྐམ་པར་བཞུགས་བཞིན་དང་། དེ་ནི་དུས་རིམ་གསུམ་གྱི་དབང་དུ་བཏང་ན། དང་པོ་གཉའ་ཁྲིའི་ཡར་སྔོན་དང་། བར་དུ་བོད་རྒྱལ་རིམ་བྱུང་གི་ལོ་རྒྱུས་དང་འབྲེལ་བའི་བྱུང་རིམ་དང་། རྗེས་སུ་རིག་གསར་ཚུན་བསྟན་པ་འཕེལ་རྒྱས་སོང་ཚུལ་དང་འབྲེལ་བའི་ཁག་གསུམ་གྱི་ལོ་རྒྱུས་དང་། དཔྱད་རྩོམ། སྙན་རྩོམ་སོགས་ཀྱི་ལམ་ནས་དུས་རབས་ཉེར་གཅིག་པའི་བློ་གསར་པ་རྣམས་ལ། མེས་རྒྱལ་དང་མི་རིགས་ཀྱི་དཔལ་ཡོན་གོང་འཕེལ་དང་ཤེས་ཡོན་ཡར་བརྩོན་བཅས་ཀྱི་ཆེད་གཟིགས་སྟེགས་སུ་ཕུལ་དང་འབུལ་བཞིན་པ་མ་ཟད། ཡང་ངེད་༼ སྦྲ་གུར་གྱི་འོད་སྣང་ ༽རྩོམ་སྒྲིག་ཚོགས་ཆུང་ནས་དེ་བཞིན། ལོ་རྒྱུས། དཔྱད་རྩོམ། སློབ་གསོ། སྙན་རྩོམ། འཕྲོད་བསྟེན། ཉམས་མགུར། གནས་ཚུལ། བཅས་ཁག་བདུན་གྱི་བདག་ཉིད་ཅན་གྱི་ལོ་དེབ་དྲུག་པ་འདི་བསྐྲུན་པ་ཡིན། གཡུང་དྲུང་བོན་གྱི་ལོ་རྒྱུས་དང་འབྲེལ་བའི་ལོ་རྒྱུས་དངུལ་དཀར་མེ་ལོང་། རིག་པའི་གནད་ལ་དཔྱད་པའི་དཔྱད་རྩོམ་ཚངས་སྲས་ཞལ་ལུང་། ཡིད་འོང་སྙན་འགྱུར་འབུམ་གྱིས་འཁྱུད་པའི་སྙན་རྩོམ་རྒྱུད་མང་རང་སྒྲ། གང་དག་འབྱུང་ཕུང་ནད་གདུང་སེལ་ཞིང་ཚེ་སྲོག་ཡུན་དུ་འཚོ་ བར་ བྱེད་ པའི་ འཕྲོད་ བསྟེན་ ཕན་ བདེའི་ལམ་བཟང་། ལུགས་གཉིས་གནས་ལ་མཁས་ཆེད་སློབ་གསོ་གནད་ཀྱི་དམིགས་བུ། འཁོར་བར་ཞེན་ལོག་དམ་པའི་དོན་གཉེར་ཞལ་གདམ་རིན་ཆེན་མགུར་གླུ། གསར་བྱུང་གི་དོན་གནས་གླེང་བའི་གནས་ཚུལ་མུན་སེལ་འོད་སྣང་བཅས་འཛམ་གླིང་ས་ ཕྱོགས་ གང་ སར་ བཞུགས་ པའི་ གཟིགས་པ་པོ་རྣམས་ཀྱི་སྤྱན་སྔར། མེ་ཏོག་ཆུང་ཡང་ལྷ་རྫས་ཞེས་པའི་དཔེ་ལྟར་དམིགས་ནས་ཕུལ་བ་ཡིན་ཀྱང་། དེའི་ནང་རྩོམ་སྒྲིག་ཚོགས་ཆུང་ནས་ཉམས་མྱོང་དང་ཆ་རྐྱེན་ཞན་པ་མ་ཟད་གློག་ཀླད་ནང་དུ་ཡིག་གཏགས་སྐབས་མིག་བར་ནས་ཤོར་བ་ སོགས་མཐུན་རྐྱེན་མ་འདང་བའི་རིགས་བཟོད་གསོལ་དང་། མ་ཤེས་བཀའ་སློབ་ཟབ་མོ་ལྷུག་སྩོལ་གནང་རོགས་ཞུ་རྒྱུ་དང་། ལྷག་ཏུ་མདོ་དབུས་ཁམས་གསུམ་ཀྱི་སྨྱུག་ཐོག་ པ་ མཁྱེན་ ལྡན་ རྣམས་ ཀྱིས་རྩོམ་ཡིག་གང་མང་བསྩལ་གནང་བྱུང་བར་ཐུགས་རྗེ་ཆེ་ཞུ་དང་བཅས།།
སྦྲ་གུར་གྱི་འོད་སྣང་རྩོམ་སྒྲིག་ཚོགས་ཆུང་ནས།