ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གསུང་རབ། >> ཚགས་དེབ། >> «ཞང་བོད་ཞིབ་འཇུག»འདོན་ཐེངས་དང་པོ་འགྲེམ་སྤེལ་བྱས་པ།
«ཞང་བོད་ཞིབ་འཇུག»འདོན་ཐེངས་དང་པོ་འགྲེམ་སྤེལ་བྱས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་བསོད་བསྟན།] [ཟླ་ཚེས། 13-02-27] [ཀློག་གྲངས། ]

«ཞང་བོད་ཞིབ་འཇུག»འདོན་ཐེངས་དང་པོའི་རྒྱབ་ཤོག
 

«ཞང་བོད་ཞིབ་འཇུག»འདོན་ཐེངས་དང་པོའི་ནང་ཤོག

རྩོམ་སྒྲིག་པའི་གསལ་བརྡ།

      རང་རིགས་ལ་ཕན་འདོགས་དང་བརྩེ་བ་ཟབ་པའི་རྒྱ་ཆེ་བའི་སྨྱུག་ཐོགས་པ་ཀུན་གྱི་སྤྱན་སྔར་ཞུ་གསོལ།
      ཁོར་ཡུག་གི་གཞི་རྒྱ་ཆེ་ཞིང་ལོ་རྒྱུས་ཀྱི་རྨང་གཞི་ཟབ་པའི་ཞང་བོད་ཀྱི་ཡུལ་གྲུ་ཆེན་པོ་འདིར། རྒྱལ་གཤེན་བསྟན་པ་མཉམ་ཆགས་སུ་བསྐྱངས་ནས་ལོ་ངོ་བཞི་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་ཀུན་གྱིས་ར་སྤྲོད་བྱུང་ཡོད་ནའང་། བསྟན་པ་འཕེལ་འགྲིབ་དང་གྲུབ་མཐའི་རྩོད་གླེང་གིས་ཞང་བོད་ཀྱི་ལོ་རྒྱུས་ཁུངས་བཙུན་ཐམས་ཅད་ཁྱུར་མིད་དུ་བཏང་ནས་ལག་སོན་དཀའ་བའི་གནས་སུ་གྱུར། དེང་གི་དུས་ནའང་བཤད་ཡམས་དང་འཁྱོགས་བརྗོད་ཀྱིས་ལོ་རྒྱུས་ཀྱི་མགོ་རྟིང་སློག་པ་ལྟ་ཅི། ཐ་ན་ས་ཆུའི་གནས་བབ་ཀྱི་མིང་བརྡ་ཙམ་ལའང་ལོ་རེ་བཞིན་དུ་བསྒྱུར་བཟོ་དང་བྱུང་རྒྱལ་དུ་སྨྲ་བ་ཇེ་མང་དུ་འགྲོ་བས་ན། མེས་པོའི་གནའ་ཤུལ་རྔོག་འདོན་དང་། སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་པར་ཆེད་དུ་དམིགས་ནས། ངེད་རྩོམ་སྒྲིག་པ་ལྷན་རྒྱས་གྲོས་འཆམ་བྱུང་སྟེ«ཞང་བོད་ཞིབ་འཇུག»ཅེས་པའི་ལོ་དེབ་པར་བསྐྲུན་བྱེད་པ་ལ་རྒྱ་ཆེ་རྩོམ་པ་པོ་རྣམས་ཀྱིས་ལྗགས་རྩོམ་ལྷུག་པོར་བསྐུར་བར་དགའ་བསུ་ཞུ།
      རྩོམ་ཡིག་གི་ཐད་ནས་བླང་བྱ་གཉིས་ཀྱི་སྒོ་ནས་ངོས་ལེན་བྱེད་རྒྱུ་ཡིན་ཏེ། དང་པོ་གནའ་རབས་གཡུང་དྲུང་བོན་དང་འབྲེལ་བའི་ལོ་རྒྱུས་ཏེ་རྒྱལ་གཤེན་བསྟན་པའི་བྱུང་རིམ་དང་། དགོན་སྡེ་རི་ཁྲོད་གདན་རབས། གྲུབ་གནས་ས་མིང་མཚམས་སྦྱོར། བསྟན་འཛིན་སྐྱེས་བུའི་མཛད་རྣམ་སོགས་ཡིན་དགོས་པ། གཉིས་པ་ཕྱོགས་རིས་ཐེར་ཟུག་གི་ལྟ་བ་དོར་ནས་ཚད་མ་གསུམ་དང་མི་འགལ་བའི་དཔྱད་བརྗོད་བགྲོ་གླེང་ཡིན་དགོས་ལ། ཞོར་དུ་དེང་དུས་སྤྱི་ཚོགས་ཐོག་ཆེས་གདེང་འཇོག་ཐོབ་པའི་དུས་རབས་སྔ་ཕྱིའི་བོན་གྱི་རྩོམ་པ་པོ་གྲགས་ཅན་གྱི་ལེགས་རྩོམ་ཉུང་བསྡུས་རེ་ཡང་གུད་དུ་ཕྱུངས་ནས་བསྡུ་རྒྱུ་ཡིན།

      རྩོམ་བསྡུ་དུས་ཡུན། ལོ་རེར་བཞིན་ཧོར་ཟླ་བརྒྱད་པའི་ཚེས་བཅོ་ལྔའི་བར་དུ་བསྡུ་མཚམས་འཇོག་རྒྱུ། 
      རྩོམ་བསྐུར་ཡུལ། མཁར་ནག་སྐལ་བཟང་རྒྱ་མཚོ། འབྲེལ་གཏུགས་ཁ་པར།  ༡༣༩༩༧༤༤༢༢༣༩
      དུང་དཀར་དཔལ་འབྱོར་ཉི་མ། འབྲེལ་གཏུགས་ཁ་པར། ༡༥༨༩༧༢༥༥༠༠༥

      QQ:1144232616@qq.com
      青海省贵德县邮电局603信箱 邮编811700 格桑嘉措

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག