ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> ཞིབ་འཇུག་མི་སྣ། >> ཉི་ཧོང་བ་གཡུང་དྲུང་ཕུན་ཚོགས།
ཉི་ཧོང་བ་གཡུང་དྲུང་ཕུན་ཚོགས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། TriSoten] [ཟླ་ཚེས། 10-11-05] [ཀློག་གྲངས། ]

  

      ཤར་ཉི་ཧོང་བ་མི་ཡག་སྐད་(Miyake Shin'ichiro)དམ་མིང་གཞན་གཡུང་དྲུང་ཕུན་ཚོགས་ནི། ཕྱི་ལོ་༡༩༦༧ལོར་སྐྱེས། ཕྱི་ལོ་༡༩༨༧ལོར་ཉི་ཧོང་གི་གྲོང་ཁྱེར་རྙིང་པ་ཁྱོའོ་ཐོ་(Kyoto)ལ་ཡོད་པའི་ཨཱོ་ཐ་ནི་གཙུག་ལག་སློབ་གྲྭ་ཆེན་མོའི(Otani University)དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱི་མདུན་སར་བོད་ཡིག་སློབ་སྦྱོང་བྱས་ནས་བོད་རིག་པའི་སྒོར་ཞུགས། ད་ལྟ་ཨཱོ་ཐ་ནི་གཙུག་ལག་སློབ་གྲྭ་ཆེན་མོའི་ལེགས་སྦྱར་བ་ཡིན་ལ་བོད་སྐད་གཙོ་བྱས་པའི་བོད་ཀྱི་རིག་གཞུང་སློབ་ཁྲིད་བྱེད་བཞིན་ཡོད། ཕྱི་ལོ་༡༩༩༤ལོར་སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་གདན་ས་གཙང་རབ་ལེགས་གཡུང་དྲུང་གླིང་ལ་མཇལ་བར་སོང་ནས་དགོན་དེར་མཚན་བརྗོད་པར་དཀའ་བའི་དགེ་སློང་ཤེས་རབ་བསྟན་འཛིན་མཆོག་ལགས་དང་མཇལ་ནས་གཡུང་དྲུང་བོན་གྱི་ལྟ་བ་དང་ལོ་རྒྱུས་ལ་དོ་སྣང་ཆེར་སྐྱེས། དེ་ནས་བཟུང་ལོ་རེ་བཞིན་གཙང་དང་ཨ་མདོ་ཁུལ་གྱི་བོན་པོའི་དགོན་པ་ཁག་ལ་མཇལ་བ་དང་། དགོན་པའི་ལོ་རྒྱུས་དང་ད་ལྟའི་གནས་ཚུལ། བླ་མ་སོ་སོའི་རྣམ་ཐར་སྐོར་ལ་ཞིབ་འཇུག་བྱེད་བཞིན་ཡོད།  ༼མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་གནའ་བོའི་ཞལ་ལུང་ལ་དཔྱད་པ་(ཉི་ཧོང་སྐད་དུ་བསྒྱུར)༽  ༼སྐྱབས་དགོན་ཟླ་བ་རྒྱལ་མཚན་གྱི་རྣམ་ཐར་ཁག་གཉིས་ལ་དཔྱད་པ་(ཉི་ཧོང་སྐད་དུ་བསྒྱུར)༽  ༼པཎ་ཆེན་སྐུ་ཕྲེང་བརྒྱད་པ་ངོས་འཛིན་བྱེད་ཚུལ་གཙོ་བྱས་དེའི་སྐབས་ཀྱི་བོན་པོའི་གནས་ཚུལ༽སོགས་དཔྱད་རྩོམ་ཁ་ཤས་སྤེལ་ཏེ་བོན་པོའི་ཞིབ་འཇུག་ཐད་གྲུབ་འབྲས་མི་དམན་པ་བླངས་མྱོང་།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག