ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལེགས་རྩོམ། >> སྙན་རྩོམ། >> ཀ་བཤད་གནད་ཐོག་མཛུབ་ཚུགས།
ཀ་བཤད་གནད་ཐོག་མཛུབ་ཚུགས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་།] [ཟླ་ཚེས། 10-07-06] [ཀློག་གྲངས། ]

ཀ་ཡེ་ཡང་དག་དགེ་གཞོལ་ན། །
ཁ་ཞེ་གཉིས་མེད་གཞན་ཕན་ངང་། །
ག་ལེར་སྙིང་རྗེའི་གཞི་རྩ་ཐིངས། །
ང་ཆེ་མ་བྱེད་རང་རྒྱུད་ཐུལ། །
ཅ་ཀ་བསོག་འཇོག་རྒྱ་མ་ཆེ། །
ཆ་ལུགས་རྟག་པར་དམན་ས་བཟུང་། །
ཇ་ཡུན་ཙམ་ལ་སེམས་མ་ཡེངས། །
ཉ་ར་གཅེས་སྤྲས་རང་རིག་མཛོད། །
ཏ་ལེར་རིག་སྟོང་ཟང་ཐག་འདི། །
ཐ་དད་མི་དགོས་རང་བབ་ངང་། །
ད་ལྟའི་ཤེས་པ་འདི་ཀ་རང་། །
ན་ཚའི་རྐྱེན་དང་བསྲེས་ལ་ལྟོས། །
པ་རེ་པུ་རེའི་ཁ་ལྟ་དེ། །
ཕ་རོལ་རྐྱེན་ཐུབ་ག་ལ་སྲིད། །
བ་སྤུ་ཙམ་མེད་དངོས་མེད་སེམས། །
མ་རྩ་ང་བདག་མ་ཆོམ་ན། །
ཙ་མོ་ཉ་ལྟར་འགྱར་འགྱུར་ཆེ། །
ཚ་ཚུབ་སྣང་བའི་རྗེས་མ་འབྲེང་། །
ཛ་ཐོག་བྲག་རི་གཏོར་བ་ལྟར། །
ཝ་ལེར་རིག་སྟོང་གཅེར་བུར་ཕུད། །
ཞྭ་དཀར་གྲུབ་མཐའི་གདམས་ངག་བཅུད། །
ཟ་འདོད་ནོར་ཕྱིར་བོན་བཙོང་མིན། །
འ་ཅག་ཚེ་གཅིག་སངས་རྒྱས་ཐབས། །
ཡ་མཚན་སྐུ་གསུང་རང་སར་ཟུངས། །
ར་བའི་ཞིང་འདིར་སྲིད་དོ་ཅོག །
ལ་འུར་མི་ཚེ་ཡུད་ཙམ་འདི། །
ཤ་ཁྲག་ལུས་འདི་རྟག་པའི་ཐབས། །
ས་སྟེང་འདི་ནས་མ་སྲིད་པ། །
ཧ་ཧེ་ཀུ་རེའི་ལོང་ཁོམ་མེད། །
ཨ་བུ་སྐྱེས་ཕྲུག་དེ་ལུགས་མཛོད། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག