བོད་ཀྱི་ཡི་གེའི་སྐོར་གྱི་དྲིས་ལན།
ལྷ་སའི་སྐད་ཀྱི་ངག་དྲི།
ད་ཁྱེད་རང་གི་གསུང་བཤད་ཀྱི་བརྒྱུད་རིམ་ནང་བོད་ཀྱི་ཡི་གེ་དེ་ཐོན་མིའི་སྔོན་ལ་ཡོད་པ་དེ་ལུང་རིགས་ཀྱིས་སྒྲུབ་ནས་ཁ་ཚོན་བཅད་ཆོག་པ་ཞིག་རེད་ཅེས་གསུངས་སོང་། དེའི་ཡར་སྔོན་ལ་བོད་ཀྱི་ཡིག་གཟུགས་དེ་ཡང་སྙིང་ག་འདྲ་ཞིག་ཡིན་པ་དང་གལ་སྲིད་ནཱ་ག་རའི་ཡི་གེ་དང་ལན་ཛ་དང་ཝ་རྟུ་སོགས་ནས་བརྒྱུད་པ་དེ་འདྲ་ཞིག་ཡོད་པ་རེད། དེར་མ་ཟད་ཞང་ཞུང་གི་སྨར་ཆེན་སྨར་ཆུང་དང་སྟག་གཟིག་སྤུངས་ཡིག་ནས་བརྒྱུད་པའི་ཡི་གེ་རྣམ་པ་མི་འདྲ་བ་ཞིག་ཡོད་པ་རེད། ཡིན་ན་ཡང་ངོས་འཛིན་གྱིས་བརྟག་དཔྱད་བྱས་པའི་བརྒྱུད་རིམ་གྱི་ནང་དུ་འདི་དག་ནི་ཞང་ཞུང་ཡིག་རིགས་རེད་ཅེས་ངོས་འཛིན་ཞིག་མེད་པར་བསམ་གི་འདུག ཁྱེད་རང་ཚོས་གཟི་ཡིག་ཟེར་བ་དེར་ལོ་ལྔ་སྟོང་གི་ལོ་རྒྱུས་ཡོད་ཟེར་བཞིན་འདུག ཁ་སང་རྒན་ཚེ་རིང་ཐར་ནས་ཀྱང་ལི་ཡུལ་ནས་བྲིས་པའི་ཡི་གེ་དེར་ལོ་སུམ་སྟོང་གི་ལོ་རྒྱུས་ཡོད་ཅེས་གསུངས་སོང་། ཡིན་ནའང་སྐབས་དེར་ཡིག་གཟུགས་ལ་བལྟས་པ་རེད་དམ་ཤོག་བུ་ལ་བལྟས་པ་རེད། ཕྱིས་སུ་ཡིག་གཟུགས་ཤོག་བུ་ལ་བཀོད་པ་ནི་ཡིན་སྲིད་པ་རེད། ཡིག་གཟུགས་དེ་དུས་དེར་དུས་མཉམ་དུ་བྱུང་བ་རེད་ཟེར་ན་ཧ་ཅང་མི་བདེ་བ་འདྲ་ཞིག་ཆགས་འགྲོ་གི་རེད། ཁྱེད་ཀྱིས་བསམ་ན་དེ་ག་འདྲ་རེད།
དྲིས་ལན། དྲི་བ་ཞེ་དྲག་ཡག་པོ་རང་བཏང་སོང་། བོད་ལ་སྲོང་བཙན་ཡར་སྔོན་དུ་ཡི་གེ་ཡོད་པའི་སྐོར་གོང་ནས་ཅུང་ཟད་ཞུས་སོང་ལ་ད་ལྟའི་དུས་མཚམས་སུ་ཕྱི་རོལ་རྒྱང་འཕེན་པ་ལྟར་མངོན་སུམ་མིག་གི་སྤྱོད་ཡུལ་མིན་ན་ཁས་མི་ལེན་པའི་སྤྱོད་སྟངས་ཤིག་དར་ཁྱབ་ཏུ་འགྲོ་བཞིན་ཡོད་ཀྱང་སྔར་འདས་ཟིན་པའི་ལོ་ངོ་སྟོང་ཕྲག་རིང་གི་བྱུང་བ་ཡོད་ཚད་མིག་ལམ་དུ་འགྲེམས་ཐུབ་རྒྱུ་ནི་ཧ་ཅང་ཁག་པོ་ཡིན། དཔེར་ན་སངས་རྒྱས་ཆོས་ལུགས་ཀྱི་མདོ་ལས་བྱུང་བའི་ཡིག་རིགས་ཇི་སྙེད་ཅིག་འདུག་པ་རྣམས་ཡོད་པར་ཐེ་ཚོམ་མེད་ཀྱང་ད་ལྟའི་དུས་མཚམས་སུ་མིག་ལམ་དུ་འགྲེམས་དགོས་ན་ཧ་ཅང་ཁག་པོ་ཞིག་ཆགས་བསྡད་ཡོད་པ་རེད།
ཐང་རྒྱལ་རབས་ཀྱི་རྒྱ་ནག་གི་བཙུན་པ་སྐད་གྲགས་ཅན་ཞོན་ཙང་གིས་དངོས་སུ་བསྐྱོད་ནས་བྲིས་པའི་ལམ་ཡིག་སྟེ་《ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་དཀར་ཆག》[156]བྱ་བར་སྐབས་དེའི་ཚོ་བ་ཞིག་གི་ནང་དུ་ཡི་གེ་ཀཱ་ལི་སུམ་ཅུ་ལྷག་ཙམ་ལ་གྲེ་བསྒྱུར་གྱིས་སྤེལ་མ་ཅན་ཕན་ཚུན་གང་བྱུང་སློབ་ཅིང་དཔོན་སློབ་ཀྱི་ཐ་སྙད་ཆུང་ཞེས་བཀོད་ཡོད་ལ་གུང་ལོ་ཙཱ་བས་ཚོ་བ་དེ་ཉིད་བོད་རིགས་ཡིན་པ་གཞིར་བཞག་གི་ཆ་ནས་ཀཱ་ལི་སུམ་ཅུ་ཞེས་བསྒྱུར་གནང་མཛད་ཡོད་པ་ནི་རྒྱུ་མཚན་ཆེར་ལྡན་པ་ཞིག་ཡིན་ཏེ་དེ་ནི་ཕྱིས་ཀྱི་བོད་ཡིག་གི་འཕེལ་རྒྱས་ཆེ་བའི་གནས་ཚུལ་གྱིས་སྔོན་གྱི་ཡི་གེ་རྙིང་བ་བསྒྱུར་དུས་སུ་ཤུགས་རྐྱེན་ཐེབས་པ་ཞིག་ཡིན་ནའང་རྒྱའི་མ་ཡིག་རང་ན[157]字源简略,本二十余言,转而相生ཞེས་གསལ་བྱེད་དམ་ཀཱ་ལི་ཉི་ཤུ་ལྷག་ཀློག་དུས་གཅིག་འཕྲོར་གཅིག་མཐུད་ནས་སྤེལ་མར་ཀློག་ཅིང་གུང་ལོ་ཙ་བས་སྤེལ་མ་ཅན་ཞེས་བསྒྱུར་བ་དང་དོན་གཅིག་ལ་འདི་ནི་ཀ་ཁ་ག་ང་ཞེས་སྡེ་བ་གཅིག་རེ་ཀློག་དུས་ཁོག་པ་ནས་ཡར་མགྲིན་པ་བརྒྱུད་དེ་མཐའ་མའི་གསལ་བཤད་དེ་ཉིད་ཀྱི་སྒྲ་ཁ་ནས་ཐོན་པར་ཟེར་ཞིང་སྤེལ་མ་ཞེས་པ་ནི་སྐབས་འདིར་ཀ་ཁ་ག་ང་ཞེས་ཀློག་དུས་སྒྲ་གདངས་བསྟུད་མར་ཐོན་པར་གོ་ཞིང་སྐབས་འདི་དུས་སུ་བོད་ཀྱི་ཡི་གེ་དེ་འདྲའི་ཆ་ཚང་ཞིག་མིན་པར་ངེས་པ་ནི་བོད་ཀྱི་ལོ་རྒྱུས་ཁ་ཤས་སུ་ཐོག་མར་གསལ་བྱེད་ཉེར་བཞི་ཡོད་པའི་གནས་ཚུལ་དང་ཤིན་ཏུ་དོན་འདྲ་བས་དཔྱད་གཞི་གལ་ཆེན་ཞིག་ཡིན་ལ་འདི་དུས་སུ་ཞོན་ཙང་རྒྱ་གར་ལ་འགྲོ་སྐབས་སློབ་དཔོན་ཐོན་མི་རྒྱ་གར་ལ་སོང་མྱོང་ཡོད་པར་ཆ་འཇོག་བྱས་སྟེ་དཔྱད་ནའང་དེ་དུས་ཐོན་མིས་ད་དུང་བོད་ཀྱི་ཡི་གེ་གསར་བཟོ་བྱས་མེད་པ་ནི་མཁས་དབང་ཚེ་ཏན་ཞབས་དྲུང་གི་《བསྟན་རྩིས་ཀུན་བཏུས》[158]ཁོ་ན་ཁུངས་སུ་བྱས་ནས་དཔྱད་ན་དེ་ལས་སྤྱི་ལོ629ལོར་ཐང་སང་རྒྱ་གར་དུ་ཆས་པ་དང་སྤྱི་ལོ643ལོར་ཐང་སང་བླ་མ་རྒྱ་གར་ནས་ཕྱིར་རྒྱ་ནག་ཏུ་ལོག ལོ་དེར་ཕ་བོང་ཁར་ཕོ་བྲང་མ་རུ་བཞེངས་པར་གསུངས་ཡོད། གནས་ཚུལ་འདི་གཞིར་བཞག་ནས་བཤད་ན་གོང་གསལ་སྡེ་སྣོད་གསུམ་པ་ཞོན་ཙང་གིས་བཀོད་པའི་ཀཱ་ལི་སུམ་ཅུ་ལྷག་གྲེ་བསྒྱུར་བྱེད་པའི་བོད་ཧོར་གྱི་ཚོ་བ་དེ་ཉིད་མ་མཐའ་ཡང་སྤྱི་ལོ629-643བར་གྱི་གནས་ཚུལ་ཤིག་ཡིན་དགོས་པ་ཧ་ཅང་གསལ་ཞིང་དེ་དང་དུས་མཐུན་པ་ཞིག་གི་ཚེ་ན་ལི་ཡུལ་ནས་རྙེད་པའི་བོད་ཀྱི་ཁྲམ་ཤིང་ཡི་གེ[159]རུ་བཀོད་པ་ལྟར་ལྷོ་བྲག་ཕྱོགས་སུ་སྣམ་བུ་ལ་ཡི་གེ་བཏགས་ནས་བཀོལ་སྤྱོད་བྱེད་བཞིན་ཡོད་ལ་ཡང་《བསྟན་རྩིས་ཀུན་བཏུས》[160]ལས་སྤྱི་ལོ646ལོར་ཐོན་མིས་ཡི་གེ་བཟོས་པར་གསུངས་ཡོད་པས་ལོ་ཚིགས་འདི་དག་གུང་བསྒྲིགས་ནས་དཔྱད་ན་སྐབས་དེ་དུས་ཐོན་མིས་བོད་ཀྱི་ཡི་གེ་གསར་བཟོ་མཛད་པར་ཆ་འཇོག་ཙམ་བྱས་ནའང་ད་དུང་བཟོས་ནས་གྲུབ་མེད་པ་མངོན་སུམ་གྱིས་ཤེས་ནུས་པས་མང་པོ་ཞུ་མ་དགོས་པར་གསལ་རྟོགས་བྱེད་ནུས་ཤིང་སྤྱིར་བཏང་རྒྱལ་རབས་ལོ་ཚིགས་སོགས་ཡར་འདེད་མར་འདེད་ཀྱིས་གུང་བསྒྲིགས་ན་དཔྱད་པ་ཉི་ཚེ་བའི་སྐབས་འབྱུང་སྲིད་ཀྱང་ཁོ་བོ་ཐབས་ལམ་རྙིང་བ་དེར་ཡིད་འཐད་ཆེར་མེད་ཀྱང་དེར་མོས་པ་རྣམས་ལ་ངོ་ཆེན་གྱི་ཚུལ་དུ་གོང་གསལ་དེ་དག་སྐྱེས་སུ་ཕུལ་ཅིང་ཡང་ཁ་ཅིག་གིས 《འཇམ་དཔལ་རྩ་རྒྱུད》[161] ཞེས་པའི་བལ་བོའི་རྒྱལ་རབས་ཀྱི་ལུང་བསྟན་དེ་ཉིད་ལས་བྱུང་བའི་མི་ཡི་བདག་པོ་དེ་ཡང་འགྲུབ།ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱེད་ཅེས་པའི་ལུང་ཚིག་སྐམ་པོ་དེ་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་བཙན་ཤུགས་ཀྱིས་སྦྱར་བས་སྲོང་བཙན་གྱི་འཁྲུངས་འདས་ལོ་ཚིགས་ཀྱང་ཡར་འདེད་མར་བསྣུར་མང་པོ་ཞིག་བྱེད་དགོས་བྱུང་ཡོད་ལ་དེས་བོད་ཀྱི་རྒྱལ་རབས་ཀྱི་ལོ་ཚིགས་ཁུངས་མ་རྣམས་སུས་ཀྱང་ཡིད་ཆེས་དཀའ་བའི་ཚད་དུ་དེད་ཡོད། གང་ལྟར་སྲོང་བཙན་དགུང་ལོ་སུམ་ཅུ་ལྷག་ལ་བཞུགས་པའི་ལུགས་དེ་གཞིར་བཞག་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་ཞིབ་འཇུག་བྱས་ན་འོས་ཤིང་མཚམས་པ་ཞིག་ལས་སངས་རྒྱས་ཆོས་ལུགས་པའི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་བཀོད་པའི་ལོ་ཚིགས་དག་ལ་མཐའ་གཅིག་ཏུ་ཡིད་ཆེས་བྱེད་རྒྱུ་ཆེར་མེད་པའི་ཁར་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་བསྟན་དེར་དེ་བས་ཀྱང་ཡིད་ཆེས་བྱེད་རྒྱུ་མེད་པ་ནི་དེ་ཉིད་ལས་ཁ་བ་ཅན་གྱི་ནང་དག་ཏུ་ཞེས་པའི་ཁ་བ་ཅན་དེ་ནི་《ཨཱརྱཱམཇུཉཤྲཱིམུལཀལྤཱ》[162]ཡི་མ་ཡིག་དངོས་ན་ནེ་པཱ་ལ་ཞེས་བཀོད་ཡོད་པས་དེ་ཉིད་བལ་ཡུལ་ཡིན་པ་ཤེས་སླ་བ་སོགས་རྫུན་ཚིག་གུང་བསྒྲིགས་པའི་ལོ་རྒྱུས་ལྟར་ཐང་སིན་ཞོན་ཙང་གི་ལོ་ཚིགས་ལ་པར་པུར་མང་པོ་བཤད་སྲིད་ཀྱང་དགེ་མཚན་ཤིན་ཏུ་ཆུངས་པ་སོགས་འདིའི་སྐོར་ལ་བཤད་བྱ་ཤིན་ཏུ་མང་ཡང་ཡིག་ཚོགས་བསྐྱུངས་ཕྱིར་བཞག་ལ་འདི་ནི་སྐབས་རྗེས་མར་ཞིབ་བཤད་ཀྱི་དུས་ཚོད་ཡོད་ལ་རྫུན་གྱི་སྒྲུབ་བྱེད་དུ་རྫུན་བཀོད་པའི་སངས་རྒྱས་ཆོས་ལུགས་པའི་ཆགས་སྡང་ཅན་གྱི་སེར་མོ་བའི་རང་བཟོས་ཀྱི་ལོ་རྒྱུས་ལས་ཡར་འདེད་མར་སྣུར་གྱི་གཡོ་ཁྲམ་དེ་ནི་ཡང་དག་པའི་རིག་གཞུང་ཞིབ་འཇུག་གི་ཐབས་ལམ་ལས་གཟུ་བོར་གནས་པ་རྣམས་ཀྱིས་ཡོངས་སུ་དོར་འོས་པའི་སྐབས་སུ་བབ་ཡོད། གང་ལྟར་ད་ལྟའི་དུས་སུ་ཡོད་ཚད་མིག་ལ་སྟོན་དང་ཟེར་བའི་དུས་རབས་ཤིག་ཡིན་ཞིང་ཞུང་ཞུང་གི་ཡིག་གཟུགས་དངོས་སུ་མིག་ལ་སྟོན་དགོས་ན་《སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་བོ》[163]རུ་བླ་མ་གཡུང་དྲུང་སྙིང་པོས་བྲིས་པའི་ཡིག་གཟུགས་དང་ཞང་རྒྱལ་ཐ་མ་ལིག་མིན་རྐྱའི་ཐམ་ཀ་སྨན་རིའི་བླ་བྲང་ལ་རྩིས་སྤྲད་དུ་ཡོད་པ་དེའི་ཞལ་ངོས་སུ་ཁ་ཚན་པ་ཤང་ལིག་ཞི་ར་ཙ་ཞེས་ཞང་ཞུང་སྐད་ཀྱིས་ཞང་ཞུང་གི་ཡིག་གཟུགས་བཀོད་ཡོད་པ་རེད། འདི་དག་ནི་ཞང་ཞུང་གི་ཡིག་གཟུགས་སམ་བོད་ཀྱི་ཡི་གེ་ཡི་ཕྱི་མོ་ཡིན་པར་འདོད་དེ་ཁ་ཅིག་གིས་འདི་ནི་བོད་ཀྱི་ཡིག་གཟུགས་རང་རེད་འདོད་ན་ཡིན་ཆོག་སྟེ་ཞང་ཞུང་གི་ཡིག་གཟུགས་དང་བོད་ཀྱི་ཡིག་གཟུགས་གཉིས་ཀྱི་མིང་འདོགས་སོ་སོར་སྣང་ནའང་ཕྱི་མོ་གཅིག་ཡིན་པས་ཞིབ་པར་དཔྱད་ན་རྩ་བ་ནས་འགལ་དགོས་པའི་ངེས་པ་ཁྱོན་ནས་མེད་པ་ཞིག་རེད། མཁས་པ་ལ་ལས་བོད་ཀྱི་ཀ་ཁར་སྨྲ་ར་བྲིས་ན་ཞང་ཞུང་གི་ཡིག་གཟུགས་སམ་བོན་པོའི་ཡི་གེ་རེད་ཅེས་དམའ་འབེབས་པར་བྱེད་མོད་ཡིག་གཟུགས་འདི་དག་ལ་དཔྱད་ན་ཞང་ཞུང་ལའང་ཐུན་མོང་མ་ཡིན་པའི་ཡིག་གཟུགས་ཤིག་ཡོད་ཆོག་པ་མ་ཟད་དེ་ཉིད་ཁ་ཚོན་བཅད་ནས་ཞང་ཞུང་གི་ཡིག་གཟུགས་ཡིན་པར་ངོས་འཛིན་བྱེད་ཐུབ་པ་ཞིག་མ་རེད་དམ། ལོ་ངོ་ལྔ་སྟོང་སྔོན་གྱི་གཟི་ཡིག་དེའི་གནས་ཚུལ་ད་ལྟ་རྒྱལ་སྤྱིའི་བོད་རིག་པ་མཁས་ཅན་མང་པོར་ཡོངས་ཁྱབ་ཏུ་གསལ་བསྒྲགས་བྱས་མེད་ཅིང་དེས་ཐོན་མིའི་ཡར་སྔོན་དུ་བོད་ལ་ཡི་གེ་མེད་ཅེས་པའི་སྤྱི་བརྟོལ་གྱི་བཤད་ཡམས་དེར་མཇུག་སྡོམ་བྱེད་སྲིད་པ་ཞིག་རེད། དེ་མ་གཏོགས་《རྒྱལ་རོང་ལོ་རྒྱུས་རབ་གསལ་མེ་ལོང》[164]ན་རྒྱལ་རོང་ཕྱོགས་སུ་བྱ་ནག་གཟུགས་ཅན་གྱི་ཡིག་གཟུགས་རྙིང་བ་ཞིག་ཡོད་པར་བྲིས་འདུག་ཀྱང་དེའི་སྐོར་ལ་ཉམས་ཞིབ་ཡག་པོ་བྱེད་ཐུབ་མ་སོང་ལ་《ཞང་བོད་གནའ་རབས་ལོ་རྒྱུས་ནོར་བུའི་མེ་ལོང》[165]ནའང་ལྷ་བབ་ཡི་གེ་ཡི་མ་དཔེར་བླངས་ནས་བཀོད་པའི་ཡིག་གཟུགས་ཀྱང་ཡོད་པས་དེ་དག་ལ་གཟིགས་ན་ཞང་ཞུང་གི་ཡིག་གཟུགས་ཡང་སྙིང་ཡོད་མེད་ཀྱི་ཆར་དོགས་པ་སེལ་ཐུབ་ཅིང་ཏུན་ཧོང་ཡིག་རྙིང་ལས་བོད་ལ་སྔ་ན་ཡི་གེ་མེད་པ་ཡང་བཙན་པོ་འདིའི་ཚེ་བྱུང་ནས་བོད་ཀྱི་གཙུག་ལག་བཀའ་ཁྲིམས་ཆེན་པོ་དང་བློན་པོའི་རིམ་པ་དང་། ཆེ་ཆུང་གཉིས་ཀྱི་དབང་ཐང་དང་། ལེགས་པ་ཟིན་པའི་བྱ་དགའ་དང་། ཉེས་པ་ཡོ་བའི་ཆད་པ[166]ཞེས་འབྱུང་བའི་སྐབས་ཀྱི་ཡི་གེ་དེ་ནི་སྔར་བོད་ལ་ཁྲིམས་མེད་པས་རྒྱལ་ཕྲན་དག་གཅིག་ཟེར་གཅིག་གིས་མ་ཉན་ཞེས་ཁྲི་སྲོང་བཙན་སྒམ་པོའི་སྐབས་སུ་བོད་ལ་ཁྲིམས་བྱུང་བར་ཡི་གེ་བྱུང་ཞེས་ཁྲིམས་ལ་ཡི་གེར་བཏགས་པ་ཞིག་ལས་ང་ཚོས་ཀ་མད་སུམ་ཅུར་ཡི་གེ་ཞེས་བཏགས་པའི་ཡི་གེ་ཡི་གོ་བ་དེ་གཏན་ནས་མིན་པ་གོང་གསལ་དུ་བཀོད་པའི་ལུང་ཚིག་དེའི་ཚིག་འགྲོས་ཕྱི་མ་དག་ལ་དཔྱད་ནའང་ཤེས་པར་འགྱུར་ལ་ཨུ་ཚུགས་ཀྱིས་བོད་ཀྱི་ཡི་གེ་དངོས་གནས་པ་ཡིན་པར་བཤད་ན་བོད་ལ་སྔ་ན་ཡི་གེ་མེད་པ་བཙན་པོ་འདིའི་རིང་ལ་བྱུང་ཟེར་བ་ནི་བོད་ལ་ཡི་གེ་མེད་ཟེར་བ་མ་གཏོགས་ཞང་ཞུང་ལ་ཡི་གེ་མེད་ཅེས་བཤད་པ་ཞིག་ཁྱོན་ནས་མ་རེད་ཅེས་ན་ཅི་སྨྲ། ཞང་ཞུང་ཡི་གེ་ནི་དེའི་ཡར་སྔོན་ནས་ཡོད་ཅིང་ཞང་བོད་ཀྱི་ཡི་གེ་ནི་མ་བུའི་འབྲེལ་བ་ཁོ་ན་རང་རེད། བོན་གྱི་《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》[167]ཀྱི་བཤད་སྟངས་ལྟར་དང་པོ་དག་པ་ལྷའི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། དེ་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། དེ་སྨར་སྦྲག་ཏུ་བསྒྱུར། དེ་སྨར་ཆེ་ཆུང་དུ་བསྒྱུར། སྨར་ཆེན་དབུ་ཆེན་ནམ་གཟབ་ཏུ་བསྒྱུར། སྨར་ཆུང་འབྲི་མར་བསྒྱུར། ཡིག་སྣ་འབྲུ་མ་ལས་བརྩམས་ཞེས་པའི་གོ་རིམ་དེ་ནི་ཞང་ཞུང་གི་ཡིག་གཟུགས་བོད་ལུགས་ཀྱི་ཡིག་གཟུགས་སུ་བསྒྱུར་བའི་དུས་རིམ་ཞིག་རེད། ཕྱིས་སུ་ནཱ་ག་རའི་ཡིག་གཟུགས་དང་ཝ་རྟུ་སོགས་རྒྱ་གར་གྱི་ཡིག་གཟུགས་ལ་ལད་མོ་བྱས་ཤིང་དེའི་ལག་ཆ་བླངས་ནས་བོད་ཀྱི་ཡིག་གཟུགས་ལ་འགྱུར་བ་གང་འཚམས་རེ་བཏང་ཡོད་པ་མ་ཟད་དེ་ནི་བོད་ཀྱི་ཡིག་གཟུགས་འཕེལ་རྒྱས་ཆེ་བའི་དུས་རིམ་ཞིག་ལ་ངོས་འཛིན་བྱེད་ཆོག་པ་རེད། ལྟ་ཚུལ་འདིའི་ཐད་དུ་མཁས་པའི་དབང་བོ་དུང་དཀར་རིན་པོ་ཆེ་མཆོག་གིས་ཀྱང་ཐོན་མི་སམ་བྷོ་ཊ་སོགས་ཀྱིས་རྒྱ་གར་གྱི་མཁས་པ་བྲམ་ཟེ་ལི་བྱིན་དགེ་རྒན་དུ་བསྟེན་ཏེ་ཡིག་རིས་མི་འདྲ་བ་མང་པོ་སློབ་སྦྱོང་བྱས་ནས་བོད་དུ་ལོག་རྗེས་སྐབས་དེའི་བོད་ཀྱི་སྐད་ལ་བརྟག་དཔྱད་ཞིབ་འཇུག་བྱས་ནས་སྔར་ཡོད་བོད་ཡིག་རྙིང་པ་དེར་ཆ་མ་ཚང་བ་རྣམས་ཁ་སྐོང་དང་ལེགས་བཅོས་བྱས་ཏེ་ད་ལྟའི་བོད་ཡིག་གི་ཡིག་གཟུགས་གསར་གཏོད[168]བྱས་ཡོད་པར་གསུངས་ཡོད་པ་དང་ང་ཚོས་ཁོང་གི་དགོངས་པར་ཞིབ་དཔྱད་བྱས་ནས་བོད་ཡིག་གི་ཡིག་གཟུགས་དེ་རྒྱ་གར་གྱི་ཡི་གེ་ལ་དཔེ་བྱས་ནས་ཆ་ཇེ་ཚང་དུ་བཏང་བ་ཞིག་ལ་ངོས་འཛིན་བྱེད་དགོས་རྒྱུ་རེད་མ་གཏོགས་བོད་ཡིག་རྒྱ་གར་གྱི་ཡི་གེ་ལ་བལྟས་ནས་གསར་བཟོ་བྱས་པ་རེད་ཟེར་བའི་དོན་ནི་མིན་པར་བསམ་ཡོད། ད་ཁྱེད་ཀྱི་དྲི་བ་དེ་ཙམ་གྱིས་འགྲིག་པར་བྱོས། (ཉན་མཁན་གྱི་ཐལ་མོ་རྡེབ་སྒྲ)
བོད་ཀྱི་ས་དབྱིབས་སྲིན་མོ་གན་རྐྱལ་སྐོར་གྱི་དྲིས་ལན།
དབུ་མེད་ཀྱི་ཡིག་དྲི།
སྐུ་ཉིད་ནས་གོང་གི་གཉའ་ཁྲིའི་ལོ་རྒྱུས་གསུང་སྐབས་སུ་འཕྲོས་པའི་སྲིན་མོ་གན་རྐྱལ་གྱི་ས་དབྱིབས་དེའི་སྐོར་ངོ་སྤྲོད་ཅུང་ཟད་གནང་རོགས་ཞུ།
དྲིས་ལན། ཆོས་འབྱུང་དང་ལོ་རྒྱུས་མང་པོ་ཞིག་གི་ནང་དུ་བོད་ཀྱི་ས་དབྱིབས་ནི་སྲིན་མོ་གན་རྐྱལ་དུ་ཉལ་བ་ལྟ་བུའི་གཟུགས་རིས་ཤིག་ཡིན་པར་གསུངས་ཡོད། ད་ལྟའི་ཆར་ས་དབྱིབས་འདིའི་སྐོར་ལ་དཔྱད་པ་གཏོང་མཁན་ཕྱི་གླིང་བ[169]ཁ་ཤས་དང་ནང་སའི་མི[170]རེ་གཉིས་ལས་མེད་ལ་འདི་ནི་ལོ་རྒྱུས་བྱུང་བ་མཚོན་པའི་དཔྱད་གཞི་གལ་ཆེན་ཞིག་ཡིན་པ་ནི་བཤད་མ་དགོས་པ་ཞིག་རེད། ངས་བལྟས་པའི་ལོ་རྒྱུས་ཀྱི་ཡིག་ཆ་རྣམས་ལས་ས་དབྱིབས་འདིའི་སྐོར་ལ་ལྟ་ཚུལ་མི་མཐུན་པ་གཉིས་བྱུང་ཡོད་པ་རེད། གཅིག་ནི་བོད་རང་སའི་ཡུལ་ན་གནའ་བོའི་དུས་ནས་བཟུང་ས་དཔྱད་སྣ་ཚོགས་དར་ཡོད་པ་མ་ཟད་ས་དགྲ་གནོན་པའི་ཆོ་གའང་སྣ་ཚོགས་ཤིག་དར་འདུག་པས་སྲིན་མོ་གན་རྐྱལ་གྱི་ས་དབྱིབས་ངོས་འཛིན་དང་དེའི་ས་དགྲ་གནོན་པའི་ལོ་རྒྱུས་ཀྱི་བྱུང་བ་འདི་ནི་མི་རིགས་གཞན་གང་ལའང་མིག་དཔེ་ལྟ་མ་དགོས་པར་ཡོད་ལ་རྒྱལ་པོ་སྲོང་བཙན་སྒམ་པོ་ཁོང་གིས་སྐྱིད་ཤོད་ཉང་བྲན་ཕ་བོང་ཁ་ཕོ་བྲང་མ་རུ་ཁ་ནས་སྐུ་མཚམས་མཛད་དེ་ཡི་དམ་གྱི་ལྷ་བསྒྲུབ་པས་ཆེས་ཆེར་གྲུབ་ནས་ལུང་བསྟན་ལྟར་སྲིན་མོ་གན་རྐྱལ་གྱི་ས་དགྲ་འདི་གཟིགས་རྟོགས་བྱུང་བ་ཡིན[171]ཅེས་བཤད་པ་ཁག་གཅིག་དང་ཐང་བོད་མཐུན་འགྱུར་གྱི་དུས་རབས་བདུན་པའི་ནང་ལ་རྒྱ་བཟའ་ཀོང་ཇོ་བོད་དུ་སླེབས་ནས་ལྷ་ཁང་བརྩིགས་སྐབས་སུ་ས་ཆ་གང་བཟང་སྤོར་ཐང་བརྒྱད་ཅུའི་གབ་རྩེ་ལ་བརྟེན་ནས་འདེམ་སྐབས་བོད་ཁམས་འདི་སྲིན་མོ་གན་རྐྱལ་གྱི་གཟུགས་དབྱིབས་ཤིག་ཡིན་པ་ཤེས་རྟོགས་[172]བྱུང་ཡོད་ཅེས་བཤད་པ་དེ་གཉིས་རེད།
གང་ལྟར་བོད་ཁ་བ་ཅན་གྱི་ཡུལ་ལྗོངས་འདི་ཉིད་དུས་རབས་བདུན་པའི་ནང་གི་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་བོད་ཀྱི་ས་དཔྱད་མཁན་པོ་རྣམས་ཀྱི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་སྲིན་མོ་གན་རྐྱལ་དུ་ཉལ་བ་ལྟ་བུའི་ས་དབྱིབས་ཤིག་ལ་ངོས་འཛིན་གསར་རྟོགས་བྱུང་ཞིང་འོ་ཐང་མཚོ་སྲིན་མོའི་སྙིང་ཁྲག་དང་དམར་ལྕགས་རི་སོགས་རི་གསུམ་པོ་སྲིན་མོའི་སྙིང་རུས་སོགས་ལ་ངོས་འཛིན་ཞིབ་པ་ཞུས་ནས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་ཧ་ཅང་མང་པོ་ཞིག་གསར་བཞེངས་མཛད་ཡོད་པ་རེད། སྲིན་མོ་གན་རྐྱལ་དུ་ཉལ་བའི་ས་དབྱིབས་ཀྱི་དཔེ་རིས་ཁུངས་བཙུན་ཞིག་སྔོན་ཆད་ནོར་གླིང་རིག་རྫས་ཀྱི་ཁོངས་སུ་མཇལ་རྒྱུ་ཡོད་པ་དང་渡་ལིའི་ཧྭ་ཡི《བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་གཏམ་རྒྱུད་ཐུན་མཚམས་བཅོ་ལྔ་བ》[173]ཅེས་པའི་དེབ་གཞིའི་ནང་དུའང་མཐོང་རྒྱུ་ཡོད། གོང་གསལ་ཞལ་ཐང་ཐོག་མ་དེ་རིགས་ཀྱི་ནང་དུ་མཐའ་འདུལ་གྱི་གཙུག་ལག་ཁང་བཞི། ཡང་འདུལ་གྱི་གཙུག་ལག་ཁང་བཞི། རུ་གནོན་གྱི་གཙུག་ཁང་བཞི་བཅས་ཚུད་ཡོད།
དེ་ཡང་འདིའི་སྐོར་ལ་ལུགས་མི་མཐུན་པ[174]འགའ་རེ་ཡོད་ནའང་《རྒྱལ་རབས་གསལ་བའི་མེ་ལོང》[175]ལས་བྱུང་བའི་ལུགས་དེ་ཡོང་གྲགས་ལྟ་བུ་ཞིག་ཆགས་ཡོད་སྟབས་འདིར་དེའི་ལུགས་བཞིན་ཅུང་ཟད་ཞིབ་པར་བཤད་ན་སྐྱིད་ཤོད་འོ་ཐང་མཚོ་སྲིན་མོའི་སྙིང་ཁྲག་ཡིན་པས་དེ་གསུབས་ནས་དེའི་སྟེང་དུ་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་པ་དང་ཡན་ལག་དང་སུག་ལག་རྣམས་ནོན་པར་བྱེད་ཆེད་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱད། རུ་གནོན་གྱི་གཙུག་ལག་ཁང་བཞི་བཅས་བསྡོམས་པས་གཙུག་ལག་ཁང་བཅུ་གཉིས་བཞེངས་ཡོད་ལ་དེར་མི་འགྱུར་བའི་གཟེར་བཅུ་གཉིས་ཞེས་ཀྱང་འབོད་སྲོལ་བྱུང་ཡོད།
དེ་རྣམས་ལས་སྔོན་ལ་དབུས་གཙང་རུ་བཞིར་མཐའ་འདུལ་གྱི་གཙུག་ལག་ཁང་བཞི་བཞེངས་ཡོད་པ་ལས་དང་པོ་ནི་སྲིན་མོའི་དཔུང་མགོ་གཡོན་པའི་སྟེང་དུ་གཡོ་རུ་ཁྲ་འབྲུག་གཙུག་ལག་ཁང་བཞེངས་ཡོད་ལ་དེ་ནི་ད་ལྟའི་རྩེད་ཐང་གྲོང་བརྡལ་གྱི་སྣེ་གདོང་རྫོང་གི་ཁོངས་སུ་ཡོད། གཉིས་པ་སྲིན་མོའི་དཔུང་མགོ་གཡས་པའི་སྟེང་དུ་དབུ་རུ་ཀ་ཚལ་གྱི་གཙུག་ལག་ཁང་བཞེངས་ཡོད་ལ་དེ་ནི་ད་ལྟའི་ལྷ་ས་གྲོང་ཁྱེར་མལ་དྲོ་གུང་དཀར་རྫོང་ཁོངས་སུ་ཡོད། གསུམ་པ་སྲིན་མོའི་དཔྱི་མགོ་གཡོན་མའི་སྟེང་དུ་གྲོམ་པ་རྒྱང་གཙུག་ལག་ཁང་བཞེངས་ཡོད་ལ་དེ་ནི་ད་ལྟའི་གཞིས་ཀ་རྩེའི་གྲོང་ཁྱེར་གྱི་ལྷ་རྩེ་རྫོང་དང་ཕུན་ཚོགས་གླིང་གི་འབྲེལ་མཚམས་སུ་ཡོད། བཞི་བ་སྲིན་མོའི་དཔྱི་མགོ་གཡས་པའི་སྟེང་དུ་གཡས་རུ་གཙང་འགྲམ་གཙུག་ཁང་བཞེངས་ཡོད་ལ་དེ་ནི་གཞིས་ཀ་རྩེའི་གྲོང་ཁྱེར་གྱི་རྣམ་གླིང་རྫོང་གི་ཤར་ལྷོའི་མཚམས་ཀྱི་ཐོབ་རྒྱལ་ཞེས་པར་ཡོད།
དེའི་རྗེས་ལ་ཡང་འདུལ་གྱི་གཙུག་ལག་ཁང་བཞི་བཞེངས་ཡོད་པ་ལས་དང་པོ་ནི་སྲིན་མོའི་གྲུ་མོ་གཡོན་མའི་སྟེང་དུ་ལྷོ་བྲག་མཁོ་མཐིང་ལྷ་ཁང་བཞེངས་ཡོད་ལ་དེ་ནི་ད་ལྟའི་ལྷོ་ཁ་ས་ཁུལ་གྱི་ལྷོ་བྲག་ཤར་ཆུ་དང་ནུབ་ཆུ་འདྲེས་མཚམས་སུ་ཡོད། གཉིས་པ་སྲིན་མོའི་གྲུ་མོ་གཡས་པར་ཀོང་པོ་བུ་ཆུ་ལྷ་ཁང་བཞེངས་ཡོད་པ་དང་དེ་ནི་ད་ལྟའི་ཉིང་ཁྲི་ས་ཁུལ་གྱི་བུ་ཆུ་ཞེས་པའི་ས་ཆར་ཡོད། གསུམ་པ་ནི་སྲིན་མོའི་པུས་མོ་གཡོན་མའི་སྟེང་དུ་བྱང་པྲ་དུན་རྩེ་ལྷ་ཁང་བཞེངས་ཡོད་ལ་དེ་ནི་ད་ལྟའི་གཞིས་ཀ་རྩེའི་གྲོང་ཁྱེར་འབྲོང་པ་རྫོང་ཁོངས་སུ་ཡོད། བཞི་བ་ནི་སྲིན་མོའི་པུས་མོ་གཡས་པའི་སྟེང་དུ་བྱམས་སྤྲིན་དགེ་རྒྱས་ལྷ་ཁང་བཞེངས་ཡོད་ལ་དེ་ནི་གཞིས་ཀ་རྩེའི་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ལྷོ་ངོས་བལ་བོད་ས་མཚམས་སུ་གནས་ཡོད།
དེའི་རྗེས་ལ་རུ་གནོན་གྱི་གཙུག་ལག་ཁང་བཞི་བཞེངས་ཡོད་པ་ལས་དང་པོ་སྲིན་མོའི་ལག་མཐིལ་གཡོན་མའི་སྟེང་དུ་ཁམས་ཀློང་ཐང་སྒྲོལ་མ་ལྷ་ཁང་བཞེངས་ཡོད་ལ་དེ་ནི་ད་ལྟའི་ཟི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་ཁོངས་སུ་ཡོད། གཉིས་པ་ནི་སྲིན་མོའི་ལག་མཐིལ་གཡས་མའི་སྟེང་དུ་མོན་སྤ་གྲོ་སྐྱེར་ཆུ་ལྷ་ཁང་བཞེངས་ཡོད་ལ་དེ་ནི་ད་ལྟའི་འབྲུག་ཡུལ་སྤ་གྲོའི་ས་ཆར་ཡོད། གསུམ་པ་ནི་སྲིན་མོའི་རྐང་མཐིལ་གཡོན་མའི་སྟེང་དུ་མཚལ་རིགས་སྒྲོལ་མ་ལྷ་ཁང་བཞེངས་ཡོད་ལ་དེ་ནི་ད་ལྟའི་ལ་དྭགས་ས་ཁུལ་དུ་ཡོད། བཞི་བ་ནི་སྲིན་མོའི་རྐང་མཐིལ་གཡས་པའི་སྟེང་དུ་བྱང་ཚངས་རླུང་གནོན་ལྷ་ཁང་བཞེངས་ཡོད་ལ་དེ་ནི་ད་ལྟའི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་མཉེས་ཐང་ས་ཆར་ཡོད། དེ་ལས་གཞན་ཉི་ཟླ་གཟའ་སྐར་གཏན་ལ་འབེབས་པར་ཀ་ཆུ་དང་ཀང་ཆུ། གླིང་ཆུ་གསུམ་བཞེངས་ཡོད་པ་དང་མེ་དགྲ་ཁ་གནོན་པའི་ཆེད་དུ་སྙལ་སྣང་གྲོ་ལྷ་ཁང་དང་གླིང་ཐང་བཞེངས་པ། བལ་བོད་ཀྱི་ས་མཚམས་སྲུང་ཞིང་ཆུ་དགྲ་ཁ་གནོན་པའི་སླད་དུ་གུ་ལང་དང་ཤིང་ཁུན་གཉིས་བཞེངས་པ་དང་ལྷ་ཀླུ་འདྲེ་སྲིན་དམ་འདོགས་དང་རླུང་གི་ཁ་གནོན་པའི་སླད་དུ་དགེ་རི་དང་དཔལ་རི་གཉིས་བཞེངས་པ་སོགས་གཙུག་ལག་ཁང་ཆུང་གྲས་མང་དག་ཅིག་བཞེངས་ཡོད་པས་ད་ལྟའི་ཆར་དེ་དག་རེ་རེ་བཞིན་ངོས་འཛིན་བྱེད་པར་དཀའ་ཁག་ཆེན་པོ་ཡོད་པ་ཞིག་རེད། གང་ལྟར་ནུབ་ཕྱོགས་ལ་དྭགས་ལ་ཐུག་པ་དང་ལྷོ་ཕྱོགས་འབྲུག་ཡུལ་ལ་ཐུག་པ། ཤར་ཕྱོགས་ཟི་ཁྲོན་འདན་ཁོག་ལ་ཐུག་པ་དང་བྱང་ཕྱོགས་བོད་བྱང་ཐང་ཆེན་མོར་ཐུག་ཡོད་པའི་བོད་ཀྱི་ས་དབྱིབས་སྲིན་མོ་གན་རྐྱལ་གྱི་གཟུགས་རིས་འདི་ནི་དཔྱད་གཞི་རྒྱ་ཆེ་བ་ཞིག་ཡིན་པར་སྣང་ནའང་དེ་རིང་དུས་ཚོད་ཀྱི་དབང་གིས་ངོ་སྤྲོད་འདི་ཙམ་གྱིས་ཆོག་པར་བྱོས།(ཉན་མཁན་གྱི་ཐལ་མོ་རྡེབ་སྒྲ)
འབྲེལ་ཡོད་ཡིག་ཆ་མཚམས་སྦྱོར་གྱི་སྐོར།
བཤད་ཁྲིད་གྲོལ་རྗེས་དགེ་སློབ་མང་པོ་ཞིག་གིས་བཤད་ཁྲིད་གནང་དུས་སུ་ལུང་འདྲེན་བྱས་པའི་ལོ་རྒྱུས་ཡིག་ཚངས་ཁ་ཤས་ཀྱི་མཚན་ཡང་གོ་ཐོས་བྱུང་མྱོང་མེད་པས་ཕྱིས་སུ་བཤད་ཁྲིད་སྒྲ་ཕབ་ལས་ཡི་གེར་འགོད་ན་མཇུག་ཏུ་ལུང་འདྲེན་བྱས་པའི་ཡིག་ཆ་མཚམས་སྦྱོར་གྱི་ཚན་པ་ཞིག་ཀྱང་འདོན་པར་རེ་བ་ཞུས་སོང་བ་དང་དེའང་མ་འོངས་བོད་ཀྱི་གཞོན་ནུ་རིག་གནས་སྦྱོང་མཁན་རྣམས་ཀྱིས་དཔྱད་གཞིའི་རྒྱུ་ཆ་འཚོལ་བསྡུ་བྱེད་པར་སྟབས་བདེ་རུ་འགྱུར་བའི་མཐུན་རྐྱེན་དུ་འགྲོ་བར་གསུངས་སོང་བས་ཁོང་རྣམས་ཀྱི་ཐུགས་འདུན་ལྟར་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་དུ་ཡོད་པའི་ལོ་རྒྱུས་ཡིག་ཚངས་རྣམས་ཀྱི་མཚན་བྱང་ དང་མཛད་པ་པོ་སུ་ཡིན་གྱི་སྐོར། ལག་བྲིས་ཀྱི་རིགས་དང་དཔེ་ཆའི་དཔར་བསྐྲུན་གྱི་དུས་ཚོད་སོགས་གསལ་བོར་བཀོད་ཡོད།
[1]《斯大林全集》第十一卷 作者: 斯大林 出版社:北京人民出版社 1985年
[2]《དེབ་ཐེར་མེས་པོའི་ཞལ་ལུང》མཛད་པ་པོ། ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན། རྨ་ལྷོ་སོག་རྫོང་གི་དཔེ་རྙིང་ལག་བྲིས་མ། (ཟུར་ལྟའི་མ་ཡིག་དེབ་རྙིང་ཞིག་ཡོད་པར་འདོད་པས་དཔྱད་དགོས་རྒྱུ་འདུག)
[3]《中国历史》编者:人民教育出版社历史室 出版社:人民教育出版社 2007年
[4]《原始文化》神话,哲学,宗教,语言,艺术和习俗发展之研究 作者:爱德华•泰勒(1832-1917)英国人类学家 译者:连树声 出版社:广西师范大学出版社 2006年。
[5]《古代社会》作者:路易斯•亨利•摩尔根(1818-1891)美国著名人类学家 历史学家 出版社:江苏教育出版社
[6]《ལྡེའུ་ཆོས་འབྱུང》ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་ལྡེའུ་ཇོ་སྲས་ཀྱིས་མཛད་པ་བཞུགས་སོ། མཛད་པ་པོ། ལྡེའུ་ཇོ་སྲས། པར་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་། 1987ལོ།
[7]《མ་ནྀ་བཀའ་འབུམ》མཛད་པ་པོ། ཆོས་རྒྱལ་སྲོང་བཙན་སྒམ་པོ། གཏེར་སྟོན་པ། གྲུབ་ཐོབ་དངོས་གྲུབ་སོགས། པར་སྐྲུན་ཁང་། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྐྲུན།
[8]《བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ》རྗེ་བཙུན་ཐམས་ཅད་མཁྱེན་པ་བཻ་རོ་ཙ་ནའི་རྣམ་ཐར་འདྲ་འབག་ཆེན་མོ། གཏེར་སྟོན་པ་གཡུ་སྒྲ་སྙིང་པོ། པར་སྐྲུན་ཁང་། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1995ལོ།
[9]《སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས》མཛད་པ་པོ། ར་སངས་ཁྲི་ནེ་ཁོད།(དུས་རབས་བརྒྱད་པ)བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས 《ཁུ་བྱུག་སྔོན་མོའི་གསུང་སྙན》ཁྲོད་བསྡུས་ཡོད། སྒྲིག་པ་པོ། མཁར་རྨེའུ་བསམ་གཏན། དཔེ་སྐྲུན་ཁང་། ཉི་ཧོང་གི་མི་རིགས་རིག་པའི་དངོས་མང་བཤམས་མཛོད་ཁང་། 2002ལོ།
[10]《སྲིད་པའི་མཛོད་ཕུག》སྲིད་པའི་མཛོད་ཕུགས་ཐམས་ཅད་འབྱུང་བའི་སྒོ་མོའང་ཟེར། གསུངས་པ་པོ། སྟོན་པ་གཤེན་རབ་མི་བོ་ཆེ། གཏེར་སྟོན་པ། གྱེར་མི་ཉི་འོད་དང་རྨ་སྟོན་སྲིད་འཛིན། གཏེར་ཐོན་ལོ། 1108ལོ། ལག་བྲིས་མ།
[11]《ཤ་རིའི་སྒྲ་མདོ》མཛད་པ་པོ་སོགས་མི་གསལ། རྒྱལ་རོང་ཁོག་གི་དཔེ་རྙིང་ལག་བྲིས་མ།
[12]《གསུང་འབུམ་དཀར་ཆག》ཞྭ་སེར་བསྟན་པའི་སྒྲོན་མེ་རྗེ་ཙོང་ཁ་བ་ཆེན་པོས་གཙོས་སྐྱེས་ཆེན་དམ་པ་རིམ་བྱུང་གི་གསུང་འབུམ་དཀར་ཆག་ཕྱོགས་གཅིག་ཏུ་བསྒྲིགས་པའི་དྲི་མེད་ཟླ་ཤེལ་གཙང་མའི་མེ་ལོང་ཞེས་བྱ་བ། སྒྲིག་པ་པོ། བོད་ལྗོངས་པོ་ཏ་ལ་རིག་དངོས་སྲུང་སྐྱོབ་སོའོ། དཔེ་སྐྲུན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1990ལོ།
[13]《现代印度哲学•人的精神》作者:拉达克里希南 电子版
[14]《贝多芬语录》作者:贝多芬 电子版
[15]《འདུལ་བའི་ལེགས་བཤད་སྐལ་བཟང་ནོར་བུའི་ཕྲེང་བ》མཛད་པ་པོ། པ࿄་ཆེན་བདེ་ལེགས་ཉི་མ། དཔེ་སྐྲུན་ཁང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོ།
[16]《འདུལ་བའི་ལྒིང་འབུམ་ཆེན་མོ》ལེགས་པར་གསུངས་བའི་དམ་པའི་ཆོས་འདུལ་བའི་ལྒིང་གཞི་དང་རྟོགས་པ་བརྗོད་པ་ལུང་སྡེ་བཞི་ཀུན་ལས་བཏུས་པ་རིན་པོ་ཆེའི་མཛོད་ཅེས་བྱ་བ་བཞུགས་སོ། མཛད་པ་པོ། རྗེ་དགེ་འདུན་གྲུབ། པར་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1990 ལོ།
[17]《ཆོས་འབྱུང་མཁས་པའི་དགའ་སྟོན》དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་ཆོས་འབྱུང་མཁས་པའི་དགའ་སྟོན་ཞེས་བྱ་བ། མཛད་པ་པོ། དཔའ་བོ་གཙུག་ལག་ཕྲེང་བ། དཔེ་སྐྲུན་ཁང་། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 1986ལོ།
[18]《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས《ཁུ་བྱུག་སྔོན་མོའི་གསུང་སྙན》ཁྲོད་བསྡུས་ཡོད། སྒྲིག་པ་པོ། མཁར་རྨེའུ་བསམ་གཏན། དཔེ་སྐྲུན་ཁང་། ཉི་ཧོང་གི་མི་རིགས་རིག་པའི་དངོས་མང་བཤམས་མཛོད་ཁང་།2002ལོ།
[19]《དབུ་ནག་མིའུ་འདྲ་ཆགས》བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས《ཁུ་བྱུག་སྔོན་མོའི་གསུང་སྙན》ཁྲོད་བསྡུས་ཡོད། སྒྲིག་པ་པོ། མཁར་རྨེའུ་བསམ་གཏན། དཔེ་སྐྲུན་ཁང་། ཉི་ཧོང་གི་མི་རིགས་རིག་པའི་དངོས་མང་བཤམས་མཛོད་ཁང་།2002ལོ།
[21]《བོད་ཀྱི་རིག་གནས་ལྔའི་རྣམ་གཞག》མཛད་པ་པོ། བཙུན་པ་ཚུལ་ཁྲིམས་རིན་ཆེན། དཔེ་སྐྲུན་ཁང་། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 1981ལོ།
[22]《རིག་གནས་ཀུན་ཤེས་ནས་བདག་མེད་གྲུབ་པ་ཞེས་བྱ་བའི་བསྟན་བཅོས་དང་དེའི་དོན་རྣམ་པར་བཤད་པ་ཉུང་གསལ་ཀུན་དགའ》སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་གསུང་རྩོམ་པོད་དང་པོའི་ནང་དུ་བསྡུས་ཡོད། མཛད་པ་པོ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། སྒྲིག་པ་པོ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། དཔེ་སྐྲུན་ཁང་། ཀྲུང་གི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོ།
[23]《ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན》མཛད་པ་པོ། འདར་སྟོད་དགྲ་འདུལ་དབང་པོ། དཔེ་སྐྲུན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།1988ལོ།
[24]《རྒྱལ་རབས་གསལ་བའི་མེ་ལོང》མཛད་པ་པོ། ས་སྐྱ་བསོད་ནམས་རྒྱལ་མཚན། དཔེ་སྐྲུན་ཁང་། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 1981ལོ།
[25]《བཀའ་བརྒྱུད་པའི་བརྒལ་ལན་དང་དྲིས་ལན་ཕྱོགས་བསྒྲིགས》མཛད་པ་པོ། ཀུན་མཁྱེན་རྣམ་གཉིས་སོགས། དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་། 2009ལོ།
[26]《བྱམས་མ》བྱམས་མ་སྐྱོན་གྱི་འཇིགས་སྐྱོབ་ཅེས་ཀྱང་བྱ། གཏེར་སྟོན་པ། ཁྲོ་ཚང་འབྲུག་ལྷ། དཔེ་སྐྲུན་ཁང་། སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་སོའུ་ཡི་བོད་ཀྱི་རིག་གནས་ཞིབ་འཇུག་གི་གློག་དཔར་སྣ་རིང་མ།
[27]《བོད་ཡུལ་ལ་མགྲོན་དུ་ཕེབས་པའི་གོ་ལ་གཞན་གྱི་མྱི》རྩོམ་པ་པོ། ལྡོང་ཕྲུག པར་སྐྲུན་ཁང་། གངས་ཅན་པ་ཚོང་འཕྲིན་ཇུས་འགོད་ཞབས་ཞུ་ལྟེ་གནས་ནས་དཔར།
[28]《གཉའ་ཁྲི་བཙན་པོ་ནི་བོད་རང་གི་མི་ཞིག་རེད》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་སུ་བསྡུས་ཡོད། དཔེ་སྐྲུན་ཁང་། ཀྲུང་གི་བོད་རིག་པ་དཔེ་སྐྲུན་ཁང་དང་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྒྲིག་ཁང་གི་མཉམ་འབྲེལ་དཔར་མ། 2009ལོ།
[29]《ལྡེའུ་ཆོས་འབྱུང》རྒྱ་བོད་ཆོས་འབྱུང་རྒྱས་པ་ཡང་ཟེར། མཛད་པ་པོ། ལྡེའུ་ཇོ་སྲས། པར་སྐྲུན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ།
[30]《འཛམ་གླིང་རྒྱས་བཤད》འཛམ་གླིང་ཆེན་པོའི་རྒྱས་བཤད་སྣོད་བཅུད་ཀུན་གསལ་མེ་ལོང་ཞེས་ཀྱང་ཟེར། མཛད་པ་པོ། བཙན་པོ་སྐུ་ཕྲེང་བཞི་པ་བསྟན་འཛིན་འཕྲིན་ལས། དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2009ལོ།
[31]《图腾崇拜》作者:海通 苏联著名的人类学专家 译者:何星亮 出版社:广西师范大学出版社 2006年。
[32]《金枝》作者: J•G弗雷泽(1854-1941)英国著名人类学家 民俗学家 译者:张泽石等 出版社:新世纪出版社 2006年
[33]《ལྟ་བའི་ཕྱོགས་སོ》ལས་ཁྱུང་གི་རུ་སྐོལ་སྐོལ་མདོའི་ལེའུ། མཛད་པ་པོ། ཞང་ཞུང་ཁྲོ་འཕན། ལག་བྲིས་མ།
[34]《སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ》གཏེར་སྟོན་པ། ཁོད་པོ་བློ་གྲོས་ཐོགས་མེད། གཏེར་ཐོན་ལོ། 1301ལོ། དཔེ་ཁུངས། ལག་བྲིས་མ།
[35]《བཀའ་ཐང་སྡེ་ལྔ》གཏེར་སྟོན་པ། གུ་རུ་ཨུ་རྒྱན་གླིང་བ། གཏེར་ཐོན་ལོ། རབ་བྱུང་ལྔ་བ། དཔེ་སྐྲུན་ཁང་། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 1986ལོ།
[36]《རྒྱལ་གཤེན་ཡ་ངལ་གྱི་གདུང་རབས་ཨུན་ཆེན་ཚངས་པའི་སྒྲ་དབྱངས》མཛད་པ་པོ། ཡང་སྒོམ་མི་འགྱུར་རྒྱལ་མཚན། མཛད་པའི་ལོ་ཚིགས། དུས་རབས་བཅུ་བདུན་པ། དཔེ་ཁུངས། དབུ་མེད་ཕྱག་བྲིས་མ།
[37]《ཡུམ་བུ་བླ་སྒང་གི་དཀར་ཆག་འབྲིང་པོ》མཛད་པ་པོ། ལྕང་གླང་རོལ་བའི་རྡོ་རྗེ། དཔེ་སྐྲུན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2010 ལོ།
[38]《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》སྒྲིག་པ་པོ། དབང་རྒྱལ་དང་བསོད་ནམས་སྐྱིད་། དཔེ་སྐྲུན་ཁང་། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 1992ལོ།
[39]《ཞང་བོད་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ་མ་བཅོས་གསེར་གྱི་ཡང་ཞུན་ཞེས་བྱ་བ》མཛད་པ་པོ། ཀུན་བཟང་བློ་གྲོས། དཔེ་སྐྲུན་ཁང་། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2003ལོ།
[40]《བོན་གྱི་མོ་ཡིག་རྙིང་བ་ཁག་གསུམ》ནི《敦煌吐蕃文书论文》རུ་བསྡུས་ཡོད། 编者:王尧和陈践 出版社:四川人民出版社 1988年
[41]《དཔལ་དོན་གྲུབ་རྒྱལ་གྱི་གསུང་རྩོམ》པོད་གསུམ་པ། མཛད་པ་པོ། དོན་གྲུབ་རྒྱལ། དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་། 1997ལོ།
[42]《བཀའ་ཆེམས་ཀ་ཁོལ་མ》བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་རྣམ་ཐར་བཀའ་ཆེམས་གསེར་གྱི་འཕྲེང་བ་ཞེས་བྱ་བ། གཏེར་སྟོན་པ། ཇོ་བོ་ཨ་ཏི་ཤ། གཏེར་ཐོན་ལོ། 1049ལོ། པར་སྐྲུན་ཁང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1995ལོ།
[44][46]《ཉང་རལ་ཆོས་འབྱུང》ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ཅེས་ཀྱང་བྱ། མཛད་པ་པོ། ཉང་རལ་ཉི་མ་འོད་ཟེར། དཔེ་སྐྲུན་ཁང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང། 1988ལོ།
[45]《གཡུང་དྲུང་བོན་གྱི་རྒྱུད་འབུམ་གྱི་མ་དཔེ་རྙིང་བ་མི་འདྲ་བ་ཁག་ལྔ》བསྡུ་སྒྲིག་པ། བན་ཤུལ་དཔལ་མཁར་རྒྱལ། དབུ་ཅན་དང་དབུ་མེད་ལག་བྲིས་མ།
[47]《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གསོ་རིག་ཡིག་ཆ་བདམ་བསྒྲིགས》སྒྲིག་པ་པོ། ལུའོ་པིང་ཧྥུན་དང་ཧོང་པུའུ་ཧྥན། པར་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་། 1983ལོ།
[48]《གསོ་རིག་སྨན་གྱི་ཁོག་འབུགས》དཔལ་ལྡན་གསོ་བ་རིག་པའི་ཁོག་འབུགས་ལེགས་བཤད་བཻདཱུཪྻའི་མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན་ཡང་ཟེར། མཛད་པ་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། པར་སྐྲུན་ཁང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982ལོ།
[49]《ལྡེའུ་ཆོས་འབྱུང》རྒྱ་བོད་ཆོས་འབྱུང་རྒྱས་པ་ཡང་ཟེར། མཛད་པ་པོ། ལྡེའུ་ཇོ་སྲས། པར་སྐྲུན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ།
[50] 《སྔ་རབས་བོད་ཀྱི་བྱུང་བ་བརྗོད་པ་འབེལ་གཏམ་ལུང་གི་སྙིང་བོ》མཛད་པ་པོ། བསྟན་འཛིན་རྣམ་དག དཔེ་སྐྲུན་ཁང་། བལ་ཡུལ་སྨན་རིའི་ཁྲི་བསྟན་ནོར་བུའི་དཔེ་མཛོད་ཁང་། 2005ལོ།
[51] 《མི་དམར་མགོ་གསུམ་བཞུགས་པའི་དབུ་ལེགས་སོ》བོན་གྱི་དཔེ་རྙིང་ལག་བྲིས་མ།
[52]《བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག》 མཛད་པ་པོ། དྲན་པ་ནམ་མཁའ། གཏེར་སྟོན་པ། གྱེར་མི་ཉི་འོད་དང་རྨ་སྟོན་སྲིད་འཛིན། དཔེ་ཁུངས། སྨན་རིའི་ལྕགས་དཔར་སྣ་རིང་མ།
[53]《རྒྱལ་ཁམས་རིགས་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པོད་དང་པོར་བསྡུས་ཡོད། དཔེ་སྐྲུན་ཁང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང། 1990ལོ།
[54]《རྦ་བཞེད་ཕྱོགས་བསྒྲིགས》སྒྲིག་པ་པོ། བདེ་སྐྱིད། དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་། 2009ལོ།
[55]《རྒྱལ་རབས་མང་བོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ》མཛད་པ་པོ། སྟག་ཚང་དཔལ་འབྱོར་བཟང་བོ། དཔེ་སྐྲུན་ཁང་། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་དཔར། 2007ལོ།
[56]《ལྡེའུ་ཆོས་འབྱུང》རྒྱ་བོད་ཆོས་འབྱུང་རྒྱས་པ་ཡང་ཟེར། མཛད་པ་པོ། ལྡེའུ་ཇོ་སྲས། པར་སྐྲུན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ།
[57]《རྒྱ་བོད་ཀྱི་ནོར་རྫས་ཀྱི་རིས་བརྟགས་ཤིང་དཔྱད་པའི་དཔྱད་དོན་ཡིད་ཀྱི་འདོད་འཇོ་ཞེས་བྱ་བ་བཞུགས་སོ》བཟོ་རིག་ཉེར་མཁོ་བདམས་བསྒྲིགས་ཞེས་པར་བསྡུས་ཡོད། དཔེ་སྐྲུན་ཁང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང། 1990ལོ།
[58]《རྒྱལ་རབས་གསེར་གྱི་ཕྲེང་བ》བོད་ཀྱི་རྒྱལ་རབས་གསེར་གྱི་ཕྲེང་བར་གྲགས་པ་ལས་མངའ་རིས་སྟོད་མར་ཡུལ་བདག་པོའི་དེབ་ཐེར་ཞེས་ཀྱང་བྱ། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་གསུང་འབུམ་པོད་གསུམ་པར་བསྡུས་ཡོད། དཔེ་སྐྲུན་ཁང་། ཀྲུང་གི་བོད་རིག་པ་དཔེ་སྐྲུན་ཁང་། 2006ལོ།
[59]《ལ་དྭགས་རྒྱལ་རབས》མཛད་པ་པོ་མི་གསལ། པར་སྐྲུན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ།
[60]《བཙན་པོ་ཁྲི་སྲོང་ལྡེ་བཙན་དང་མཁན་པོ་སློབ་དཔོན་པདྨའི་དུས་མདོ་སྔགས་སོ་སོར་མཛད་པའི་སྦ་བཞེད་ཞབས་བཏགས་མ》མཛད་པ་པོ། སྦ་གསལ་སྣང་། དཔེ་སྐྲུན་ཁང་། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1990ལོ།
[61]《གུ་རུའི་བཀའ་ཐང་རྒྱས་པ》མཛད་པ་པོ། རིག་འཛིན་རྒོད་ལྡེམ། དཔེ་ཆའི་ཐོན་ཁུངས། དམངས་ཁྲོད་ལག་བྲིས་མ།《གུ་རུའི་བཀའ་ཐང་དུམ་ཆུང》མཛད་པ་པོ། ཨ་ཡ་བོན་པོ་ལྷ་འབུམ། དཔེ་ཆའི་ཐོན་ཁུངས།དམངས་ཁྲོད་ལག་བྲིས་མ།《སློབ་དཔོན་པདྨ་ཚེ་དབང་རིག་འཛིན་གྱི་རྣམ་ཐར་བོན་ལུགས་མ》བསྡོམས་པས་པོད་བརྒྱད་ཡོད། དཔེ་ཆའི་ཐོན་ཁུངས། དབུ་མེད་ཕྱག་བྲིས་མ། 《གུ་རུའི་བཀའ་ཐང་ས་གཏེར་མ》གཏེར་སྟོན་པ། དུམ་རྒྱ་ཞང་ཁྲོམ། དཔེ་ཆའི་ཐོན་ཁུངས། དམངས་ཁྲོད་ལག་བྲིས་མ་སོགས་སྣ་མི་འདྲ་བ་ཧ་ཅང་མང་པོ་ཡོད།
[62] 《རྦ་བཞེད་ཕྱོགས་བསྒྲིགས》སྒྲིག་པ་པོ། བདེ་སྐྱིད། དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་། 2009ལོ།
[63] [90]《བདུད་འཇོམས་ཆོས་འབྱུང》གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོ་སྔ་འགྱུར་ཐེག་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱུང་བའི་ཚུལ་དག་ཅིང་གསལ་བར་བརྗོད་པ་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བའང་ཟེར། མཛད་པ་པོ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དཔེ་བསྐྲུན་ཁང་། སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། 1996ལོ།
[64]《དམ་པའི་ཆོས་ཀྱི་བྱུང་ཚུལ་བསྟན་པའི་རྒྱ་མཚོར་འཇུག་པའི་གྲུ་ཆེན》ས་སྐྱའི་ཆོས་འབྱུང་གཅེས་བསྡུས་དེབ་བཞི་བར་བསྡུས་ཡོད། མཛད་པ་པོ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། དཔེ་སྐྲུན་ཁང་། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་དཔར། 2009ལོ།
[65]《རྒྱ་ནག་ཆོས་འབྱུང》མཛད་པ་པོ། སོག་པོ་ལོ་ཙཱ་བ་མགོན་པོ་སྐྱབས། དཔེ་སྐྲུན་ཁང་། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།1983ལོ།
[66]《རྒྱའི་བཙུན་པ་ཧྥ་ཤན་གྱི་རྒྱ་གར་ལམ་ཡིག》བོད་འགྱུར་མ། མཛད་པ་པོ། ཆོས་ཀྱི་སྣང་བ(334-420)དཔེ་ཁུངས། གློག་རྡུལ་ཡིག་ཚགས།
[67] 《ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆགས》མཛད་པ་པོ། ཞོན་ཙང་། བསྒྱུར་པ་པོ། ཆ་གན་བླ་མ་ཞབས་དྲུང་རྒྱལ་མཚན། དཔེ་སྐྲུན་ཁང་། ཉི་ཧོང་ཨོ་ཐ་ནི་སློབ་གྲྭ་ཆེན་མོའི་གློག་དཔར་སྤུས་ལེགས་མ། 2005ལོ།
[68] 《大唐西域求法僧传校注》 作者:义净等 出版社:中华书局 1988年
[69]《ཐེག་པ་ཆེན་པོ་ཅིག་ཅར་རིགས་པ་ཡང་དག་ངེས་པ》(顿悟大乘正理决叙) ཧྥ་རན་སིའི་བསྡུ་ཉར་གནང་བའི་ཏུན་ཧོང་ཡིག་རྙིང་ཁྲོད་བཞུགས་ཡོད། མ་དཔེ་རྒྱ་ཡིག གློག་རྡུལ་དཔེ་ཆ།
[70]《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད》མཛད་པ་པོ། ས་སྐྱ་ཨ་མྱེས་ཞབས། དཔེ་སྐྲུན་ཁང་། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 1986ལོ།
[71]《ཀྲིན་ཡོན་དགག་སྒྲུབ་ཀྱི་ཐོ་ཡིག》གློག་རྡུལ་དཔེ་ཆ།
[72]《ས་སྐྱའི་གསུང་འབུམ》པོད་བཅོ་ལྔ་བར་བསྡུས་ཡོད། སྡེ་དགེ་ཤིང་དཔར།
[73]《ལོ་ཙིས་ཧུའུ་མར་བདམས་པ》གློག་རྡུལ་དཔེ་ཆ།
[74]《ཡོན་རྒྱལ་རབས་ཀྱི་ལོ་རྒྱུས》པོད་བརྒྱ་དང་ཉི་ཤུ་རྩ་ལྔ་བར་གསལ། དེའི་ཁྲོད་དུ་བསྡུས་པའི་ཐེ་གེའི་རྣམ་ཐར་ཁྲོད་དུ་ཡོད། གློག་རྡུལ་དཔེ་ཆ།
[75]《བྱང་ཆུབ་ལམ་རིམ་ཆེན་མོ》མཛད་པ་པོ། རྗེ་བཙུན་བློ་བཟང་གྲགས་པ། དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2000ལོ།
[76]《དབུ་མའི་སྒོམ་རིམ》ཅེས་པ་《རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཀ་མ་ལ་ཤི་ལས་མཛད་པའི་བསྒོམ་རིམ་གསུམ་དང་རྣལ་འབྱོར་བསྒོམ་པ་ལ་འཇུག་པ་དང་བཅས་ཕྱོགས་སྡེབས་བཞུགས་སོ》རུ་བསྡུས་ཡོད། མཛད་པ་པོ། ཀ་མ་ལ་ཤི་ལ། པར་སྐྲུན་ཁང་། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྐྲུན།
[77]《སྡོམ་གསུམ་རབ་དབྱེ》སྡོམ་པ་གསུམ་རབ་ཏུ་དབྱེ་བའི་བསྟན་བཅོས་ཀྱང་ཟེར། ས་སྐྱའི་དཔེ་ཚོགས་ཀྱི་གྲས་སྡོམ་གསུམ་ཞེས་པར་བསྡུས་ཡོད། མཛད་པ་པོ། ས་པ࿄་ཀུན་དགའ་རྒྱལ་མཚན། དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་། 2004ལོ།
[78]《ཆོས་འབྱུང་མཁས་པའི་དགའ་སྟོན》དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་ཆོས་འབྱུང་མཁས་པའི་དགའ་སྟོན་ཞེས་བྱ་བ། མཛད་པ་པོ། དཔའ་བོ་གཙུག་ལག་ཕྲེང་བ། དཔེ་སྐྲུན་ཁང་། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 1986ལོ།
[79]《ཆག་ལོའི་ལམ་ཡིག》ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་ཐར་ཀྱང་ཟེར། ཁོང་གི་ཡིག་འབྲི་བ་ཆོས་དཔལ་དར་བྱང་གིས་མཛད། ལག་བྲིས་མ། 1981ལོ།
[80]《藏传佛教中观哲学》作者:伊丽莎白•纳珀 出版社:中国人民大学出版社 2006年
[81]《རྒྱ་ནག་ཧྭ་ཤང་གི་བྱུང་ཚུལ་གྲུབ་མཐའི་ཕྱོགས་སྔ་དང་བཅས་པའི་ས་བོན་ཙམ་སྨོས་པ་ཡིད་ཀྱི་དྲི་མ་དྭངས་བྱེད་དགེ་བའི་ཆུ་རྒྱུན》ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་གསུང་འབུམ་པོད་གཉིས་པར་བསྡུས་ཡོད། དཔེ་སྐྲུན་ཁང་། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2006ལོ།
[82] 《ཆོས་འབྱུང་དཔག་བསམ་ལྗོན་བཟང》མཛད་པ་པོ། སུམ་པ་ཡེ་ཤེས་དཔལ་འབྱོར། དཔེ་བསྐྲུན་ཁང་། ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་། 1992ལོ།
[83]《སྨན་དཔྱད་ཟླ་བའི་རྒྱལ་པོ》སྨན་དཔྱད་སོ་མ་ར་ཛའང་ཟེར། མཛད་པ་པོ། སློབ་དཔོན་ཀླུ་སྒྲུབ། བསྒྱུར་པ་པོ། ཧྭ་ཤང་མ་ཧྭ་ཡ་ན་དང་བཻ་རོ་ཙ་ན། དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་། 1985ལོ།
[84][85][86]《དེབ་ཐེར་དམར་པོ་གསར་མ》རུ་བསྟན་བཅོས་དེ་གསུམ་བསྡུས་ཡོད། མཛད་པ་པོ། པ࿄་ཆེན་བསོད་ནམས་གྲགས་པ། པར་སྐྲུན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982ལོ།
[87] 《ས་སྐྱ་པ࿄་ཊི་ཏ་ཀུན་དགའ་རྒྱལ་མཚན་གྱི་གསུང་རྩོམ་ལྒིགས་བམ་པོད་གསུམ་པ》ལས་སྐྱེས་སུ་དམ་པ་རྣམས་ལ་སྤྲིང་བའི་ཡི་གེ་རུ་འཁོད་ཡོད། མཛད་པ་པོ། ས་སྐྱ་པ࿄་ཊི་ཏ་ཀུན་དགའ་རྒྱལ་མཚན། པར་སྐྲུན་ཁང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང། 1992ལོ།
[88]《ཀ་དཔེ་རྩ་བའི་སྡོམ》སྣ་རིང་ལག་བྲིས་མ།
[89] 《བོད་ཀྱི་སེར་མོ་བའི་ཆོས་རྩོད་ལོ་རྒྱུས》རྩོམ་པ་པོ། སྒྲེ་མེ་བེད། ཧྥ་རན་སི་ནས་དཔར་སྐྲུན་བྱས། 1952ལོ།
[91]《བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་སྐོར་བཤད་པ》དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་དུ་བསྡུས་ཡོད། དཔེ་སྐྲུན་ཁང་། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 1997ལོ།
[92]《ཧྥེ་ཨར་པ་ཧི་ཡི་ཆོས་སྲིད་ལྟ་ཚུལ》འགའ་ཤས་བདག་གི་ཟིན་བྲིས་ལས་བཤུས་ཤིང་དེབ་འདྲ་མིན་སྣ་ཚོགས་ཀྱི་ཐོར་བཏུས་ཡིན་པས་དཔེ་སྐྲུན་གནས་ཚུལ་སོགས་ཞིབ་པ་འགོད་མ་ཐུབ།
[93]《བོད་རིགས་གཞོན་ནུ་རྣམས་ལ་གྲོས་སུ་འདེབས་པ་གཟི་ཡི་ཕྲེང་བ》མཛད་པ་པོ། ནམ་མཁའ་ནོར་བུ། དཔེ་སྐྲུན་ཁང་། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1989ལོ།
[94] [116]《ཆོས་སྲིད་ཟུང་འབྲེལ་དང་བོད་རིག་པའི་འཕེལ་ཕྱོགས་སྐོར་ལ་དཔྱད་པ》རྩོམ་པ་པོ། རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ། དཔེ་ཆའི་ཐོན་ཁུངས། ལྕགས་དཔར་དེབ་གཟུགས། དཔེ་སྐྲུན་ཁང་སོགས་མི་གསལ།
[95]《吐蕃政教关系史》作者:石硕 出版社:四川出版集团和四川人民出版社 2004年
[96]《མཁས་དབང་བོན་བརྒྱ་རིན་པོ་ཆེའི་བསྟན་རྩིས་དང་དཔྱད་རྩོམ་ཕྱོགས་བསྒྲིགས》མཛད་པ་པོ། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། དཔེ་སྐྲུན་ཁང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2009ལོ།
[97]《ང་ཚོ་སད་རན》རྩོམ་པ་པོ། སྒོ་ཤེས་རབ་རྒྱ་མཚོ། དཔེ་སྐྲུན་ཁང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2007ལོ།
[98]《ཆོས་འབྱུང་འབེལ་གཏམ་ཉུང་ངུ》མཛད་པ་པོ། རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1988ལོ།
[99]《青藏高原的历史与文明》作者:石硕 出版社:中国藏学出版社 2007年
[100]《ཁྲི་སྲོང་ལྡེ་བཙན་རིང་ཆོས་མི་སྣུབ་པའི་ཕྱིར་རྗེ་བློན་མནས་བསྒག་པའི་བཀའ་གཙིགས་ཡི་གེ་གཉིས་པ》བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས་ཞེས་པར་བསྡུས་ཡོད། སྒྲིག་པ་པོ། གཉའ་གོང་དཀོན་མཆོག་ཚེ་བརྟན། དཔེ་སྐྲུན་ཁང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 1995ལོ།
[101]《军事学是什么》作者:任向群等著 出版社:北京大学出版社 2009年
[102]《战争论》出版社:商务印书馆 1964年
[103]《毛泽东选集》作者:毛泽东 出版社:人民出版社 1991年
[104]《文明的毁灭与孕育梷深刻影响人类社会的60次重大战争》作者:李庆山 出版社:中国青年出版社 2008年
[105]《中国西藏地方货币》作者:曹刚 出版社 四川民族出版社 1999年
[106]《ས་ཡི་སྙིང་བོ་འཁོར་ལོ་བཅུ་བའི་མདོ》སྡེ་དགེ་བཀའ་འགྱུར་ཁྲོད་བཞུགས་ཡོད།
[107]《འཕགས་པ་གསེར་འོད་དམ་པའི་མདོ》འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་བོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགས་སོ། དཔེ་བསྐྲུན་ཁང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1989ལོ།
[108]《མདོ་སྡེ་དྲན་པ་ཉེར་བཞག》འགྱུར་བྱང་མེད། སྡེ་དགེ་བཀའ་འགྱུར་གྱི་མདོ་མང་ཟ་འ་ཡ་ར་བཅས་ཀྱི་ཁྲོད་དུ་བཞུགས་ཡོད།
[109]《བྱང་སེམས་སྤྱོད་ཡུལ་ཐབས་ཀྱི་ཡུལ་ལས་རྣམ་པར་འཕྲུལ་བ་བསྟན་པའི་མདོ》པ࿄་ཊི་ཏ་པྲཱཛྙྲཝརྨ་དང་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་སོགས་པས་བསྒྱུར། སྡེ་དགེ་བཀའ་འགྱུར་ཁྲོད་བཞུགས་ཡོད།
[110]《ཀླུ་ཡི་རྒྱལ་པོ་རྔ་སྒྲའི་ཚིགས་སུ་བཅད་པ་ཤོ་ལོ་ཀ་བརྒྱ་བ》འགྱུར་བྱང་མེད། སྡེ་དགེ་བཀའ་འགྱུར་མདོ་མང་ལ་ཁྲོད་བཞུགས་ཡོད།
[111]《ལེགས་པར་བཤད་པ་རིན་པོ་ཆེ་གཏེར་དང་འགྲེལ་བ་བཞུགས་སོ》བོད་ཀྱི་ཕལ་སྐད་ལ་ས་སྐྱ་ལེགས་བཤད་ཅེས་གྲགས་ཆེ། རྩ་བ་མཛད་པ་པོ། ས་སྐྱ་པ࿄་ཊི་ཏ་ཀུན་དགའ་རྒྱལ་མཚན། དཔེ་བསྐྲུན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982ལོ།
[112] 《བདུད་འཇོམས་ཆོས་འབྱུང》གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོ་སྔ་འགྱུར་ཐེག་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱུང་བའི་ཚུལ་དག་ཅིང་གསལ་བར་བརྗོད་པ་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བའང་ཟེར། མཛད་པ་པོ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དཔེ་བསྐྲུན་ཁང་། སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། 1996ལོ།
[113]《ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་བཞུགས་སོ》མཛད་པ་པོ། གྲགས་པ་རྒྱལ་མཚན། ལག་བྲིས་མ།
[114]《人类的生存哲学》主编:英炜 出版社;中华工商联合出版社 2007年
[115]《གྲུབ་མཐའི་སྐོར་གྱི་རྣམ་བཤད》མཁས་དབང་དུང་དཀར་རིན་པོ་ཆེའི་གསུང་འབུམ་དུ་བསྡུས་ཡོད། མཛད་པ་པོ། དུང་དཀར་བློ་བཟང་འཕྲིན་ལས། སྒྲིག་པ་པོ། རྣམ་རྒྱལ་ར་འཕྲིན་ལས་རྒྱ་མཚོ། དཔེ་སྐྲུན་ཁང་། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2004ལོ།
[117]《历史哲学》作者:黑格尔 出版社:商务印书馆2007年
[118]《རྒྱལ་སྡེ་སྐར་ཆུང་ལྷ་ཁང་གི་རྡོ་རིང་ཡི་གེ》བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས་ཞེས་པར་བསྡུས་ཡོད། སྒྲིག་པ་པོ། གཉའ་གོང་དཀོན་མཆོག་ཚེ་བརྟན། དཔེ་སྐྲུན་ཁང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 1995ལོ།
[119]《房龙讲述历史的故事》作者:亨德里克•威蒹•房龙 译者:黄拥 出版社:中国广播电视出版社 2005年
[120]《བསྐལ་བའི་གཏམ་ལྒིང་དམར་ལྡང་མ》རྩོམ་པ་པོ། འབྲོང་བུ་ཚེ་རིང་རྡོ་རྗེ། དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་། 2002ལོ།
[121]《འཛམ་གླིང་མཐའ་དབུས་ཀྱི་རྣམ་གཞག་ཉེར་མཁོའི་སྣང་བ》མཛད་པ་པོ། དབྲ་སྟོན་སྐལ་བཟང་རྒྱལ་མཚན། དཔེ་ཁུངས། ཤིང་དཔར་ལྒིགས་བམ།
[122]《སྔ་རབས་བོད་ཀྱི་བྱུང་བ་བརྗོད་པ་འབེལ་གཏམ་ལུང་གི་སྙིང་བོ》མཛད་པ་པོ། བསྟན་འཛིན་རྣམ་དག དཔེ་སྐྲུན་ཁང་། བལ་ཡུལ་སྨན་རིའི་ཁྲི་བསྟན་ནོར་བུའི་དཔེ་མཛོད་ཁང་། 2005ལོ།
[123][124]《འཛམ་གླིང་གངས་རྒྱལ་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག》མཛད་པ་པོ། གྲུབ་དབང་བསྟན་འཛིན་རིན་རྒྱན། དཔེ་ཁུངས། དབུ་མེད་ཕྱག་བྲིས་མར་གསལ།
[125]《གནའ་བོའི་ཞང་ཞུང་ཞེས་པའི་ཐ་སྙད་ཀྱི་འཇུག་ཡུལ་ལ་དཔྱད་པ》དཔྱད་རྩོམ་ཆ་ཚང་བཀོད་ཐུབ་མེད། རྩོམ་པ་པོ། བན་ཤུལ་དཔལ་མཁར་རྒྱལ། རྩོམ་ཁུངས། བོད་ལྗོངས་ཞིབ་འཇུག་དེབ་གསུམ་པ། དཔར་བསྐྲུན་ལོ། 2009ལོ།
[126]《རྒྱལ་རབས་བོན་གྱི་འབྱུང་གནས》མཛད་པ་པོ། ཁྱུང་པོ་བློ་གྲོས་རྒྱལ་མཚན། དཔེ་ཁུངས། དབུ་ཅན་ལག་བྲིས་སྣ་རིང་མ།
[127]《སྒྲུང་ལྡེའུ་བོན་གསུམ་གྱི་གཏམ》མཛད་པ་པོ། ནམ་མཁའ་ནོར་བུ། མཁས་དབང་ནམ་མཁའ་ནོར་བུའི་གསུང་དུ་བསྡུས་ཡོད། དཔེ་སྐྲུན་ཁང་། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 1994ལོ།
[128]《世界文明史年表》主编:沈坚 出版社:上海古籍出版社 2000年
[129] 《难以置信》 苏三 著 2006年出版社:花成出版社出版2006年 196-207页
[130]《མདོ་དྲི་མེད་གཟི་བརྗིད》པོད་བཅུ་གཉིས། སྙན་རྒྱུད་འགོད་པ་པོ། ཁྱུང་པོ་བློ་ལྡན་སྙིང་པོ།(དུས་རབས་བཅུ་བ)དཔེ་སྐྲུན་ཁང་། བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་། 2000ལོ།
[131]《མདོ་གཟེར་མིག》གཏེར་སྟོན་པ། དྲང་རྗེ་བཙུན་པ་གསེར་མིག དཔེ་སྐྲུན་ཁང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1996ལོ།
[132]《མདོ་འདུས》ལྷ་ཡི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཅེས་བྱ་བ། གཏེར་སྟོན་པ། ཨ་ཙ་ར་མི་གཉིས་ཞེས་པ་ལས་མིང་མ་གསལ། དཔེ་ཁུངས། ལག་བྲིས་མ།
[133]《ཐུའུ་བཀྭན་གྲུབ་མཐའ》གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་དཀར་མེ་ལོང་ཞེས་བྱ་བ། མཛད་པ་པོ། ཐུའུ་བཀྭན་ཆོས་ཀྱི་ཉི་མ། དཔེ་སྐྲུན་ཁང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1984ལོ།
[134]《ཐེག་པ་ཆེན་པོ་རྒྱུད་བླ་མའི་ཊྭཱྃཀྐ་བཞུགས་སོ》དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་ཐེག་པ་མཆོག་གི་དམ་པའི་ཆོས་རིན་ཆེན་དྲི་མ་མེད་པ་ཐེག་མ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱང་ཟེར། མཛད་པ་པོ། རྒྱལ་ཚབ་དར་མ་རིན་ཆེན། རྒྱལ་ཚབ་རྗེ་ཡི་གསུང་འབུམ་ག་པར་བསྡུས་ཡོད། ཤིང་དཔར་མ།
[135]《རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཞབས་ཀྱི་གསུང་འབུམ་པོད་གསུམ་པ》རུ་རྒྱུད་བླའི་དོན་བསྡུས་བསྡུས་ཡོད། སྒྲིག་པ་པོ། ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཁང་། པར་ཁང་སོགས་མི་གསལ།
[136]《ཡུམ་གསུམ་གནོད་འཇོམས》མཛད་པ་པོ། དབྱིག་གཉེན། དོགས་པ་ཡོད། དཔལ་ལྡན་ཇོ་ནང་བའི་དཔེ་ཚོགས་སུ་བསྡུས་ཡོད། དཔེ་སྐྲུན་ཁང་། མི་རིགས་དཔེ་བསྐྲུན་ཁང་། 2009ལོ།
[137]《དེ་བཞིན་གཤེགས་པ་སྙིང་བོའི་མདོ》རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་། ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། སྡེ་དགེའི་བཀའ་འགྱུར་མདོ་མང་ཞའི་ཁོངས་སུ་བསྡུས་ཡོད།
[138]《ལེགས་བཤད་གསེར་ཕྲེང》ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་བ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བ། མཛད་པ་པོ། རྗེ་བཙུན་བློ་བཟང་གྲགས་པ། དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1986ལོ།
[139]《དྲང་ངེས་ལེགས་བཤད་སྙིང་བོ》དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་བོ་ཞེས་བྱ་བ། མཛད་པ་པོ། རྗེ་བཙུན་བློ་བཟང་གྲགས་པ། དཔེ་སྐྲུན་ཁང་། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྐྲུན།
[140]《གྲུབ་མཐའི་སྐོར་གྱི་རྣམ་བཤད》མཁས་དབང་དུང་དཀར་རིན་པོ་ཆེའི་གསུང་འབུམ་དུ་བསྡུས་ཡོད། མཛད་པ་པོ། དུང་དཀར་བློ་བཟང་འཕྲིན་ལས། སྒྲིག་པ་པོ། རྣམ་རྒྱལ་ར་འཕྲིན་ལས་རྒྱ་མཚོ། དཔེ་སྐྲུན་ཁང་། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2004ལོ།
[141][142]《དཔལ་ལྡན་ཇོ་ནང་བའི་དཔེ་ཚོགས》དུ་བསྡུས་ཡོད། དཔེ་སྐྲུན་ཁང་། མི་རིགས་དཔེ་བསྐྲུན་ཁང་། 2009ལོ།
[143]《རྒྱུ་འབྲས་ཐེག་པ་མཆོག་གི་གནས་ལུགས་ཟབ་མོའི་དོན་རྣམ་པར་ངེས་པ་ཇོ་ནང་པ་ཆེན་པོའི་རིང་ལུགས་འཇིགས་མེད་གདོང་ལྔའི་ང་རོ》ཇོ་ནང་ཆོས་འབྱུང་དང་རྗེ་ཇོ་ནང་པ་ཆེན་པོའི་རིང་ལུགས་བཞུགས་སོ་ཞེས་པར་བསྡུས་ཡོད། མཛད་པ་པོ། ངག་དབང་ཡོན་ཏན་བཟང་པོ། དཔེ་སྐྲུན་ཁང་། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2000ལོ།
[144]《ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་ཐར》ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་ཐར་འབྲིང་པོ་དཀའ་སྤྱད་སྒྲོན་མ་ཤེལ་ཕྲེང་ལུ་གུ་རྒྱུད་ཅེས་ཀྱང་བྱ། མཛད་པ་པོ། གུ་གེ་ཁྱི་ཐང་བ། ལག་བྲིས་མ།
[145] [156]《ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆགས》 མཛད་པ་པོ། ཞོན་ཙང་། བསྒྱུར་པ་པོ། ཆ་གན་བླ་མ་ཞབས་དྲུང་རྒྱལ་མཚན། དཔེ་སྐྲུན་ཁང་། ཉི་ཧོང་ཨོ་ཐ་ནི་སློབ་གྲྭ་ཆེན་མོའི་གློག་དཔར་སྤུས་ལེགས་མ། 2005ལོ།
[146]《唐 •吐蕃•大食政治关系史》 作者:王小捕 出版社:中国人民大学出版社 2009年
[147]《法苑珠林》 作者:释道世(唐) 120卷 出版社:扬州,江苏广陵古籍刻印社(影印) 1990年
[148]《རྗེ་མར་ལུང་བ་བྱང་ཆུབ་སེང་གེའི་རྣམ་ཐར》ཐོན་ཀུན་དགའ་རིན་ཆེན་དང་བྱང་ཆུབ་འབུམ་གཉིས་ཀྱིས་བརྩམས། སྣ་ཐུང་ལག་བྲིས་མ།
[149]《གྲུབ་ཆེན་ཨུ་རྒྱན་པའི་རྣམ་ཐར》གྲུབ་ཆེན་ཨུ་རྒྱན་པའི་རྒྱ་གར་ལམ་ཡིག་ཀྱང་ཟེར། དཔེ་སྐྲུན་ཁང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང། 1997ལོ།
[150]《ཤམ་བྷ་ལའི་རྣམ་བཤད》 གྲུབ་པའི་གནས་མཆོག་ཤམ་བྷ་ལའི་རྣམ་བཤད་འཕགས་ཡུལ་གྱི་རྟོགས་པ་བརྗོད་པ་ངོ་མཚར་བྱེ་བའི་འབྱུང་གནས་ཞེས་བྱ་བ། བཙན་པོ་ནོ་མོ་ཧན་གྱི་དོགས་ལན་ཀྱང་ཟེར། མཛད་པ་པོ། པ࿄་ཆེན་དཔལ་ལྡན་བསྟན་པའི་ཉི་མ། པཎ་ཆེན་དྲུག་པ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མའི་གསུང་འབུམ(ཉ)བའི་ནང་དུ་ཡོད།
[151][154]《ཁྱུང་ཕོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང་ཞེས་བྱ་བའི་དབུ་ཕྱོགས་བཞུགས》ཉར་ཚགས་གནང་མཁན། ཚེ་དབང་རྒྱལ་མཚན། དཔར་སྒྲིག་པ། ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན། དཔེ་ཁུངས། ཁྲོ་ཆེན་རྒྱལ་པོའི་ཡིག་ཚངས།
[152]《གྲུབ་མཐའ་རྒྱན་གྱི་མེ་ཏོག》བཅོམ་ལྡན་རིག་པའི་རལ་གྲི(1127-1250)ཡིས་བརྩམས། ལག་བྲིས་མ།
[153]《ཡི་གེ་ཡིད་ཆེས་གསུམ་ལྡན》སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་བ་གསལ་བར་བྱེད་པའི་ཡི་གེ་ཡིད་ཆེས་གསུམ་ལྡན་ཞེས་བྱ་བ། རྣམ་ཐར་རྒྱ་ལུགས་མའང་ཟེར། མཛད་པ་པོ། ཏཱ་ར་ནཱ་ཐ། ཉང་ཉི་མ་འོད་ཟེར་གྱིས་གཏེར་ནས་བཏོན་པའི་སློབ་དཔོན་པདྨའི་རྣམ་ཐར་ཟངས་གླིང་མར་བསྡུས་ཡོད། དཔེ་སྐྲུན་ཁང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1989ལོ།
[155]《དེབ་ཐེར་དཀར་པོ》མཛད་པ་པོ། དགེ་འདུན་ཆོས་འཕེལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པོད་གསུམ་པར་བསྡུས་ཡོད། དཔེ་སྐྲུན་ཁང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང། 1990ལོ།
[157]《大唐西域记》注释:姚世珠 出版社:中央民族学院科研处 1984年
[158][160]《བསྟན་རྩིས་ཀུན་ལས་བཏུས་པ》མཉམ་མེད་ཤཱཀྱའི་རྒྱལ་བོ་འདས་འཁྲུངས་ཀྱི་ལོ་ཚིགས་གཙོར་གྱུར་པའི་བསྟན་རྩིས་སུམ་སྟོང་ཙམ་གྱི་རེའུ་མིག་གི་རྣམ་གཞག་མཐོང་ཚད་ཀུན་ལས་བཏུས་པ་ཡང་ཟེར། མཛད་པ་པོ། ཚེ་ཏན་ཞབས་དྲུང་། དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982ལོ།
[159]《ལི་ཡུལ་ནས་རྙེད་པའི་བོད་ཀྱི་ཁྲམ་ཤིང་གི་ཡི་གེ》སྒྲིག་པ་པོ། དབང་རྒྱལ་དང་བསོས་ནམས་སྐྱིད་གཉིས་ཡིན། དཔེ་སྐྲུན་ཁང་། རིག་རྫས་དཔེ་བསྐྲུན་ཁང་ནས་དཔར་བསྐྲུན་བྱས། 1986ལོ།
[161]《འཇམ་དཔལ་རྩ་རྒྱུད》དཔལ་ལྷ་བཙན་པོ་ལྷ་བཙུན་པ་བྱང་ཆུབ་འོད་ཀྱི་བཀས་རྒྱ་གར་གྱི་མཁན་པོ་དགེ་བསྙེན་ཆེན་པོ་ཀུ་渡་ལ་ར་ཤ་དང་སྒྲ་བསྒྱུར་ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པ་ལགས། ཞོལ་བཀའ་འགྱུར། རྒྱུད་ཀྱི་སྡེ་ཚན་(པོད་ཐ)པར་བསྡུས་ཡོད།
[162] MAHAYANA SUTRA SAMGRAHA PART II EDITED BY DR SITANSUSEKHAAR BAGCHI PUBISHED BY MITHILA INSITUTE ,DARBHANGA 1964
[163]《སྔ་རབས་བོད་ཀྱི་བྱུང་བ་བརྗོད་པ་འབེལ་གཏམ་ལུང་གི་སྙིང་བོ》མཛད་པ་པོ། བསྟན་འཛིན་རྣམ་དག དཔེ་སྐྲུན་ཁང་། བལ་ཡུལ་སྨན་རིའི་ཁྲི་བསྟན་ནོར་བུའི་དཔེ་མཛོད་ཁང་། 2005ལོ།
[164]《རྒྱལ་རོང་ལོ་རྒྱུས་རབ་གསལ་མེ་ལོང》མཛད་པ་པོ། རྒྱལ་རོང་བྲག་བར་དཔལ་ལྡན། སྒྲིག་པ་པོ། སྲིད་གྲོས་འབར་ཁམས་ཨུ་ཡོན་ལྷན་ཁང། དཔར་སྐྲུན་ལོ། 2002ལོ།
[165]《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང》མཛད་པ་པོ། ནམ་མཁའ་ནོར་བུ། དཔེ་སྐྲུན་ཁང་། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1990ལོ།
[166]《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》སྒྲིག་པ་པོ། གཉའ་གོང་དཀོན་མཆོག་ཚེ་བརྟན། དཔར་བསྐྲུན་ཁང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་བསྐྲུན་ཁང་། 1995ལོ།
[167]《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》མཛད་པ་པོ། ཤར་རྫ་བཀྲ་ཤིས་རྒྱལ་མཚན། དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། 1985ལོ།
[168]《སྐད་ཡིག་དང་སློབ་གསོ》མཁས་དབང་དུང་དཀར་རིན་པོ་ཆེའི་གསུང་འབུམ་དུ་བསྡུས་ཡོད། མཛད་པ་པོ། དུང་དཀར་བློ་བཟང་འཕྲིན་ལས། སྒྲིག་པ་པོ། རྣམ་རྒྱལ་ར་འཕྲིན་ལས་རྒྱ་མཚོ། དཔེ་སྐྲུན་ཁང་། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2004ལོ།
[169]《བོད་ཀྱི་གནའ་བོའི་ས་དབྱིབས་བྲིས་ཚུལ་གཉིས》རྩོམ་པ་པོ། ཀུ་མེ་ལེ་ཀུ་ཙེ་ནེ་སོབ། རྩོམ་ཁུངས། སུའུ་ལེན་རིག་གཞུང་དེབ་ཕྲེང་། འདོན་ཐེངས་གཉིས་པའི་ཨང་བདུན་པ། 1970ལོ།
[170]《བོད་ཆགས་ཚུལ་གྱི་ས་དགྲ་སྲིན་མོ་གན་རྐྱལ་དུ་ཉལ་བ་ལྟ་བུའི་ཁ་གནོན་བྱས་པའི་དཔེ་རིས་གསལ་བའི་ཞལ་ཐང་ལ་རྟོག་ཞིབ་ལམ་ཙམ་བྱས་པ》དཔྱད་རྩོམ། རྩོམ་པ་པོ། ཨའོ་གྲའོ་ཀུས། བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་ཅེས་པར་བསྡུས་ཡོད། 1993ལོ།
[171]《མངའ་རིས་རྒྱལ་རབས》མཛད་པ་པོ། གུ་གེ་མཁན་ཆེན་ངག་དབང་གྲགས་པ། དཔེ་ཁུངས། ཐོ་ལིང་དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ལོ། ༡༠༠༠འཁོར་བའི་རྗེས་དྲན་མཛད་སྒོའི་གོ་སྒྲིག་ཚོགས་ཆུང་གིས་དཔར་བསྐྲུན་ཞུས་པའོ། །
[172]《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ་ཞེས་ཀྱང་ཟེར། མཛད་པ་པོ། རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ། དཔེ་བསྐྲུན་ཁང་། མི་རིགས་དཔེ་བསྐྲུན་ཁང་། 1988ལོ།
[173] 《藏学文史故事十五讲》 作者:马丽华 出版社:中国藏学出版社 2009年
[174]《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ཞེས་བྱ་བ་བཞུགས་སོ》བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ་ཞེས་པར་བསྡུས་ཡོད། མཛད་པ་པོ། ནེལ་བ་པ࿄་ཊི་ཏ་གྲགས་པ་སྨོན་ལམ་བློ་གྲོས། དཔེ་བསྐྲུན་ཁང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང། 1990ལོ།
[175]《རྒྱལ་རབས་གསལ་བའི་མེ་ལོང》མཛད་པ་པོ། ས་སྐྱ་བསོད་ནམས་རྒྱལ་མཚན།དཔེ་བསྐྲུན་ཁང་། མི་རིགས་དཔེ་བསྐྲུན་ཁང་། 1990ལོ།
རྫོགས་བྱང་སྨོན་ཚིག
སྨིན་ལེགས་ཟླ་བའི་དཀྱིལ་འཁོར་ཟ་བྱེད་མས། །
བདེ་སྟོང་པི་ཝང་བཀྲོལ་བའི་སྙན་འགྱུར་གང་། །
སྲིད་ཞིའི་ཟབ་ཆོས་འདྲེན་པའི་ཐབས་འཕྲུལ་ཏེ། །
འཛུམ་ཕྲེང་རྒྱ་རུ་བདག་ཀྱང་ཚུད་པར་མཛོད། །
སྔོན་བྱུང་མེས་པོའི་ཞལ་ལུང་གཏེར་གྱི་མཛོད། །
རྣམ་དཔྱོད་འཕྲུལ་གྱི་གྲུ་བོས་ཉེར་བསྐུལ་ཚེ། །
རྒྱ་བོད་ལོ་རྒྱུས་བསྟར་བའི་ནོར་བུའི་ཚོམས། །
ཕྱོགས་ལྷུང་རྡུལ་གྱི་དྲི་མས་ཡོངས་སུ་སྒྲིབས། །
དེ་འདྲ་དེ་ལ་ཡིད་རྟོན་དར་དཀར་མདུད། །
བརྒྱུ་བའི་ངལ་བ་བརྒྱ་ལ་སྟོང་མཐུད་ཀྱང་། །
དངོས་དོན་ཇི་བཞིན་གསལ་བའི་གཏམ་གྱི་ནོར། །
བྱིས་པས་མཁའ་ཡི་འཇའ་ཚོན་འཛིན་པ་ཉིད། །
ཚུལ་འདི་རྟོགས་ནས་ཤེས་བྱའི་རྫིང་རིངས་ངོགས། །
རྣམ་དཔྱོད་རླུང་བུའི་རྐྱེན་ལ་གྲོགས་སྡེབ་ནས། །
འཆར་བཀོད་ལོ་རྒྱུས་རྒྱུ་སྐར་རྣམ་བཀྲའི་དབྱིབས། །
མ་འདྲེས་གསལ་བར་འབྱེད་པའི་ཐབས་ལ་རེ། །
ཕུལ་བྱུང་ངོ་མཚར་གཏམ་གྱི་ལྗོན་བཟང་རྩེར། །
ལུང་རིགས་སྐད་སྙན་གཡུ་བྱ་འདུས་པའི་ཚེ། །
ཕྱོགས་ཞེན་ཡལ་ག་རེངས་བའི་ཤིང་སྐམ་རྣམས། །
གསར་བརྗེ་དཔྱིད་ཀྱིས་འཆོས་པ་ཆོས་ཉིད་ལགས། །
སྡེབ་ལེགས་ཚིག་དོན་སྒྲིག་པའི་གཡུ་རལ་ཅན། །
བསྟན་བཅོས་གངས་རིའི་མགུལ་དུ་འགྱིང་ནའང་། །
དངོས་དོན་ལོ་རྒྱུས་ལྷུག་ལྷུག་འཆད་པའི་ཐབས། །
འཇིག་རྟེན་རྒན་པོའི་གཏམ་གྱིས་འཐུས་པར་གོ། །
ཚུལ་མཐུན་ལུང་འདྲེན་གནམ་རུ་བཀང་བའི་གཞིར། །
དངོས་སྟོབས་རིགས་པའི་ཉག་ཕྲན་བསྒྲོན་པ་ན། །
བཅོས་མའི་འབེན་རྣམས་རང་སར་འཐོར་བ་ནི། །
ཆོས་ཉིད་རྒྱལ་མོས་ཕབ་པའི་བཀའ་ལུང་ཉིད། །
མི་མེད་དབེན་གནས་རི་ཁྲོད་ལུང་སྟོང་དུ། །
བག་མེད་རི་དྭགས་རྣམས་ལ་ཅི་ཡང་རུང་། །
རྣམ་དཔྱོད་ལུང་རིགས་འབར་བའི་གྲོང་ཁྱེར་དུ། །
བདེན་རྫུན་ཞིབ་མོར་འཐག་པའི་མཁས་མང་བདོག། །
བླུན་པོ་བླུན་པོར་འཆམ་ནས་དཔུང་རྡང་གིས། །
ར་གན་གསེར་དུ་སྒྲུབ་ལ་མཚར་ཅི་ཡོད། །
ཟོག་པོ་ཟོག་པོར་འདྲིས་ནས་ཕྲག་དོག་གིས། །
ཆུ་ཤེལ་ཚོན་གྱིས་བསྒྱུར་ལ་སྡང་ཅི་ཕན། །
ཐོས་དམན་ཨུ་ཚུགས་ཅན་གྱི་སྟོང་ལབ་དང་། །
མཁས་པ་ཕུགས་རྒྱང་ཅན་གྱི་རྒྱུས་གཏམ་ལས། །
སྔ་མ་གསེར་བཞིན་བྲིན་པའི་དུས་སྐབས་སུ། །
གཞན་ལ་ཕན་པའི་ཡིད་ཆེས་གང་ནས་རྙེད། །
དེ་ལྟ་ནའང་བྱང་ཕྱོགས་གངས་རིའི་ཁྲོད། །
གདོས་བཅས་ཕུང་བོ་གཡར་ནས་ད་ལྟའི་བར། །
སེམས་ལ་ལེགས་བཤད་གོམས་པའི་ཉེར་ལེན་ལས། །
དྲང་པོའི་གཏམ་འདི་དཔྱད་བཞིན་དཔྱད་བཞིན་བྲིས། །
བདག་བློ་རྣམ་དཔྱོད་རྒྱ་ཁབ་ཕྲ་མོའི་རྩེར། །
ཤེས་བྱའི་དེ་ཉིད་ཤོངས་པ་མི་སྲིད་པས། །
མགོ་མེད་གཞུག་རྡུམ་ནོར་འཁྲུལ་གོ་འཛོལ་སོགས། །
དངོས་སུ་སྣང་ན་མཁས་རྣམས་བཟོད་པར་གསོལ། །
༄༅།། པར་སྐྲུན་གྱི་མཇུག་བྱང་དུ་བཀོད་པའི་གཏམ་ཕྲེང་དཀར་བོ་དུས་ཀྱི་མཛེས་རྒྱན་ཞེས་བྱ་བ།
དེབ་གཞི་འདི་ཉིད་ཀྱི་བརྗོད་དོན་གཙོ་གྲས་དག་ནི་ང་དང་བོད་ལྗོངས་སློབ་ཆེན་གྱི་སློབ་ཕྲུག་རྣམས་ཀྱིས་ཚ་འུར་གྱི་བཤད་ཁྲིད་དང་དཀྱེལ་ཡངས་ཀྱི་བགྲོ་ལྒིང་བརྒྱུད་ནས་གྲུབ་པ་ཞིག་ཡིན་ཞིང་ད་ལྟའི་བོད་སྤྱི་ཚོགས་ཀྱི་རིག་གནས་བགྲོ་ལྒིང་གི་ཁྱབ་ཁོངས་སུའང་ཟིང་ཆ་ཆེ་བའི་བརྗོད་གཞི་གཙོ་བོ་ཞིག་ཏུ་འགྱུར་བར་ཡིད་ཆེས་ཡོད་ལ་དེ་དང་ཆབས་ཅིག་རྣམ་དཔྱོད་ཀྱི་རྩལ་སྟོབས་འབར་ཞིང་གཟུར་གནས་ཀྱི་བློ་མིག་རྒྱས་པའི་ཉམས་ཞིབ་པ་དག་གིས་དོན་དང་མཐུན་པའི་ལྒིང་བརྗོད་དང་དགོངས་འཆར་གང་མང་འདོན་སྲིད་པ་དང་དུས་རབས་ཉི་ཤུ་རྩ་གཅིག་པའི་རིག་གནས་ཀྱི་ཕྱགས་ལུད་དུའང་མི་འགྲོ་བ་དག་གིས་ཁ་ཕོ་དང་ཕྲག་དོག་ཁོ་ནས་དཀྲོག་གཏམ་སྣ་ཚོགས་བཟོ་སྲིད་ནའང་ཁོ་བོ་ཡང་ནི་བསྟོད་པས་དགའ་བར་མི་འགྱུར་ཞིང་སྨད་པས་སྡུག་པར་ཡང་མི་འགྱུར་བས་ནམ་ཞིག་བདག་གི་ལྟ་ཚུལ་འདི་དག་ལ་བདེན་པའི་གནས་ལུགས་དང་རྒྱལ་ཁའི་དར་ཆ་མཐོན་པོར་བསྒྲེངས་པའི་དུས་སྐབས་ཤིག་འཆར་སྲིད་པར་ཡིད་ཆེས་བྱས་ཡོད།
དེབ་གཞི་འདི་ཉིད་ཀྱི་བརྗོད་དོན་གཙོ་གྲས་དག་བཤད་ཁྲིད་བྱེད་པའི་སྐབས་སུ་འགོ་འཛིན་གནང་མཁན་གྱི་ཞིབ་འཇུག་སློབ་མའི་སློབ་དཔོན་དང་སྒྲ་ཕབ་ལས་ཡི་གེར་འགོད་དུས་སུ་གནས་སྐབས་ཀྱི་དཀའ་ཚེགས་ལ་མ་ལྟོས་པར་རོགས་རམ་གང་ལེགས་བརྒྱབ་མཁན་གྱི་གྲོགས་པོ་རྣམས་དང་དེབ་ཀྱི་མ་ཡིག་ལ་ཞིབ་གཟིགས་སྒོས་ནན་ཏན་གྱི་དཔྱད་གཏམ་འགོད་མཁན་དང་དགོངས་འཆར་སྣ་ཚོགས་འདོན་མཁན་གྱི་དཔྱོད་ལྡན་མཁས་པའི་ཚོགས་ལ་ཁ་ཞེ་གཉིས་མེད་སྒོས་ཐུགས་རྗེ་ཞུ་འབོད་གནང་རྒྱུ་ཡིན་པ་དང་ཆབས་ཅིག་དེབ་གཞི་འདི་ཉིད་ཀྱིས་བསྐྲུན་པའི་རྣམ་དཀར་དགེ་བའི་ཕན་འབྲས་རྣམས་ནི་ཐུན་མོང་གི་བགོ་སྐལ་དུ་འབུལ་རྒྱུ་ཡིན།
དེབ་གཞི་འདི་ཉིད་གྲུབ་པའི་ཉམས་ཞིབ་ཀྱི་སྐབས་སུ་དད་པའི་འདུ་ཤེས་རྒྱབ་དུ་གཡུགས་ནས་སྐྲ་མདངས་དམར་སེར་སོགས་མི་རིགས་དང་ལྟ་གྲུབ་སྣ་ཚོགས་ཀྱི་དབྱེ་བར་མ་ལྟོས་པར་འགྲོ་བ་མིའི་རིགས་སྤྱིའི་འགྲོ་འདུག་སྤྱོད་གསུམ་དང་མཐུན་ཞིང་ཚུར་མཐོང་སྐྱེ་བོ་དག་གི་མིག་ལ་བསྟན་ཡོད་ཀྱི་གནས་ཚུལ་ལ་ཆེར་བསྟུན་ནས་བྲིས་ཡོད་སྟབས་མར་གཤམ་དུས་ཀྱི་མཐའ་མར་རིགས་ལམ་སྣ་གཅིག་ཙམ་ལའང་རྒྱུས་མངའ་མེད་པ་དག་ལ་འོས་སུ་མི་ཆེ་ཞིང་དེ་དག་གིས་སོ་སོའི་བློ་གྲོས་ཀྱི་ཁབ་མིག་དུ་མི་ཤོང་བ་རྒྱུ་མཚན་དུ་བྱས་ནས་སེམས་ཚེགས་སྐྱེས་སྲིད་ལ་སྐྱེས་ནས་ཀྱང་དུག་སྤྲུལ་གྱི་ཁ་རླངས་ནས་ཐོན་པ་ལྟ་བུའི་དམོད་མོས་གནམ་ས་ཁེངས་ནའང་ལམ་ཁའི་ཁྱི་རྒན་གྱི་ཚུལ་དུ་ཁ་ཡ་བྱེད་མི་སྲིད་པ་དང་ཆོས་དང་རིག་གཞུང་ལ་འཕེལ་རྒྱས་ཆེན་པོ་མེད་པའི་ད་ལྟའི་དུས་མཚམས་སུ་ན་ཟུག་ཁོངས་ན་མེད་ཀྱང་ནག་ཆང་གིས་ཚོར་བ་བསྐྲུན་ནས་སྙན་ངག་པར་ཁས་འཆེ་ཞིང་རང་ཚིག་སྔ་ཕྱི་དངོས་ཤུགས་གང་རུང་ནས་འགལ་བའང་རང་གི་ཁྱད་ཆོས་རུ་བརྩི་བའི་ལྐུགས་པ་རྣམས་ཀྱིས་དོན་མེད་པའི་ཡིག་སྙིགས་གངས་ཅན་གྱི་ཡུལ་གྲུ་སོ་སོར་འགྲེམས་སྲིད་ཀྱང་འཛུམ་དགོད་དང་བཅས་ལྟད་མོར་བལྟ་སྲིད་པ་དང་རྣམ་དཔྱོད་ཀྱི་གཡུ་རལ་མཁའ་ལ་འཕྱོ་ཞིང་ལུང་རིགས་ཀྱི་ང་རོས་དུས་མིན་གྱི་འཆལ་གཏམ་འཇོམས་པའི་མཁས་པ་གངས་སེང་དག་གིས་རྩོད་པའི་གྲྭ་བཤམས་པའི་ཚེ་ནའང་ཁོ་བོ་སོས་དལ་བག་ཕབ་ཀྱིས་དམ་བཅའི་བགྲོ་ལྒིང་ལ་ཞུགས་སྲིད་པས་བརྩེ་བའི་ཀློག་མཁན་དག་གིས་ལྟད་མོར་བལྟས་པས་ཀྱང་ཆོག་པས་སོ། །
དེབ་གཞི་འདི་ཉིད་ཐོན་ཚར་རྗེས་དད་པ་མེད་པའི་དད་ལོག་པ་དང་སངས་རྒྱས་ཀྱི་ཆོས་ལ་ཞེན་པ་ལྡོག་པའི་ལྟ་ལོག་མཁན་པོ་སོགས་ཆོ་ལོ་སྣ་ཚོགས་འདོགས་སྲིད་ཀྱང་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་ཙམ་གྱི་གོང་རོལ་ནས་ཡུལ་གྲུ་དང་མི་རིགས་ཀྱི་རྭ་བ་ལས་བརྒལ་ཞིང་རིས་སུ་མ་ཆད་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་བླུན་པོས་མིག་བཙུམས་པའི་དད་མོས་ཀྱི་ངང་ཚུལ་ཙམ་དང་མུན་ནག་མདའ་འཕེན་གྱི་དགའ་ཁ་འཁྱེར་ཕྱོགས་ཙམ་ཡང་མ་ཡིན་པར་ཁོ་བོ་ཡིད་ཆེས་བརྟན་པོ་ཡོད་པ་དང་གནའ་དེང་གི་དུས་རིམ་སྣ་ཚོགས་ཁྲོད་དེའི་རྗེས་འཇུག་གི་མཁས་དབང་གསེར་གྱི་ལྷུན་པོ་ལྟ་བུ་དག་ལའང་ཡོན་ཏན་མེད་པའི་ད་ལྟའི་བླུན་པོ་མཐར་ཐུག་གི་སྡེ་དག་དང་འདྲ་བར་འུ་ཐུག་ཐབས་ཟད་ཀྱི་མཆིལ་ཞགས་འདེབས་རྒྱུ་མ་ཡིན་པར་རྗེས་སུ་ཡི་རངས་དང་གུས་བཀུར་ཚད་མེད་ཞུ་རྒྱུ་ཡིན་པ་ནི་ངོས་ཀྱི་སྙིང་གི་རྡོ་ལ་བྲིས་པའི་དམ་བཅའ་ཡིན་སྲིད་ཀྱང་ད་ལྟའི་ཆར་ནང་བའི་བསྟན་པ་རིན་པོ་ཆེ་བེད་སྤྱད་ནས་ཁ་རྒྱབ་གསོ་བ་དང་མདོ་རྒྱུད་གཞུང་ལུགས་ཀྱི་རྣམ་གཞག་གཏན་ལ་འབེབས་བྱེད་ཀྱི་ཚད་མའི་རིགས་ལམ་ལག་ཆར་སྤྱད་ནས་རང་ལས་མཐོ་བ་རྣམས་ལ་ཕྲག་དོག་དང་ངན་སྨྲས་ཀྱི་གཏམ་ངན་རླུང་ལ་བསྐུར་བའི་འཐབ་ཀྲོལ་ཅན་རྣམས་ལ་ངོ་རྒོལ་དང་ནམ་ཡང་དེ་དག་གི་ཁ་གཏད་དང་ལྡོག་ཟླར་ལངས་རྩིས་ཡོད་ཅིང་བོད་གངས་ཅན་གྱི་ཐ་སྙད་རིག་གནས་ཀྱི་དཔེ་མང་ཁྲོད་ནས་ཉམས་ཞིབ་ཀྱི་འབྲས་བུ་བླ་ན་མཐོ་ཞིང་ཉེ་དུས་ཀྱི་རིག་གཞུང་འཕེལ་རྒྱས་ལ་རྔོ་ཆེས་ཆེར་ཐོགས་པའི་དཔྱོད་ལྡན་སྐྱེས་བུ་དག་ལ་དགའ་མགུ་ཡི་རངས་ཀྱིས་རྒྱབ་སྐྱོར་དང་འབྲེལ་འདྲིས་ཞིབ་པར་ཞུ་རྒྱུ་ཡིན་ལ་མདོ་སྟོད་སྨད་ཀྱི་ཆང་ཁང་དང་ཁོག་སྨད་ཀྱི་བརྗོད་པར་སྙན་ངག་དུ་བཏགས་ནས་རང་སེམས་རང་གིས་གསོ་མཁན་གྱི་སྐྱ་སེར་སྙན་ངག་པར་སྒྲོ་བཏགས་པ་རྣམས་ལ་རེ་རེ་བཞིན་རྩོད་པའི་གནས་ལུགས་བཤམས་ནས་དང་ལེན་བྱེད་ན་བགྲོ་ལྒིང་གི་གོ་སྐབས་འཆར་བར་སྒུག་ནས་སྙན་ངག་པའི་ཚད་གཞིར་ལོངས་མིན་ལ་ཉམས་ཚོད་ལེན་སྲིད་པ་དང་རྫུན་མའི་གཟུགས་བརྙན་འཆངས་པ་དང་ཚིག་སྒྲིག་མཁན་པོ་དག་ནི་འདི་དང་འདིའོ་ཞེས་རྣམ་དཔྱོད་གཟུར་གནས་པ་དག་གི་མདུན་སར་རྗེན་སྒྲོག་བྱེད་སྲིད་པས་ད་ནས་བརྩམས་སྟེ་ཁྲེལ་ཡོད་བྱ་བར་རིགས་ཤིང་དོན་ལ་གནས་པར་གྱིས་ཤིག་ཅེས་གསལ་འདེབས་ཀྱང་ཞུ་རྒྱུ་ཡིན་པ་བཅས་ནི་ཞོར་འཕྲོས་ཙམ་མོ། །
དེབ་གཞི་འདིའི་ནང་དུ་འཁོད་པའི་བརྗོད་བྱ་དོན་གྱི་ཆ་རྣམས་ནི་རྒྱ་བོད་གཉིས་ཀྱི་དཔེ་ཚགས་དཀོན་གྲས་དག་ལ་གཞི་བཅོལ་ཡོད་ཅིང་དེ་དག་ལ་ཉམས་ཞིབ་སྒོས་གྲུབ་པ་ཞིག་ཡིན་པ་དང་རྗོད་བྱེད་ཚིག་གི་ཆའང་ཐ་སྙད་ཀྱི་བརྡ་དང་སྡེབ་སྦྱོར་གཙོ་བོར་བྱས་ན་ཕལ་བ་རྣམས་ཀྱིས་ཚིག་གི་མདུད་རྒྱ་གྲོལ་བའི་ཐད་དུའང་ཅུང་ཟད་དཀའ་བར་དོགས་ནས་ཧ་ཅང་གོ་བདེ་བའི་ཚུལ་དུ་བྲིས་ཡོད་མོད་ཁོ་བོའི་རྣམ་དཔྱོད་དང་ཤེས་རིག་གི་འཇོན་ཐང་ལ་ཚད་ངེས་ཅན་ཡོད་སྲིད་པ་ནི་སྨྲ་མི་དགོས་སྟབས་ནོར་འཁྲུལ་གྱི་ཆའང་ཐོན་སྲིད་པ་ཞིག་ཡིན་པས་ཤེས་ནས་སྨྲ་བ་རྣམས་ཀྱིས་གསེར་ལས་དཀོན་པའི་དགོངས་འཆར་དང་འཛུབ་མོས་རི་སྟོན་གྱི་བཀའ་གྲོས་གནང་བར་ཞུ་འབོད་གནང་རྒྱུ་དང་འོས་སུ་མ་བབས་པ་རྣམས་ནི་འོས་སུ་མ་བབས་པའི་ཚུལ་དུ་ཁུ་སིམ་མེར་བཞག་རྒྱུ་ཡིན་ནོ། །
མཇུག་མཐར་བོད་གངས་ཅན་གྱི་ཀློག་མཁན་ཡོངས་ལ་ཕྲན་གྱི་དེབ་གཞི་འདིས་ཆོས་རབ་རྣམ་འབྱེད་ཀྱི་བློ་མིག་ཅུང་ཟད་རྒྱས་ཐུབ་པར་སྨོན་ལམ་འདེབས་རྒྱུ་ཡིན་པ་བཅས།
༧ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མཉམ་མེད་ཙོང་ཁ་བ་ཆེན་པོའི་སྐུའི་བཀོད་པ་བསྡུས་པའི་ཚུལ་བསྟན་ནས་ལོ་འཁོར་དྲུག་བརྒྱ་དང་བཅུ་ཐམ་པ་འགོར་བའི་དུས་དྲན་གྱི་ཉིན་མོར་དབུས་འགྱུར་ལྷ་ལྡན་གཙུག་ལག་ཁང་གི་མདུན་ངོས་སུ་ཡིད་ཆེས་ཀྱི་སྨོན་ལམ་དང་བཅས་དེབ་གཞི་འདི་ཉིད་ཀྱི་མཇུག་བྱང་གི་ས་བོན་རྙེད་ཅིང་སྐབས་དེ་མ་ཐག་ནས་ཡིད་ཀྱི་ཟིན་བྲིས་སུ་བཏབ་པ་དང་ཕྱིས་སུ་དེ་ཉིད་རྐྱེན་བཟང་དུ་གོ་ནས་ཨ་མདོ་རིག་གནས་ཀྱི་ལུང་པའི་འབྲོག་སྡེ་ཞིག་ཏུ་སྨོན་ལམ་བཟང་པོ་དང་བཅས་གངས་རིའི་ཤར་ཕྱོགས་ཀྱི་སློབ་གཉེར་བ་ཆེན་པོ་བན་ཤུལ་དཔལ་མཁར་རྒྱལ་གྱིས་མཇུག་བྱང་དུ་བཀོད་པ་རེ་ཞིག་རྗོགས་སོ། །
རྩོམ་པ་པོའི་རིག་གཞུང་ཉམས་ཞིབ་ཀྱི་རྩོམ་ཐོ།
2002ལོ། 《ལྷུག་རྩོམ་ལམ་དར་སྐུད་འདྲ་བོ་འཐེན་ལ་ཤོག་ཅེས་པར་ཅུང་ཟད་དཔྱད་པ》
2003ལོ། 《རྩོམ་རིག་གསར་རྩོམ་ཁྲོད་ཀྱི་ལད་འབྲིའི་སྒྱུ་རྩལ་ལམ་ཚུར་ལེན་རིང་ལུགས་སྐོར་ཅུང་ཟད་ལྒིང་བ》
2004ལོ། 《སྙན་ངག་གི་སྐད་ཆའི་སྒྱུ་རྩལ་སྐོར་ཅུང་ཙམ་ལྒིང་བ》
2005ལོ། 《ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་ཤ་ཁྱི་དང་ཉ་ཁྱི་ཞེས་པའི་མཚན་འདོགས་སྟངས་སྐོར་ལ་དཔྱད་པ》
2005ལོ། 《གདོང་དམར་ཞེས་པའི་ཐ་སྙད་ཀྱི་ཐོགས་དོན་ལ་དཔྱད་པ》
2005ལོ། 《མདོ་སྨད་བན་ཤུལ་གྱི་གཞི་བདག་གཉན་པོ་ཨ་མྱེས་གླང་ཆེན་གྱི་སྐོར་ཅུང་ཟད་ལྒིང་བ》
2005ལོ། 《བོད་ཀྱི་ཡི་གེ་ལས་ཝ་བཏགས་ཅན་གྱི་ཡི་གེ་ལ་དཔྱད་པ》
2005ལོ། 《ནོར་ནག་ཅེས་པའི་ཐ་སྙད་ཀྱི་དཔྱད་ལྒིང》
2005ལོ། 《ཕྱི་ནང་གྲུབ་མཐའི་ཁྱད་པར་འབྱེད་སྟངས་སྐོར་ལ་རགས་ཙམ་དཔྱད་པ》
2006ལོ།《བོན་གྱི་བྱམས་མ་ཉེར་གཅིག་དང་སངས་རྒྱས་ཆོས་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གཉིས་ཞིབ་བསྡུར་བྱས་པའི་སྙན་ཞུ》
2006ལོ།《བདེན་དོན་གྱིས་བཙུགས་པའི་གསེར་བུམ་གྱི་ཁ་རྒྱན།――― དཔལ་དོན་གྲུབ་རྒྱལ་སྐུ་གཤེགས་ནས་ལོ་འཁོར་ཉི་ཤུ་ལོན་པའི་རྗེས་དྲན་གྱི་དཔྱད་གཏམ》
2006ལོ། 《རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་རྡོ་བྲག་སྤྲུལ་སྐུ་དགེ་འདུན་ཆོས་འཕེལ་གཉིས་ཀྱི་འབྲེལ་བའི་དོགས་གནས་འགར་དཔྱད་པ》
2006ལོ། 《རྟོག་འཇུག་གི་དཔྱོད་ཤེས་པ་ཞེས་པའི་ལན་དུ་སྨྲས་པ་འཁྲུལ་སེལ་འོད་ཀྱི་ཟེར་མ》
2006ལོ། 《རིག་འཛིན་ཚངས་དབྱངས་རྒྱ་མཚོ་དགུང་གྲངས་ཉེར་ལྔར་འདོད་པའི་དོགས་དཔྱོད》
2007ལོ། 《ནང་བའི་ཆོས་འབྱུང་དུ་བཀོད་པའི་བོན་གྱི་སྟོན་པ་གཤེན་རབ་དང་བོན་གཞུང་སྐོར་གྱི་དཔྱད་པ》
2007ལོ།《བཙན་མོ་སད་མར་ཀར་དང་འབྲེལ་བའི་དཔྱད་པ》
2007ལོ། 《མདོ་སྨད་བན་ཤུལ་ཚོ་བའི་སྐྱེས་ཁམས་ཁོར་ཡུག་ལ་བརྟག་དཔྱད་བྱས་པའི་སྙན་ཞུ》
2007ལོ།《སུམ་ལན་དམིགས་བརྩེ་མའི་བཞི་ལན་དམིགས་བརྩེའི་སྤྲིན་དཀར་དཀྲིགས་པའི་ཆར་སྙིང་བོ་ཞེས་བྱ་བ》
2007ལོ།《ལྷ་བླ་མ་ཡེ་ཤེས་གར་ལོག་ཏུ་འདས་མིན་ལ་དཔྱད་པ》
2008ལོ།《ལོ་རྒྱུས་ཉམས་ཞིབ་པ་ཞིག་གི་དྲག་པོའི་འོས་ལངས》
2008ལོ།《དྲི་གུམ་བཙན་པོའི་སྤུར་འཛིན་མཁན་ཀླུ་སྲིན་བྱེ་མ་ལག་རིངས་སྐོར་གྱི་དཔྱད་པ》
2008ལོ། 《གངས་དཀར་ཏི་སེའི་འདབས་རོལ་གྱི་སྟག་གཟིག་འོལ་མོ་ལུང་རིང་གི་དཔྱད་པ》
2008ལོ།《ཡང་ལན་དུ་སྨྲས་པའི་གཏམ་གནམ་ལྕགས་ཐོག་གི་འཁོར་ལོ་ཞེས་བྱ་བ》
2008ལོ།《ཚངས་དབྱངས་རྒྱ་མཚོའི་མགུར་གླུ་རྒྱ་འགྱུར་མའི་ཁྲོད་ཀྱི་རྒྱ་བོ་ཞེས་པའི་ཐ་སྙད་ཀྱི་འགྱུར་སྟངས་ལ་དཔྱད་པ》
2008ལོ།《ནང་བའི་ཆོས་སྤེལ་གྱི་ལྒིགས་བམ་ཐོག་མ་གཉན་པོ་གསང་བའི་སྐོར་གྱི་དཔྱད་པ》
2008ལོ།《བསམ་བློ་དང་བསམ་བློ་བའི་སྐོར་གྱི་དཔྱད་པ》
2008ལོ།《བོད་ཀྱི་བོན་པོའི་རིག་གནས་སྐོར་གྱི་འབེལ་གཏམ་ཉུང་ངུ》
2008ལོ།《བོད་ཀྱི་རྩོམ་པ་པོའི་རང་མཚང་རང་སྦས་ཀྱི་རང་ལུགས་ལ་ངོ་རྒོལ་བྱེད་དགོས》
2008ལོ།《བཙན་ཞེས་པའི་ཐ་སྙད་དང་བཙན་མཆོད་ཀྱི་ཆོ་གར་དཔྱད་པ》
2008ལོ།《ཐུའུ་བཀྭན་གྲུབ་མཐའ་ལས་བྱུང་བའི་བོན་གྱི་འཕེལ་རིམ་ཁག་གསུམ་ལ་དཔྱད་པ》
2009ལོ།《དཔལ་དོན་གྲུབ་རྒྱལ་རྩོམ་རིག་གསར་བའི་ཤིང་རྟའི་སྲོལ་འབྱེད་ཡིན་མིན་གྱི་ཆ་དང་འབྲེལ་བའི་རྩོམ་རིག་གསར་བའི་དཔྱད་པ་ཉུང་བསྡུས་མིག་གི་ཐུར་མ》
2009ལོ།《བོན་ལུགས་ཀྱི་གཤེན་ཞེས་པའི་ཐ་སྙད་ཀྱི་གོ་དོན་དང་འཕེལ་རིམ་ལ་དཔྱད་པ》
2009ལོ།《གནའ་བོའི་ཞང་ཞུང་ཞེས་པའི་ཐ་སྙད་ཀྱི་འཇུག་ཡུལ་ལ་དཔྱད་པ》
2009ལོ།《སངས་རྒྱས་ཆོས་ལུགས་བོད་ཡུལ་དུ་དར་བའི་ལོ་ཚིགས་ཐོག་མའི་སྐོར་གྱི་དཔྱད་པ》
2009ལོ།《གནའ་བོའི་ཐེའུ་བྲང་ཞེས་པའི་ཐ་སྙད་དང་ཐེའུ་བྲང་སྐྱས་འདེབས་ཀྱི་ཆོ་གར་དཔྱད་པ》
2009ལོ།《བོན་གྱི་རིག་གནས་ཉམས་ཞིབ་ལས་འགྱན་སངས་ཀྱི་དོགས་ལན་བསྡུས་པའི་སྐོར》
2009ལོ།《གནའ་བོའི་ཡིག་ཚངས་ཁ་ཤས་གོ་བསྡུར་ནས་བོན་གྱི་འཕེལ་རིམ་ཁག་གསུམ་ལ་ཡང་བསྐྱར་དབྱེ་ཞིབ་བྱས་པའི་དཔྱད་གཏམ》
2009ལོ།《སྲིད་པའི་ལྷ་རྒོད་འོ་དེ་གུང་རྒྱལ་གྱི་དད་མོས་དང་འབྲེལ་ཏེ་འཇིག་རྟེན་མི་སྐྱའི་ཆབ་སྲིད་རིག་གནས་ཀྱི་འགྱུར་རིམ་ལ་དཔྱད་པ》
2009ལོ།《དྲི་གུམ་བཙན་པོའི་དྲི་ཡིག་ལས་འཕྲོས་པའི་ལོ་རྒྱུས་ཀྱི་གནད་དོན་འགའི་སྣོན་དཔྱད》
2010ལོ།《བོན་གྱི་གནའ་དཔེ་གཏམ་ཤུལ་ཡིག་རྙིང་ལས་བྱུང་བའི་ཡ་ཐོག་སྲིད་པ་རྒྱུད་ཀྱི་བོན་པོ་བཞིའི་ཆོ་གའི་དོན་སྙིང་ལ་ཞིབ་འཇུག་བྱས་པའི་དཔྱད་གཏམ》
2010ལོ།《གནའ་བོའི་ཀླུ་ཞེས་བྱ་བའི་ཐ་སྙད་དང་ཀླུ་མཆོད་ཀྱི་ཆོ་གར་དཔྱད་པ》
2010ལོ།《ཡུལ་གངས་ཅན་བོད་ཀྱི་ལོ་རྒྱུས་ལས་འཁྱོག་པོར་བྲིས་པའི་ལྟ་ཚུལ་ཁ་ཤས་དྲང་པོའི་གཏམ་ལ་གསར་དུ་བརྗེ་བའི་ལེགས་བཤད་གཟི་ཡི་ཐང་མ་ཞེས་བྱ་བ》
2010ལོ།《གླུད་ཅེས་པའི་ཐ་སྙད་ཀྱི་གོ་དོན་འཇོག་ཚུལ་ལ་དཔྱད་པ》
2010ལོ།《གླུད་ཀྱི་ཆོ་གའི་འབྱུང་ཁུངས་འཚོལ་ཞིབ་སྐོར་གྱི་དཔྱད་པ》
2010ལོ།《བཙོན་ནས་བླངས་པའི་མགུར་གྱི་བརྡ་དོན་རྣམས་གོ་བདེར་ཕབ་པའི་འབྲུ་འགྲེལ་གཟི་ཡི་ཕྲེང་བ་ཞེས་བྱ་བ》
2011ལོ།《སྤུ་རྒྱལ་བཙན་པོའི་དུས་སྐབས་ཀྱི་གཡག་ཅེས་པའི་ཐ་སྙད་ཀྱི་གོ་དོན་དང་བོད་ཁ་གཡག་དྲུག་གི་སྐོར་ལ་གསར་དུ་དཔྱད་པ》
2011ལོ།《སྤུ་རྒྱལ་ཞེས་པའི་ཐ་སྙད་ཀྱི་གྲུབ་ཆ་ལས་སྤུ་ཡི་གོ་དོན་ལ་གསར་དུ་དཔྱད་པ》
2011ལོ།《སྤུ་རྒྱལ་བཙན་པོའི་རྒྱལ་རབས་ལས་ཉག་ཁྲིའི་བྱུང་བ་བརྗོད་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་ཅིག་ལ་གསར་དུ་དཔྱད་པ།