ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> མཐུན་ཚོགས་སློབ་གླིང་། >> རྩེ་དྲུག་སྒོམ་གྲྭ་ཀུན་བཟང་བདེ་ཆེན་འབར་བའི་གླིང་།
རྩེ་དྲུག་སྒོམ་གྲྭ་ཀུན་བཟང་བདེ་ཆེན་འབར་བའི་གླིང་།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྩེ་དྲུག་བཤད་སྒྲུབ་འདུས་སྤྱི།] [ཟླ་ཚེས། 10-10-10] [ཀློག་གྲངས། ]


རྩེ་དྲུག་སྒོམ་གྲྭ་ཀུན་བཟང་བདེ་ཆེན་འབར་བའི་གླིང་།

        བྱ་བཏང་༧ཚེ་དབང་འགྱུར་མེད་མཆོག་ནས་རྩེ་དྲུག་ལ་སྒོམ་གྲྭ་ཚུགས་ན་མ་འོངས་པར་བོན་གྱི་བསྟན་པ་རྒྱས་པའི་རྟེན་འབྲེལ་ཡོད་གསུངས་པ་དང་དམ་པ་ཉིད་སྐུ་དངོས་གནས་འདིར་ཕེབས་མྱོང་མེད་ཀྱང་དགོངས་པས་སྒོམ་གྲྭའི་ས་གནས་ངོས་འཛིན་གནང་བ་དང་སྟབས་ཅིག་སྒོམ་གྲྭ་ཀུན་བཟང་བདེ་ཆེན་འབར་བའི་གླིང་ཞེས་མཚན་གསོལ་བ་བཅས་ལ་བརྟེན། རྩེ་བླ་གར་དབང་རྣམ་རྒྱལ་གྲགས་པའི་ཐུགས་ཁུར་འོག་རྒྱལ་ཚབ་བློ་གྲོས་རྒྱ་མཚོ་དང་བྱ་བཏང་ཚེ་དབང་འགྱུར་མེད་རྣམ་གཉིས་ཀྱི་དངོས་སློབ་དབྱིངས་རིག་མཛོད་ཀྱི་བཀའ་བབ་པ་སྒོམ་གྲྭའི་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་གྱིས་༡༩༥༦ལོའི་ཟླ་བ་༡པོའི་ཚེས་༡༥ཉིན་སྒོམ་གྲྭ་དབུ་ཚུགས་པ་ནས་༡༩༦༠ལོ་བར་ཉིན་རེར་རྫོགས་ཆེན་གྱི་གཞུང་ཁྲིད་ཐེང་རེ་ལས་ཐུན་བཞི་ལ་སྒོམ་གཙོ་བོ་གནང་གི་ཡོད།འོན་ཀྱང་དགོངས་ཉམས་ཀྱི་སྡོང་གྲོགས་ཆེད་དུ་ཉ་སྟོང་ཚེས་བརྒྱད་ལ་ཡི་དམ་རིག་འཛིན་དང་བཀའ་སྲུང་ལ་ཚོགས་འཁོར་འབུལ་དགོས། དེ་རྗེས་༢༠༠༠ལོའི་ཟླ་བ་༡པོའི་ཚེས་༡༥ཉིན་རྩེ་བླ་བསྟན་འཛིན་འོད་ཟེར་རིན་པོ་ཆེའི་དགོངས་བཞེད་ལྟར་མཁན་ཚུལ་ཁྲིམས་རབ་རྒྱས་ནས་སྒོམ་གྲྭ་ཉམས་གསོ་བྱས། སྒོམ་གྲྭའི་ཡིག་ཆ་ནི། ཨ་སྙན་རྫོགས་གསུམ་དང་དབྱིངས་རིག་མཛོད་སོགས་རྫོགས་ཆེན་གྱི་གཞུང་རྣམས་ཡིན་ལ།ཡུན་ཚད་ལོ་ལྔ་ཡིན། སྒོམ་གྲྭའི་སློབ་མ་ནི་བཤད་སྒྲུབ་གང་རུང་ནས་ཐོན་པ་ཞིག་ངེས་པར་དགོས། དེང་དུས་ཡང་སྔར་སྲོལ་ལྟར་སློབ་མ་བཅོ་བརྒྱད་ཡན་མན་ལ་ཉིན་རེར་ཞོག་པ་ཆུ་ཚོད་བཅུ་ནས་བཅུ་གཉིས་བར་ཁྲིད་ལས་ཐུན་བཞིའི་སྒོ་ནས་གཙོ་བོར་སྒོམ་ལ་འབད་པ་དང་ཟླ་རེའི་ཚེས་༡༥ལ་དྲན་པ་དབང་སྒྲུབ་དང་རིག་འཛིན་འདུས་པ་ཐབས་ཆེན་ཡབ་རྒྱུད་ཀྱི་ཚོགས་ཚེས་༣༠ཉིན་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་དང་སྐབས་འགར་བཀའ་སྲུང་ལ་ཚོགས་འཁོར་འབུལ་བ་བཅས་སོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག