ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> མཐུན་ཚོགས་སློབ་གླིང་། >> ཁྲི་ཀའི་ཁྱུང་མོ་བཤད་སྒྲུབ་སློབ་གླིང་།
ཁྲི་ཀའི་ཁྱུང་མོ་བཤད་སྒྲུབ་སློབ་གླིང་།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་བསོད་བསྟན།] [ཟླ་ཚེས། 11-04-25] [ཀློག་གྲངས། ]

      མདོ་སྔགས་བསྟན་པའི་འབྱུང་གནས༼ཁྱུང་མོ་བཤད་སྒྲུབ་སློབ་གླིང་༽ནི་མདོ་སྨད་ཁྲི་གཤོག་རྒྱལ་མོའི་ལྷོ་རྒྱུད་ཁྲི་ཀ་རྫོང་ནས་སྤྱི་ལེ་བཅུ་གསུམ་ཙམ་གྱི་ས་གནས་སུ། རྒྱབ་རི་གདུགས་ཆེན་ཕུབ་འདྲའི་འདབས་རོལ་དུ་༧གཡུང་དྲུང་བོན་གྱི་བསྟན་པའི་རྩ་ལག་ཆེན་མོ་ཁྱུང་མོ་གཡུང་དྲུང་ཕུན་ཚོགས་གླིང་དུ། སྤྱི་ལོ་༢༠༠༥ལོའི་དཔྱིད་ཟླ་ར་བར་རྒྱ་ནག་འཕོ་བ་གྲོང་འཇུག་གི་ཡང་སྤྲུལ་ཉེར་གསུམ་པ་མཆོག་སྤྲུལ་༧ཁྱུང་མོང་སྟོབས་ལྡན་དབང་ཕྱུག་རིན་པོ་ཆེ་ནས་གསར་དུ་བཙུགས་པའི་བཤད་སྒྲུབ་ཟུང་འབྲེལ་གྱི་སློབ་གླིང་ཞིག་ཏུ་གྱུར་ཡོད། གཞན་སློབ་སྒྲུབ་ཀྱི་ཆ་རྐྱེན་དང་རིག་གནས་ཀྱི་ཆུ་ཚད་སོགས་ཕྱོགས་ཡོངས་ནས་ད་ཆ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་དང་ལེན་བཞིན་ཡོད།
      སློབ་གླིང་འདི་དབུ་བརྙེས་པའི་བགྲང་བྱ་བདུན་གྱི་འཚོ་བའི་མཐུན་རྐྱེན་དང་སློབ་གསོའི་རྨང་གཞི་གཙིགས་ཆེན་དུ་བཟུང་ནས་སངས་རྒྱས་གཡུང་དྲུང་བོན་གྱི་གཞུང་ལུགས་བཀའ་པོད་དྲུག་གཙོར་བྱས་ཐུན་མོང་རིག་གནས་སྤྱི་དང་། རྒྱ་དབྱིན་རྩིས་འཁོར་སོགས་བསླབ་བྱའི་རིམ་པ་འཐུས་ཚང་དུ་བཏང་བས་གོང་རིམ་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གིས་རྒྱབ་སྐྱོར་ཐུགས་ཁུར་གནང་། ཁྱད་པར་དུ་ཨེ་ཞི་ཡ་རྒྱལ་སྤྱིའི་མཐུན་སྒྲིལ་ཚོགས་པས་(ASIA)མ་དངུལ་འབོར་ཆེན་བཏང་སྟེ། སློབ་གླིང་སྤྱིའི་རྒྱ་ཁྱོན་ལ་སྨིས་གྲུ་བཞི་མ་༣༦༠༠ལྷག་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨིས་གྲུ་བཞི་མ་༡༩༢༨ལས། སྤུས་ཀ་དག་ཅིང་ཞིབ་ཚགས་ལྡན་པའི་སློབ་ཁང་ལྔ། གློག་ཀླད་ཁང་གཅིག གསུང་རབ་རྟེན་མཛོད་ཁང་གཅིག དགེ་རྒན་གཟིམ་ཤག་བརྒྱད། སློབ་མའི་ཉལ་ཁང་བཅུ་དྲུག་བཅས་ལེགས་གྲུབ་བྱུང་ཡོད་པར་མ་ཟད། ད་དུང་སློབ་སྟོན་གཞུང་ལས་ཁང་དང་སྣེ་ལེན་ཁང་། ཁྲུས་ཁང་། གཉེར་ཁང་། ཇ་ཁང་། རྩོད་གྲྭ་རྭ་བ་བཅས་བཟོ་བཀོད་ཀྱི་རྣམ་པ་མི་འདྲ་བ་དུ་མ་འཆར་གཞི་དང་འཛུགས་སྐྲུན་བྱེད་བཞིན་ཡོད།
      སློབ་གླིང་འདིའི་དགེ་སློབ་རྣམས་ནི་བསྟན་པའི་སྲོག་ཤིང་འདུལ་བ་འཛིན་པའི་སྡེ་ལགས་ཕྱིར། ཐུགས་མཐུན་ཁྲིམས་གཙང་དང་བག་ཡོད་སྤྱོད་བཟང་གི་སྒོ་ནས་འཆད་ཉན་གྱི་བཀའ་སྲོལ་ལེགས་པར་སྤེལ་བཞིན་ཡོད། སློབ་གླིང་འདིའི་དགེ་རྒན་གཙོ་བོ་ཁྱུང་མོ་གཡུང་དྲུང་ཕུན་ཚོགས་གླིང་གི་དཔོན་སློབ་སྨན་རིའི་དགེ་བཤེས་བཟོད་པ་འགྱུར་མེད་མཆོག་དང་། དགེ་བཤེས་གཡུང་དྲུང་བསམ་གཏན། དགེ་བཤེས་གཡུང་དྲུང་བློ་གསལ་བཅས་དང་། གཞན་སྐད་རིགས་ཆེད་མཁས་སློབ་དཔོན་དུ་མ་གདན་ཞུས་ཀྱིས་སློབ་གླིང་གི་སྒྲིག་གཞི་ཇེ་ལེགས་དང་ཟད་མེད་ཀྱི་ཡོན་ཏན་ནོར་བུའི་སྒོ་འཕར་ཡངས་པོར་ཕྱེས་ནས་སློབ་ཁྲིད་ཀྱི་རྣམ་པ་གསར་བ་དང་ཡོན་ཚད་ཀྱི་འབྲས་བུ་འཕེལ་རྒྱས་སུ་གཏོང་དང་གཏོང་བཞིན་པ་བཅས་ངོ་སྤྲོད་མདོར་བསྡུས་ཙམ་མོ། །

༧ཁྱུང་མོ་གཡུང་དྲུང་ཕུན་ཚོགས་གླིང་གི་བཤད་སྒྲུབ་འདུས་སྡེ།

ཁྱུང་མོ་བཤད་སྒྲུབ་སློབ་གླིང་གི་སློབ་ཁྲིད་ཐོག་ཁང་།

ཁྱུང་མོ་བཤད་སྒྲུབ་སློབ་གླིང་གི་སློབ་མའི་ཉལ་ཁང་ཐོག་ཁང་།

ཁྱུང་མོ་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་རྣམས་དང་ལས་བཟོ་བའི་ཉལ་ཁང་།

སློབ་གླིང་འདི་གའི་དགེ་རྒན་རྣམས།

དགེ་བཤེས་བསྟན་འཛིན་འབྲུག་གྲགས་ལགས་སློབ་གླིང་འདིར་ཕེབས་ནས་སློབ་མ་རྣམས་ལ་སློབ་སྟོན་གནང་བཞིན་པ།

ཁྱུང་མོ་བཤད་སྒྲུབ་སློབ་གླིང་གི་རིགས་པ་སྨྲ་བའི་སྡེ།

སློབ་གླིང་འདིའི་བཤད་གྲྭ་བ་རྣམས་ཀྱིས་རིགས་པའི་བརྡར་ཤ་གཅོད་བཞིན་པ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག