ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> དགོན་སྡེ་རི་ཁྲོད། >> བོན་གྱི་བཙུན་མའི་འདུས་སྡེ།
བོན་གྱི་བཙུན་མའི་འདུས་སྡེ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྩེ་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན།] [ཟླ་ཚེས། 12-08-30] [ཀློག་གྲངས། ]


གདོང་རྫོང་རི་ཁྲོད་ཀྱི་བཙུན་མ་འདུས་སྡེ།

གདོང་རྫོང་རི་ཁྲོད།

   བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་ར་ཁྲོམ་གྲོང་ཚོའི་མངའ་ཁོངས་ཁྱུང་གཉིས་ལ་ཟུར་དུ་ཆགས་པའི་གདོང་རྫོང་ཞུ་ཚང་བཙུན་མའི་དགོན་པ་འདི་ཉིད། ཐོག་མར་ཞུ་སྟོན་ཁྲོ་རྒྱལ་གྲགས་པས་༡༥༠༠ཡར་སྔོན་ནས་ཕྱག་བཏབ། དེའི་རྗེས་༡༩༨༥ལོར་ཞུ་བཙུན་དཔལ་ལྡན་བཟང་མོས་ཉམས་གསོ་བྱས། ལྷག་པར་༢༠༠༧ལོར་ཤེལ་ཞིག་བཙུན་མ་ཚུལ་ཁྲིམས་རྒྱལ་མོ་སོགས་ཀྱིས་བསྐྱར་བཞེངས་གནང་སྟེ། འཕེལ་རྒྱས་བཏང་། ད་སྐབས་ཤེལ་ཞིག་བཙུན་མ་ཚུལ་ཁྲིམས་རྒྱལ་མོ་དང་དྲི་མེད་བཟང་མོ་རྣམ་གཉིས་ཀྱིས་གཙོ་སྐྱོང་འོག་བཙུན་མ་ཉིས་བརྒྱ་ཡས་མས་ཙམ་ལ་འབྲི་ཀློག་འདོན་གསུམ། གྱེར་དབྱངས་འབུད་བརྡུང་དང་། ཁྱད་པར་དུ་སྒྲུབ་བརྒྱུད་ཀྱི་སྒོ་ནས་འཆད་ཁྲིད་དང་། རྩ་རླུང་སྒོམ་སྒྲུབ་བཅས་ཆགས་མེད་གནང་བའི་འདི་ལོ་སྒྲུབ་ཐོན་རྣལ་འབྱོར་མ་ཐོན་ལ་ཉེ་བ་མ་ཟད། ལོ་ལྟར་དུས་མཆོད་ཆགས་མེད་གནང་བའི་ཐེངས་འདིར་བོད་ཟླ་དྲུག་པའི་ཨ་དཀར་འབུམ་སྒྲུབ་ཆེན་མོ་ཚོགས་པའི་ངོ་སྤྲོད་ཕུལ་བས་བླ་མ་སེར་ཕྲེང་བསུ་བའི་རྣམ་པ། ནང་དུ་འཚོགས་པའི་རྣམ་པ། འཆད་ཁྲིད་གནང་བའི་རྣམ་པ། བསྟན་རྒྱས་སྨོན་ལམ་གསུངས་པའི་རྣམ་པ། དགེ་སློབ་ལྷན་འཛོམས་ཀྱི་རྣམ་པ། ལྷག་པར་དགོན་འདིར་ཆེན་པོའི་དཔང་རྟགས་སུ་རྒྱ་ནག་གོང་མ་ཆེན་མོ་དང་། རྒྱལ་དབང་ལྔ་བ་དགའ་ལྡན་ཕོ་བྲང་བཅས་ནས་བསྩལ་བའི་བཀའ་ཤོག་ཁག་ལྔ་བཞུགས་པ་འདི་ལྟར་བཅས་ཀྱིས་མཚོན་པའི་འཚམས་སྦྱོར་འདི་ཉིད་རྩེ་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནས་༢༠༡༢ལོའི་ཟླ་༦པའི་ཚེས་ལ་ཕུལ་བའོ། །


རྩེ་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་ཕེབས་བསུ་བྱེད་བཞིན་པ།

སྟེང་ཆེན་དགོན་གྱི་བླ་མ་རྒྱ་མཚོ་ནོར་བུ་མཆོག་ཕེབས་བསུ་བྱེད་བཞིན་པ།


ཕྱོགས་ནས་ཕེབས་པའི་བླ་སྤྲུལ་ཁག་ནས་བོན་གསུངས་བཞིན་པ།




རྒྱ་ནག་གོང་མ་ཆེན་མོ་དང་། རྒྱལ་དབང་ལྔ་བ་དགའ་ལྡན་ཕོ་བྲང་བཅས་ནས་བསྩལ་བའི་བཀའ་ཤོག་ཁག
བླ་ཆེན་དང་མི་ཆེན་ཁག་ལ་འབོད་བསྐུལ་ཞུ་རྒྱུ།

   བཙུན་དགོན་འདི་ད་སྐབས་བཙུན་མ་མང་བོ་འཛོམས་ཐུབ་ཀྱང་འདུ་ཁང་དང་གྲྭ་ཤག་ཚད་གཞི་ལྡན་པ་བཞེངས་མ་གྲུབ་པ་མ་ཟད། ལོ་རྗེས་མར་བཙུན་མའི་བཤད་སྒྲུབ་སྒོམ་གསུམ་གྱི་འཆར་གཞི་ཡོད་པ་བཅས་ལ་དཔལ་འབྱོར་འགྲོ་སོང་དཀའ་ངལ་ཆེ་བས་རྒྱབ་སྐྱོར་གནང་མཁན་བྱུང་ན་ཐུགས་རྗེ་ཆེ་ཞུ་བ་པོ། ཁྱུང་བོའི་བཙུན་མ་རྣམས་ནས།
དེའི་འབྲེལ་གཏུགས་གནང་ཡུལ། ཤེལ་ཞིག་བཙུན་མ་ཚུལ་ཁྲིམས་རྒྱལ་མོའི་ཁ་པར། ༡༣༦༥༩༥༥༢༩༥༨

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག