ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> སྨྲ་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོའི་གསུང་འབུམ་པར་དུ་བསྐྲུན་བཞིན་པ།
སྨྲ་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོའི་གསུང་འབུམ་པར་དུ་བསྐྲུན་བཞིན་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། tibetmonk] [ཟླ་ཚེས། 10-07-05] [ཀློག་གྲངས། ]

 


ཧོར་བ་དྲུང་རམས་པ་བསྟན་འཛིན་བློ་གྲོས་མཆོག་གསུང་འབུམ་དེ་མི་འགྱང་བར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་རྒྱུ་རེད།

དཔེ་སྒྲིག་མཁན། ཟིང་ཆུ་སྐྱང་ཚང་དགོན་ནས་དཔེ་བསྒྲིགས་གནང་བ།

༡ རིག་གནས་ཀྱི་སྐོར།

   གངས་ཅན་བོད་ཀྱི་བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ། མངོན་བརྗོད་ཨེར་སངས་བུ་མོའི་ཞལ་ལུང་། རྩིས་དཀར་ནག་ལ་མཁོ་བའི་རྣམ་བཤད། བསྟན་རྩིས་ཀེ་ཏ་ཀའི་ཕྲེང་བ། སྐད་རིགས། མཆོད་ཚིག སྒྲ་འཁོར་སྔ་ཕྱི་གཉིས་བསྡུས་ན་ཉི་ཤུ་ཙམ་ཡོད། སྙན་ངག་དོན་རྒྱན་སོ་ལྔ། རྒྱ་རྩིས་སྣང་སྲིད་གསལ་བའི་མེ་ལོང་། ས་དཔྱད་གསེར་གྱི་མེ་ལོང་། ལོ་རྒན་དྲུག་ཅུའི་འགྲེལ་རྩིས།

༢ གཞུང་གི་སྐོར།

   མཚན་ཉིད་ངོས་འཛིན་གྱི་སྐོར། རྟེན་འབྲེལ་བཅུ་གཉིས་ཀྱི་རྣམ་བཤད། འཁོར་འདས་འགྲེལ་རྐང་། འདུ་བྱེད་ལྔ་བཅུའི་དོན་བཤད། ཁྱབ་མཐར་གཏོང་ལུགས། ཐེག་དགུའི་རྣམ་བཞག སྐྱབས་འགྲོ་སེམས་བསྐྱེད་དང་ཚོགས་ཀྱི་སྡོམ་ཚིག རྫོགས་ཆེན་གསེར་གྱི་ཕྱིས་བུ། རྫོགས་ཆེན་ལམ་གནད་ཀྱི་སྐོར།  ས་ལམ་ཚད་མ་རིག་པའི་དགའ་སྟོན་ཤོག་ཁྲ། ལུང་རིག་དོགས་སེལ། གང་ཟག་གི་རྣམ་བཤད། ཕུར་བའི་གར་འཆམ་གྱི་འགུག་སྒྲོལ་བསྟབ་གསུམ་གྱི་བསྐྱེད་རིམ། ༼ཨ་ལགས་ཚང་གི་མ་ཡིག་ངོས་ན་འདི་ལ་རྟགས་གཉིས་བཏབ་ཡོད་དེ། གཅིག་གཞུང་གི་ཉེར་མཁོའི་རྟགས་བཏབ་ཡོད་ལ། ཅིག་ཤོས་དེ་ཆོ་གའི་ཟིན་བྲིས་ཉེར་མཁོའི་རྟགས་བཏབ་ཡོད་པས་གསལ་བོ་ཞིག་འདེམས་ཤེས་མ་སོང་། བསྐྱར་དུ་གསལ་བོ་ཞིག་འདྲི་དགོས་ན་ཤོད་དང་། ངས་ཡང་བསྐྱར་དྲིས་ཆོག༽ བྱང་ཆུབ་ལམ་གྱི་རྣམ་བཤད། བོན་གྱི་རྣམ་གྲངས། ཚོགས་སྦྱང་གི་སྔགས་འགྲེལ། གཟུངས་འདུས་བཀླག་ཐབས། ལྷག་བཅས་ལྷག་མེད་ཀྱི་སྐོར།

༣ རྣམ་ཐར་དཀར་ཆག་གི་སྐོར།

   དམུ་རྒྱལ་གཤེན་གྱི་སྐྱེས་རབས་མཛད་པ་དྲུག་ཅུ་རྩ་གཅིག་གི་གཏེར་སྒོ་འབྱེད་བྱེད་འཕྲུལ་གྱི་ལྡེ་མིག ངེས་མེད་རྣལ་འབྱོར་རྒྱལ་བ་དབང་ལྡན་གྱི་རྣམ་ཐར། ཨ་སྔགས་རྟོགས་ལྡན་རིན་པོ་ཆེའི་རྣམ་ཐར། བླ་མ་ཁྲི་འགྱིང་སྐོར་ཐབས། ཉམས་མགུར་ཞལ་གདམས་ཀྱི་སྐོར། སྐྱང་བླའི་གསོལ་འདེབས། ལྟ་བསྒོམས་ཉམས་ལེན་གྱི་སྐོར། སེམས་ཅན་སངས་རྒྱས་གྲོལ་འཁྲུལ་བའི་གདམས་པ། འཁོར་ལོའི་དཀར་ཆག དགེ་བའི་དཀར་ཆག་མཐོང་བ་རང་གྲོལ། གནས་ཁང་སོ་སོར་སྨོན་ཚིག བྲག་བྱ་རྒོད་ཀྱི་དཀར་ཆག བྱ་དུར་དཀར་ཆག ཨོ་རྒྱན་པད་འབྱུང་གི་འཁྲུངས་རབས། གྲུབ་དབང་རིན་པོ་ཆེའི་གནས་བཞི་བསྟོད་འགྲེལ་ཉི་མའི་འཁོར་ལོ། སྣང་ཞིག་ནམ་མཁའ་བློ་གྲོས་ཀྱི་གསོལ་འདེབས། རྣལ་འབྱོར་རོལ་བའི་དགའ་སྟོན།

༤ ཆོ་གའི་ཟིན་བྲིས་ཉེར་མཁོ།

   ཟླ་གམ་རྩེ་ཞྭའི་རྣམ་འགྲེལ། དུ་ཏྲི་སུའི་ཤི་གསོན་གཉིས་ཀྱི་ལག་ལེན། ཡི་དམ་དབལ་གསས་རྔམ་པའི་རྩ་འཁོར་བསྐྱེད་ཐབས། སྲིད་རྒྱལ་གསང་སྒྲུབ་ཀྱི་ཟིན་རིས། ཁྲོ་རྒྱལ་སྤྱི་འདུལ་གྱི་ཕྲིན་ལས་འགྲིག་རིམ་གསལ་བྱེད་སྣང་བའི་མུ་ཁྱུད། ཀུན་བཟང་འཁོར་བ་སྟོང་འདྲེན་ཀྱི་ཟིན་རིས་དང་དེའི་གསོན་བྱང་དང་ཤི་བྱང་གི་ཟིན་རིས་དང་གཞུང་ཆོག་གི་ཟིན་རིས། གསང་སྔགས་ཟུར་རྒྱན། གསང་དྲག་དབལ་ཆུའི་ཟིན་རིས། གཅོད་པ་དང་རྗེ་རིན་པོ་ཆེའི་ཞལ་ཐང་བཀོད་ཐབས། གྲོག་མ་གསོ་ཐབས། ཀློང་རྒྱས་དགུང་ཞག་གི་སྐབས་ཆོག མ་རྒྱུད་བདག་འཛིན་ལམ་ལྔའི་ཊི་ཀ ཕྱྭ་སྲས་རྣམ་སྡུས། རྟོགས་པ་མཆོག་ལྡན་གྱི་གདུང་འབུལ་བའི་བསྟོད་པ། དོན་རྒྱུད་བཅུད་དྲིལ། དབང་ཆེན་སྨོན་ལམ། སྐུ་གསུམ་ཐུགས་རྟེན་གྱི་སྔགས་འགྲེལ། འཕོ་བའི་ཞལ་གདམས། མ་ཏྲི་ཚེ་སྒྲུབ་ཀྱི་ཆོ་ལོ་དང་བླ་རྡོ་བླ་ཤིང་འཛུག་ཐབས། རྒྱ་བཞིའི་དཀྱིལ་འཁོར་མའི་ཟིན་རིས། སྐྱང་སྤྲུལ་ཡི་དམ་ཀུན་འདུས་བྲུ་ལུགས་ཀྱི་ཟིན་རིས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག