ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> བོན་པོའི་དཔེ་རྙིང་ལྔ་བརྒྱ་ལྷག་གསར་རྙེད་བྱུང་བའི་གནས་ཚུལ།
བོན་པོའི་དཔེ་རྙིང་ལྔ་བརྒྱ་ལྷག་གསར་རྙེད་བྱུང་བའི་གནས་ཚུལ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་གཡུང་དྲུང་།] [ཟླ་ཚེས། 10-07-16] [ཀློག་གྲངས། ]

      

      ཕྱི་ལོ་༢༠༡༠ཟླ་བ་༧པའི་ཚེས་༡༤ཉིན་བོད་ཀྱི་ཉམས་ཞིབ་དྲ་རྒྱ(TibetanReview.net) ནང་ཁོད་གསལ། ཉེ་འཆར་གནའ་བོའི་བོད་ཀྱི་དཔེ་རྙིང་དཀར་ཆག་སྒྲིག་མཁན་ཉམས་ཞིབ་ཚོགས་པ་ནས་ལོང་ནན་ཀན་སུའུ་ཞིང་ཆེན་དུ།  གནའ་བོའི་བོད་ཀྱི་བོན་པོའི་དཔེ་ཆ་ལག་བྲིས་ཅན་ཚར་གྲངས་ལྔ་བརྒྱ་ལྷག་རྙེད་སོན་བྱུང་འདུག་སྐོར།  དེ་གའི་རྒྱ་ནག་དྲ་རྒྱ་བོད་ཀྱི་གནས་ཚུལ་ཞབས་ཞུ་ (china’s online Tibet news service) ཁ་བྱང་འདི་ལྟར་ཁོད་པའི་ནང་ eng.tibet.cn ཕྱི་ལོ་༢༠༡༠ ཟླ་བ་ ༧ ཚེས་ ༡༣ ཉིན་གོང་གི་གནས་ཚུལ་སྤེལ་འདུག

      གནས་ཚུལ་འདིས་བརྗོད་གསལ་ལྟར་ན་ད་ལན་དཔེ་རྙེད་འདི་ནི་ཤིན་ཏུ་རིན་ཐང་ཆེ་ལ་བོད་ཀྱི་ལོ་རྒྱུས་སྟེང་ཆེས་གལ་ཆེན་ཡིན་པ་སོགས་ཀྱི་གནས་ཚུལ་ཁོད་ཡོད་འདུག  དེ་གའི་དགེ་འདུན་པ་རྣམ་པས་གསུང་པ་ལྟར་ན་དཔེ་རྙིང་དེའི་ནང་གི་བརྗོད་བྱ་ནི་གནའ་བོའི་བོད་ཀྱི་ཆོ་གའི་ལག་ལེན་དང༌།  བོད་མིའི་ལོ་རྒྱུས།  གོམས་གཤིས་བཅས་ཀྱི་སྐོར་ལ་ཡིན་པ་དང༌།  ཡིག་ཆ་དེ་དག་ནི་རིན་ཐང་ཆེ་ལ།  ཆེས་དཀོན་པའི་དུས་རབས་བར་མའི་བོད་ཀྱི་སྐད་ཡིག་དང༌།  བོན་གྱི་ལྟ་གྲུབ།  སྨན།  རྩིས།  ཡི་གེའི་གཟུགས་རིས་སྐོར་ལ་སློབ་སྦྱོང་བྱ་རྒྱུའི་རྒྱུ་ཆ་གལ་ཆེན་ཡིན་པ་འགྲེལ་བརྗོད་བྱས་གནང་འདུག

      གནས་ཚུལ་འདིས་བརྗོད་གསལ་ལྟར་ན། སྔོན་ཏུན་ཧོང་ནས་བོན་དཔེ་ཁ་ཤས་རྙེད་པའི་རྗེས། ད་ལན་གྱི་ཀན་སུའུ་ཞིང་ཆེན་ནང་བོན་པོའི་དཔེ་ཆ་རྙེད་པ་འདི་གྲངས་འབོར་ཆེ་ལ་ཤིན་ཏུ་ནས་གཅེས་སྐྱོང་ཡག་པོ་གནང་ཡོད་པ་ཁོད་འདུག ཡང་སྐྱར་གནས་ཚུལ་འདིའི་ནང་དུ་ཁོད་གསལ་ལྟར་ན། དཔེ་རྙིང་གི་ཡི་གེ་རྣམས་གནའ་བོའི་བསྡུ་ཡིག་རྙིང་པའི་ནང་བྲིས་ཡོད་པ་དང༌། ཡིག་གཟུགས་རྣམས་ནི་ཤིན་ཏུ་མངོན་གསལ་དོད་ལ། ཧ་ལམ་མདང་དགོང་བྲིས་ཡོད་པ་དང་འདྲ། དཔེ་ཆའི་ནང་གི་རི་མོ་རྣམས་ད་དུང་ཚོན་མདངས་བཀྲག་མོ་ཡོད་པ་དང༌། ལྡེབ་མ་རྣམས་ཁམས་གཙང་ཞིང་གནའ་རྙིང་རྒྱུ་ཆ་གང་ཞིག་ལ་རྒྱས་སྤྲོས་མེད་པ་ཞིག་ཡོད་པ་ཡང་བྲིས་འདུག དཔེ་ཆ་དེ་དག་གི་རྩོམ་འགྲོས། ཚིག་བེད་སྤྱོད་བྱེད་སྟངས། ཤོག་བུའི་རྒྱུ་ཆ་དང་དེ་མིན་རྣམ་པ་གཞན་ངོས་མང་པོ་ནས་བསམ་ན་དཔེ་ཆ་དེ་དག་དུས་རབས་དགུ་པ་ནས་བཅུ་གཅིག་བར་བྲིས་ཡོད་པར་ཡིད་ཆེས་གནང་མུས་ཡིན་པ་ཁོད་འདུག

      གསལ་བཤད། ༼དབྱིན་ཡིག་ནས་བོད་ཡིག་དུ་བསྒྱུར་མཁན། སྨན་རིའི་དཔེ་མཛོད་འགན་འཛིན་གྲྭ་གཡུང་དྲུང་དཀོན་མཆོག་ལགས་ཡིན་ལ། ཁོང་གིས་གསུངས་དོན་གསར་འགྱུར་འདིའི་ཚིག་དོན་ཁག་གོ་དཀའ་བ་དང་ཁོ་བོ་དབྱིན་ཡིག་ལ་གོམས་ཆ་ཧ་ཅང་མེད་རྐྱེན་ནོར་འཁྲུལ་ཡོད་ཚེ་བཟོད་གསོལ་ཞུ་ཞེས་ཀྱང་གསུངས་བ་ལྟར་བཀོད་པ་ཡིན་པས་དགོངས་འཇགས་ཞུ།༽

རྒྱ་ཡིག་གི་དྲ་བ་གཟིགས་འདོད་མཁན་དག་གིས་གཤམ་གྱི་དྲ་བར་ལྟོས་དང་།
http://www.mzb.com.cn/html/report/134986-1.htm
http://book.ifeng.com/culture/2/detail_2010_07/13/1763934_0.shtml

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག