ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> བོད་ཀྱི་དུས་ཆེན་གསུམ་གྱི་ཡ་གྱལ་ཞོ་སྟོན་དུས་ཆེན་གྱི་དགའ་སྟོན།
བོད་ཀྱི་དུས་ཆེན་གསུམ་གྱི་ཡ་གྱལ་ཞོ་སྟོན་དུས་ཆེན་གྱི་དགའ་སྟོན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་བསྟན་འབྲུག] [ཟླ་ཚེས། 10-08-11] [ཀློག་གྲངས། ]

      

ཞོ་སྟོན་དུས་ཆེན་ནི་བོད་མི་རིགས་ཀྱི་ཆོས་ལུགས་སྲོལ་རྒྱུན་དེ་རིམ་བཞིན་མི་རིགས་ཀྱི་དུས་སྟོན་གལ་ཆེན་ཞིག་ཏུ་གྱུར་ཡོད། དེའང་ཐོག་མར་གངས་ལྗོངས་སུ་ལོ་རེའི་དུས་འདིར་དགེ་འདུན་པ་རྣམས་དབྱར་གནས་དང་དགག་དབྱེ་སོགས་སྐབས་དཀར་ཟས་མ་གཏོགས་དམར་ཟས་མཆོད་གསོལ་མེད། དེའི་སྐབས་རྒྱ་ཆེའི་དད་ལྡན་མང་ཚོགས་རྣམས་ཀྱིས་དགེ་འདུན་གྱི་སྡེ་ལ་དཀར་ཟས་ཀྱི་གཙོ་བོ་ཞོའི་སྟོན་མོ་འགྱེད་ཀྱི་ཡོད་སྟབས། དེའི་སྲོལ་རྒྱུན་རིམ་བཞིན་རིམ་བཞིན་ཆེ་ཁག་ནས་དར་ཁྱབ་བྱུང་ནས་དེང་གི་ཞོ་སྟོན་དུས་ཆེན་ཟེར་བ་འདི་བྱུང་།

      

      

          འདིའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན་ལོ་བརྒྱ་ཕྲག་དུ་མའི་ལྡན་ལ། དུས་ཆེན་འདི་བོད་ཀྱི་དུས་ཆེན་ཆེ་ཁག་གསུམ་གྱི་ནང་ཚན་ཞིག་ཏུ་གྱུར་ཡོད། སྤྱི་ཟླ་བརྒྱད་པའི་ནང་བོད་ཁུལ་ལྷ་ས་གཙོས་བོད་མི་གཉེན་ཉེ་འབྲེལ་དང་། དགའ་འདྲིས་གྲོགས་སོགས་ཚང་མར་དགའ་སྐྱིད་ཀྱི་མཉམ་འཛོམས་དང་། སྤྲོ་གསེང་གི་གླིང་ཁ་སོགས་མི་རྣམས་ལོ་རེའི་ལྷན་འཛོམས་ཀྱི་དུས་སྟོན་ཞིག་ཆགས་ཡོད། དབྱར་གྱི་གུང་གསེང་དང་སྟབས་བསྟུན་མི་རྣམས་དགའ་དགའ་སྐྱིད་སྐྱིད་ཀྱི་དུས་འདིར་མི་སྨོན་རང་སྐྱིད་ལྟ་བུའི་དགའ་སྤྲོའི་དུས་ཆེན་ལ་ནོར་བུ་གླིང་ཁ་གཙོས་ས་ཆར་གང་སར་དགའ་བའི་གླུ་དབྱངས་དང་། སྤྲོ་བའི་ཞབས་བྲོ། བདའ་དགུའི་ཟས་སྣ། མཛེས་པའི་མི་རིགས་ཀྱི་གྱོན་ཆས་སོགས་གསོལ་ནས་རྒྱ་ཆེའི་མི་དམངས་རྣམས་མཉམ་འཛོམས་ཀྱི་སྤྲོ་སྐྱིད་ཆེན་པོ་དང་འཛམ་གླིང་མི་རིགས་ཁག་གི་ཡུལ་བསྐོར་སྤྲོ་འཁྱམས་པ་རྣམས་ལའང་མིག་གང་གིས་ལྟད་མོ་བལྟ། ཁ་གང་གིས་ཟས་བཟའ། མི་རིགས་ཀྱི་ཁྱད་ཆོས་ཕུན་ཚོགས་རྣམས་ལོངས་སུ་སྤྱོད་པའི་དུས་ཆེན་ཁྱད་པར་ཅན་ཡིན་པར་བརྟེན་ཞོ་སྟོན་འདི་བོད་ཀྱི་དུས་ཆེན་གསུམ་གྱི་ཡ་གྱལ་དུ་གྱུར་པ་དེ་ལྟར་ངེས་པ་ལགས་སོ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག