ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ངོ་མཚར་ཆེ་བའི་དད་རྟེན་གསལ་བཤད།
ངོ་མཚར་ཆེ་བའི་དད་རྟེན་གསལ་བཤད།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཨ་ དཔལ་བཟང་།] [ཟླ་ཚེས། 10-08-18] [ཀློག་གྲངས། ]

རབ་ལེགས་གཡུང་དྲུང་གླིང་གི་༧དགེ་སློང་ཤེས་རབ་བསྟན་འཛིན་རིན་པོ་ཆེ་དགོངས་པ་གཤེགས་ནས་སྐུ་གདུང་བཞུ་སྐབས་ཀྱི་ངོ་མཚར་ཆེ་བའི་དད་རྟེན་འདྲ་པར་གྱི་གསལ་བཤད།

༢༠༠༩ལོ་དབྱར་ཁར་བསྐྱོན་པའི༧དགེ་སློང་རིན་པོ་ཆེ་སྐུ་པར།


༧དགེ་སློང་རིན་པོ་ཆེ་དགོངས་པ་གཞན་དུ་གཤེགས་ནས་ཉིན་ཞག་བཞི་བཅུ་ལེན་པའི་དུས་སུ་སྐུ་གཟུགས་ཆུང་ངུར་སོང་བ།

༧གཤེན་སྲས་གཡུང་དྲུང་རང་གྲོལ་ཉི་མ་རིན་པོ་ཆེས་སྐུ་གདུང་ཞུགས་ཁང་གི་མེ་སྤར་བཞིན་པ།

སྐུ་གདུང་བཞུ་སྐབས་མེ་ཡི་དཀྱིལ་དུ་ཉི་མའི་དཀྱིལ་འཁོར་ཞིག་ཤར་བ།

སྐུ་གདུང་བཞུ་སྐབས་མེ་ཡི་དཀྱིལ་དུ་ཟླ་བའི་དཀྱིལ་འཁོར་ཞིག་ཤར་བ།

སྐུ་གདུང་བཞུ་སྐབས་མེ་ཡི་དཀྱིལ་དུ་དགེ་སློང་མཆོག་གི་སྐུ་ཡི་རྣམ་པར་ཞིག་ཤར་བ།

           གཡུང་དྲུང་བོན་གྱི་གྲྭ་ས་གོང་འོག་བར་གསུམ་གྱི་ནང་ཚན་གདན་ས་འོག་མ་དཔལ་རྒྱལ་བ་རབ་ལེགས་གཡུང་དྲུང་གླིང་གི་༧དགེ་སློང་ཤེས་རབ་བསྟན་འཛིན་རིན་པོ་མཆོག་གདུལ་བྱ་ཞིང་འདིར་འགྲོ་དོན་རེ་ཞིག་མཐར་ཕྱིན་པའི་ཚུལ་བསྟན་ནས་བོད་ས་གླང་ལོའི་བོད་ཟླ་༡༡པའི་ཚེས་༡༥ཉིན་ཞིང་ཁམས་གཞན་དུ་གཤེགས་པས་རྒྱུ་ལུས་ཕུང་པོ་གནས་འདི་གདུལ་བྱ་རྟག་འཛིན་ཅན་རྣམས་ལ་མི་རྟག་བསྐྱེད་བྱེད་དང་རྗེས་འཇུག་འཁོར་སློབ་རྣམས་དང་འགྲོ་བ་དད་ལྡན་རྣམས་ལ་མིག་ལྟོས་སུ་གཟུགས་སྐུ་ཆུང་ངུ་ཞིག་ཏུ་གྲུབ་ནས་དད་རྟེན་དུ་བཞག་པས་དགོངས་པ་བོན་དབྱིངས་སུ་ཐིམ་ནས་སྐུ་གདུང་ཉིན་བཞི་བཅུར་ཙམ་བཞག་ནས་རྗེས་སུ་དཔལ་རྒྱལ་བ་༧གཤེན་རབ་ཀྱི་གདུང་ལས་གྲུབ་པའི་གཤེན་སྲས་གཡུང་དྲུང་རང་གྲོལ་ཉི་མ་རིན་པོ་ཆེ་མཆོག་གིས་སྐུ་གདུང་འབྱུང་བ་ཞུགས་ལ་བཞུ་སྐབས་ལྟས་བཟང་པོ་འདྲ་མིན་སྣ་ཚོགས་སུ་མཐོང་རྒྱུ་ཡོད་ལ།ཁྱད་པར་དུ་གདུང་ཁང་གི་མེ་ལྕེ་དེ་ཉི་ཟླའི་རྣམ་པ་དངོས་སུ་མཐོང་རྒྱུ་ཡོད་པ་དང་།རྗེ་བླ་མའི་རྣམ་པ་ཚུལ་དུ་དངོས་སུ་མཇལ་རྒྱུ་ཡོད་པ་སོགས་དད་ལྡན་འགྲོ་བ་ཀུན་གྱིས་མཐོང་ཆོས་སུ་གྱུར་བའི་པར་འགའ་ཞིག་བླངས།དེ་མིན་མ་འོངས་པ་ངོ་མཚར་རབ་ཏུ་ཆེ་བ་དགེ་སློང་རིན་པོ་ཆེའི་སྐུ་གདུང་ཞིག་བཞེངས་རྒྱུ་རེ་འདོད་རབ་ཏུ་ཆེ་བས་སྟོབས་འབྱོར་ལྡན་པ་རྣམས་ཀྱིས་རྒྱབ་སྐྱོར་རེ་བྱེད་པ་བཀའ་དྲིན་སྙིང་དབུས་ནས་ཞུ་ཞུ་ཞུ།

ཞེས་ལས་གནས་འགན་འཛིན་པ་ཨ་དཔལ་བཟང་ནས་ཕུལ་བའོ། །

ཨ་དཔལ་བཟང་ལགས་ནས་མཁོ་སྤྲོད་གནང་བར་བཀའ་དྲིན་ཞུ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག