ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> བོད་རིག་པའི་ཞིབ་འཇུག་ཚོཊ་ཆེན་ཐེངས༡༢པ་འཚོགས་པ།
བོད་རིག་པའི་ཞིབ་འཇུག་ཚོཊ་ཆེན་ཐེངས༡༢པ་འཚོགས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 10-08-20] [ཀློག་གྲངས། ]

ཐེངས་བཅུ་གཉིས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོཊ་ཆེན་ཁེ་ན་ཌར་ཚོཊ་པ།


རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་ཐོག་ཚོགས་གཙོ Charles Ramble

    བདུན་ཕྲག་གཅིག་རིང་གི་རྒྱལ་སྤྱིའི་བོད་རིགས་པའི་ཞིབ་འཇུག་ཚོགས་པའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ། ཁེ་ན་ཌའི་གྲོང་ཁྱེར་བྷོན་ཁོ་ཝོ་ནང་རྟེན་གཞི་བྱས་པའི་ཁི་ལིན་བྷི་ཡ་སློབ་གྲྭ་ཆེན་མོའི་ནང་ཚོགས་བཞིན་ཡོད་འདུག  རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་ཆེན་དེ་ནི་ཕྱི་ལོ་༡༩༧༩ལོར་སུད་སིའི་གྲོང་ཁྱེར་ཛི་རིལ་ནང་མགོ་འཛུགས་བྱས་ཡོད་པ་དང་། དུས་དེ་ནས་བཟུང་ལོ་གསུམ་རེའི་ནང་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་ཐེངས་རེར་སྐོང་འཚོགས་གནང་གི་ཡོད་པ་རེད།
     རྒྱལ་སྤྱིའི་བོད་རིགས་པའི་ཞིབ་འཇུག་ཚོགས་པའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ་ཁི་ལིན་བྷི་ཡ་སློབ་གྲྭ་ཆེན་མོའི་ཨེ་ཤེ་ཡའི་ཞིབ་འཇུག་སྡེ་ཚན་གྱི་གོ་སྒྲིག་འོག་ཟླ་འདིའི་ཕྱི་ཚེས་༡༥ནས་༢༡བར་གྱི་ཉིན་གྲངས་ལྔ་ལྷག་གི་རིང་ཁེ་ན་ཌའི་གྲོང་ཁྱེར་བྷོན་ཁོ་ཝོ་ནང་ཡོད་པའི་ཁི་ལིན་བྷི་ཡ་སློབ་གྲྭ་ཆེན་མོ་རུ་སྐོང་འཚོགས་བཞིན་ཡོད་ལ།  ཕྱི་ཚེས་༡༦ཉིན་ཚོགས་མི་རྣམས་ལྷན་འཛོམས་ཐོག་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ཆོའོ་རྫི་ར་བྷོ་ལགས་ཀྱི་ཚོགས་འདུ་དངོས་སུ་མགོ་འཛུགས་གནང་ཡོད་འདུག


མཁར་རྨེའུ་བསམ་གཏན་རྒྱལ་མཚན།

      ཐེངས་འདིའི་ཚོགས་ཆེན་སྟེང་འཛམ་གླིང་རྒྱལ་༢༡ལྷག་ནས་ཕེབས་པའི་བོད་རིག་པའི་ཆེད་མཁས་ཞིབ་འཇུག་པ་དང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཅས་མི་གྲངས་༣༠༠ལྷག་འདུ་འཛོམས་ཀྱིས། བོད་ཀྱི་རིག་གནས་ཆེ་བ་ལྔ་གཙོས་བརྗོད་བྱ་སྣ་ཚོགས་སྟེང་ཆེད་རྩོམ་སྒྲོག་སྦྱོང་གནང་གི་ཡོད་པར་མ་ཟད། ཕྱི་གླིང་བ་བོད་རིག་པའི་ཞིབ་འཇུག་མི་སྣ་ཁག་ཅིག་གིས་བོད་ཀྱི་ཨར་ལས་མཉམ་བཟོ་དང་དཔལ་འབྱོར།  མིའི་རིགས་རིག་པའི་སྐོར། བོད་ཀྱི་ཤེས་ཡོན་ཡར་རྒྱས་གཏོང་སྟངས།  རི་མོ་དང་མཆོད་ཆས་འདྲ་མིན།  བོད་ཀྱི་གྱོན་ཆས་འདྲ་མིན་ཀྱི་རིགས་སོགས་ཀྱི་སྟེང་ཚོགས་ཆུང་བཅུ་རུ་བགོས་ཏེ། ཚོགས་ཞུགས་པ་རྣམས་ཀྱིས་ཞིབ་འཇུག་བྱས་པའི་ཆེད་རྩོམ་སྒྲོག་སྦྱོང་དང་བགྲོ་གླེང་གནང་གིན་ཡོད་འདུག


ཨིན་རྡི་ཡ་ན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། Elliot Sperling

      ཐེངས་འདིའི་ཚོགས་ཆེན་སྟེང་བོད་ནས་ཕེབས་པའི་མི་སྣ་༤༠ལྷག་ཡོད་འདུག  རྒྱལ་སྤྱིའི་བོད་རིག་པའི་སྤྱི་ཁྱབ་འགན་འཛིན་མཆོག་གིས། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་འདི་ཉིད་མ་འོངས་པ་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་ཆེ་རུ་གཏོང་ཆེད་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་དང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་ཡིན་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག