ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> གསལ་བསྒྲགས།
གསལ་བསྒྲགས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དྲ་ཚིགས་གཙོ་སྒྲུབ་པ།] [ཟླ་ཚེས། 10-08-26] [ཀློག་གྲངས། ]

      ༼ཧི་མ་ལ་ཡའི་བོན༽གྱི་དྲ་ཚིགས་ནི་གདོད་མའི་ཞང་བོད་ཤེས་རིག་དར་སྤེལ་དང་སྔོགས་འདོན། འཚོལ་སྡུད་བཅས་ཀྱི་ལས་གཞིར་ཆེད་དམིགས་ཀྱི་བསྒྲིགས་པ་ཞིག་ཡིན་པས་དྲ་བའི་ཁྱབ་ཁོངས་དང་ཁེ་དབང་སྲུང་སྐྱོབ་ཐད་ཀློག་མཁན་དང་རྩོམ་མཁན་དག་ལ་གསལ་བསྒྲགས་བྱས་པ་གཤམ་ལྟར།

གཅིག   དྲ་བ་འདིར་ཞང་བོད་ཤེས་རིག་སྐོར་གྱི་དཔྱད་རྩོམ་གནད་ལ་ཐིངས་བ་རྣམས་ཀློག་མཁན་གྱི་གཟིགས་མོར་འགོད་པ་ལས་ཆོས་ལུགས་གྲུབ་མཐའི་ཕྱོགས་ཤུགས་ཆེ་བའི་རིགས་མི་འགོད།
གཉིས།  ཆོས་ལུགས་གྲུབ་མཐའ་ཁག་གི་མི་སྣའི་ཕན་ཚུན་ལ་བརྩི་འཇོག་དང་གོང་བཀུར་བྱས་ཏེ་མཐུན་སྒྲིལ་གྱི་དཔུང་བརྡང་མི་ལྷོད་པ་དང་ལོ་རྒྱུས་དྲང་བདེན་སྨྲ་བའི་སྤོབས་པའི་ལྗགས་རྩལ་མི་ཉམས་པ།
གསུམ། ཡུལ་ལུང་སོ་སོ་དང་མི་སྣ་སོ་སོ་ཕན་ཚུན་བར་ཟུར་ཟ་དང་འགལ་འདུའི་རིགས་སྤེལ་ནས་དྲ་བའི་ཁྱབ་ཁོངས་ལ་གཏོར་བརླག་མི་བཟོ་བ།
བཞི།   མི་རིགས་རིག་གནས་བྱ་བར་བརྩི་མཐོང་མི་བྱེད་པར་མིང་བརྡའི་སྦྱོར་ལུགས་སོགས་གང་དྲན་སྒོས་སྤྱད་ནས་དྲ་བའི་སྤུས་ཚད་ལ་ཤན་ཤུགས་མི་བཟོ་བ།
ལྔ།       དྲ་བའི་ཚེ་སྲོག་གི་རྒྱུན་ཡུན་དུ་བསྲིངས་ནས་ཞང་བོད་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་ཆབ་སྲིད་དང་འགལ་བའི་གཏམ་གླེང་རིགས་མི་སྤེལ་བ།

ཞེས་༼ཧི་མ་ལ་ཡའི་བོན༽དྲ་ཚིགས་གཙོ་སྒྲུབ་པས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག