ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> མཁས་དབང་མཁར་རྨེའུ་ལགས་ནས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འཆད་ཁྲིད་གནང་བ།
མཁས་དབང་མཁར་རྨེའུ་ལགས་ནས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འཆད་ཁྲིད་གནང་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 10-10-28] [ཀློག་གྲངས། ]

རྒྱལ་སྤྱིའི་བོད་རིག་པ་བ་མཁར་རྨེའུ་བསམ་གཏན་ལགས་ཀྱིས་ལྷོ་ནུབ་མི་རིགས་སློབ་ཆེན་ནས་འཆད་ཁྲིད་གནང་བ།




འཆད་ཁྲིད་ཁག་དང་བོ།
 
འཆད་ཁྲིད་ཁག་གཉིས་པ།

     ༢༠༡༠ལོའི་ཟླ་༡༠ པའི་ཚེས་༢༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་ཀྱི་སྟེང་། རྒྱལ་སྤྱིའི་བོད་རིག་པ་བ་མཁར་རྨེའུ་བསམ་གཏན་ལགས་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་གདན་ཞུས་ལྟར་ཕེབས་ནས། 《བོད་ཀྱི་ཆོས་ལུགས་རྣམས་སུ་ཡོད་པའི་རིས་མེད་ཀྱི་འདུ་ཤེས》ཞེས་པ་བརྗོད་བྱར་བྱས་ཏེ། སློབ་མ་རྣམས་དང་བོད་རིག་པར་ཞེ་མོས་ཡོད་མཁན་དག་ལ་འཆད་ཁྲིད་གནང་བ་རེད།

ཁོང་ཉིད་ད་ལོར་དགུང་ལོ ༧༤ ལ་སླེབས་ཤིང་། ད་དུང་བོད་ཀྱི་རིག་གནས་ལ་སློབ་སྦྱོང་དང་ཞིབ་འཇུག་གནང་བཞིན་ཡོད་པ་རེད། ཉེ་ལམ་ཁོང་གིས་རྒྱལ་དབང་ལྔ་པའི་རྣམ་ཐར་ཆ་ཚང་དབྱིན་ཡིག་ཏུ་བསྒྱུར་བཞིན་ཡོད་པ་དང་། ཁོང་གི་གསུང་རྩོམ་ལ་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པའི་༼མདའ་དང་འཕང་།༽སོགས་ཡོད།

རྒྱལ་སྤྱིའི་བོད་རིག་པ་བ་མཁར་རྨེའུ་བསམ་གཏན་ལགས་ཀྱིས་ལྷོ་ནུབ་མི་རིགས་སློབ་ཆེན་ནས་འཆད་ཁྲིད་གནང་བཞིན་པ། 

       ཐེངས་འདིའི་འཆད་ཁྲིད་སྟེང་དུ། མཁར་རྨེའུ་བསམ་གཏན་ལགས་ཀྱིས་གྲུབ་མཐའ་རིས་མེད་ཀྱི་བསམ་བློའི་འབྱུང་ཁུངས་དང་གྲུབ་ཚུལ་ནས་འགོ་བརྩམས་ཏེ། བོད་ཀྱི་ཆོས་ལུགས་རྣམས་སུ་ཡོད་པའི་རིས་མེད་ཀྱི་འདུ་ཤེས་སྐོར་ཀྱི་བསམ་བློ་རྒྱས་བཤད་གནང་བ་རེད། བོད་ཀྱི་རིག་གནས་པ་མང་ཤོས་ཀྱིས་དམ་པའི་ཆོས་དང་གཡུང་དྲུང་བོན་གྱི་བསམ་བློ་གཅིག་མཚུངས་ཡིན་པར་མི་འདོད་ཀྱང་། མཁར་རྨེའུ་བསམ་གཏན་ལགས་ཀྱི་འཆད་ཁྲིད་འདི་ཡིས་སློབ་མ་རྣམས་ལ་ཞིབ་འཇུག་གི་ཁ་ཕྱོགས་གསར་བ་ཞིག་ཁྲིད་སྟོན་བྱས་པ་དང་། ཕྱོགས་མང་བོ་ནས་ཞིབ་འཇུག་བྱེད་པའི་བསམ་བློར་སྐུལ་འདེད་ཆེན་པོ་ཐོན་པ་རེད། ཆུ་ཚོད་གཅིག་ཙམ་རིང་གི་འཆད་ཁྲིད་མཇུག་རྫོགས་རྗེས། མཁར་རྨེའུ་བསམ་གཏན་ལགས་ཀྱིས་སློབ་མ་རྣམས་ཀྱིས་བཏོན་པའི་དྲི་བ་རེ་རེར་དྲིས་ལན་བཏབ་པ་རེད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག