ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ༼གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་༽ཀྱི་གསལ་བརྡ།
༼གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་༽ཀྱི་གསལ་བརྡ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དྲུང་ཡིག་ཚན་ཁག] [ཟླ་ཚེས། 10-12-25] [ཀློག་གྲངས། ]


  
རེའུ་མིག་ཆ་ཚང་གཟིགས་འདོད་མཁན་དག་གིས་འདིར་སྣོན་རོགས།

 སྤྱི་ལོ༢༠༡༠ལོར་ཀན་སུའུ་རྩེ་ཞིག་དགོན་དུ་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་འཚོགས་འདུ་ཐེངས་དང་པོ་དེ་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་འཚོགས་སྐབས་རྩེ་ཞིག་དགོན་པ་ཚང་གིས་རང་རེའི་ཚོགས་པ་འདི་ལ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བཏབ་པའི་གངས་ཏེ་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་དེབ་ཕྲེང་ཉེར་ལྔ་ཅན་དེ་ཚར་གྲངས་ཆིག་སྟོང་ཐམ་པ་རིན་མེད་དུ་ཕུལ་བའི་བཀའ་དྲིན་བསྐྱངས་པ་དེ། ད་ལྟ་རང་རེའི་ཚོགས་པ་ལ་དངོས་འཕྲོད་བྱུང་ཡོད་ལ། ཚོགས་པས་བོད་མདོ་དབུས་ཁམས་གསུམ་དང་། རྒྱལ་ཕྱི་ནང་གི་བོན་དགོན་ཡོད་དོ་ཅོག་ལ་གངས་ཏེ་སེ་བོན་གཞུང་རིག་མཛོད་ཚར་རེ་རིན་མེད་དུ་ཕུལ་རྒྱུའི་གྲོས་འཆམ་བྱུང་བ་དེ་ལག་ལེན་དུ་འདེབས་རན་པ་ཡིན། དེས་ན་དཔེ་ཚོགས་སྦྱིན་ཡུལ་ལ་དགོན་པ་ཆེ་ཆུང་སོགས་ཀྱི་ཁྱད་པར་མེད་པ་ཚང་མར་འདྲ་མཉམ་དུ་སྦྱིན་རྩིས་ཡིན་པས། སུ་ཡིན་རུང་དངོས་ཡོད་བདེན་དོན་ལ་བརྩི་འཇོག་བྱས་ཏེ་ལེན་རྒྱུ་ལས། དགོན་ཤུལ་སྟོང་བ་ལྟ་བུ་དང་། རི་ཁྲོད་མི་མེད་ལྟ་བུའི་མིང་ཐོག་ནས་དཔེ་ཚོགས་གཡོ་ལེན་མི་བྱེད་རྒྱུ་ཆེས་གལ་ཆེན་ཡིན། དཔེ་ཚོགས་ལེན་པའི་གོ་རིམ་ཁྲོད་ངེས་པར་དུ་ཆ་རྐྱེན་ཚང་དགོས་པ་ནི། དགོན་པ་ཡིན་ན་དགོན་པའི་འགན་ཁུར་སོགས་གང་ཡོད་གོང་གི་རེའུ་མིག་ཏུ་འགོད་དགོས་ལ། དཔེ་ཚོགས་ལག་ཏུ་དངོས་སུ་འབྱོར་བའི་དཔང་རྟགས་སུ་དོ་དམ་ཁང་གི་ཐམ་ག་དཔར་རྒྱུ་དང་། ཐམ་ག་མེད་ཚེ་ལེན་མཁན་རང་གི་མཐེབ་མཛུབ་གཡས་མ་དཔར་དགོས་པ་ཡིན། དཔེ་ཚོགས་ལེན་མཁན་དེ་ས་གནས་ཞིང་ཆེན་དང་རྫོང་ཤང་སོགས་གང་གི་ཁོངས་སུ་གཏོགས་པ་དེ་འབྲི་དགོས་པས་མ་ཚད་ཕར་དཔེ་ཚོགས་སྤྲད་མཁན་དང་། ཚུར་དཔེ་ཚོགས་ལེན་མཁན་གཉི་གའི་མཚན་དང་སྤྱི་དམངས་ཐོབ་ཐང་ཨང་གྲངས་རྩིས་ལེན་ཟླ་ཚེས་སོགས་ཀྱང་བོད་ཡིག་དབུ་ཅན་གྱི་ལམ་ནས་གསལ་ཆ་དོད་པོ་རེ་འབྲི་དགོས་པ་ཡིན་ལ། རེའུ་མིག་འདིའི་ཁ་བསྐངས་རྗེས་གཅིག་དཔེ་ཚོགས་སྦྱིན་ཡུལ་དགོན་པས་ཉར་རྒྱུ་དང་། གཅིག་དཔེ་ཚོགས་གནང་མཁན་ཚོགས་པར་ཕྱིར་འཕྲོད་དགོས་པ་བཅས་ཡིན། མདོར་ན་དཔེ་ཚོགས་གང་དྲན་དྲན་དུ་གནང་སྦྱིན་མི་བྱེད་པར་རྗེས་ཕྱོགས་ཚོགས་པ་ལ་དཔེ་ཚོགས་སྦྱིན་པའི་གོ་རིམ་གསལ་ཁ་ཅན་རེ་ངོ་འཕྲོད་དགོས་རྒྱུ་ནི་ཕྱོགས་སོ་སོར་བཞུགས་པའི་དཔེ་ཚོགས་གནང་སྦྱིན་མཁན་རྣམ་པར་རག་ལས་འདུག་པས་དེ་ལུགས་ལྟར་དགོངས་འཇགས་ཡོད་རོགས་ཞུ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག