ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཕ་ཁི་སི་ཐན་རྒྱལ་ཁབ་སྐར་རྡོ་༼སི་ཁཱ་ཏུའུ་རྫོང་༽རྫོང་ནས་བོད་བཙན་པོ་དུས་སྐབས་ཀྱི་ཡིག་རྙིང་འགའ་རྙེད་པ།
ཕ་ཁི་སི་ཐན་རྒྱལ་ཁབ་སྐར་རྡོ་༼སི་ཁཱ་ཏུའུ་རྫོང་༽རྫོང་ནས་བོད་བཙན་པོ་དུས་སྐབས་ཀྱི་ཡིག་རྙིང་འགའ་རྙེད་པ།
[རྩོམ་གྱི་ཡོང་ཁུངས། དྲ་རྒྱ་ལས་བཏུས་པ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན་གྱིས་བཏུས།] [ཟླ་ཚེས། 11-01-04] [ཀློག་གྲངས། ]





ཕ་ཁི་སི་ཐན་རྒྱལ་ཁབ་སྐར་རྡོ་༼སི་ཁཱ་ཏུའུ་རྫོང་༽རྫོང་དུ་རྙེད་པའི་ཆ་མི་ཚང་བའི་བོད་བཙན་པོ་དུས་སྐབས་ཀྱི་ཡིག་རྙིང་འགའ། 

ཉིས་སྟོང་བཅུ་ལོའི་ཟླ་ལྔ་བར་དགེ་རྒན་ཆེན་མོ་ཁྲིན་ཆིན་དབྱིན་གྱིས་ཧིན་རྡུ་རྒྱ་མཚོའི་འགྲམ་རྒྱུད་དུ་གནས་སྐོར་བརྙན་ལེན་བྱེད་སྐབས། ཕ་ཁི་སི་ཐན་སྐར་རྡོ་རྫོང་༼སི་ཁ་ཏུའུ་༽ས་ཁུལ་གྱི་རིག་གནས་ལོ་རྒྱུས་མཁས་པ་མུའུ་ཧན་མུའུ་ཏི.ཡིའུ་སུའུ་ཧྥུའུ.ཧོ་སའེ་ཡུན་གྱི་ཁྱིམ་ནས་ཁོས་ཉར་ཚགས་བྱས་ཡོད་པའི་བོད་བཙན་པོ་དུས་སྐབས་ཀྱི་ཡིག་རྙིང་བརྐོས་པའི་བྱང་བུ་ཆ་མི་ཚང་བ་ཞིག་མཐོང་བ་དང་། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་ཁྲིན་ཆིན་དབྱིན་དང་དགེ་རྒན་བང་ཡའོ་སོགས་ཆེད་མཁས་པས་ཞིབ་འཇུག་བྱས་པ་ལས་ཤེས་པ་ལྟར་ན། བྱང་བུ་འདིའི་སྟེང་གི་རི་མོ་དང་ཡི་གེ་སོགས་ཀྱིས་གསལ་བཤད་བྱས་ཡོད་པ་ནི་སྟོན་པར་ཞབས་ཏོག་གི་ཆོ་ག་སྒྲུབ་པ་དང་བསོད་ནམས་ཀྱི་ལས་བཙན་པོ་རྒྱལ་རྒྱུད་ཀྱི་སྟེང་དུ་སྨིན་པར་བྱེད་ཆེད་ལས་པ་ཞིག་ཡིན་པ་དང་། རི་མོ་དང་ཡི་གེ་དེ་དག་ཆ་མི་ཚང་ཡང་། ཕ་ཁི་སི་ཐན་ས་ཁུལ་གྱི་རིག་གནས་ལོ་རྒྱུས་དང་བོད་བཙན་པོ་དུས་སྐབས་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་ཆོ་གའི་སྐོར་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཆེན་པོ་ཡོད་ཟེར།


བོད་ལུགས་ཀྱི་སྲུང་འཁོར་བཏགས་པའི་མུའུ་སི་ལིན་གྱི་བྱིས་པ། 

༼གསལ་བཤད༽གསར་འགྱུར་འདི་ཉིད་མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ་ལས་བཤུས་པ་ཡིན་ལ། འདི་ཉིད་བོད་བཙན་པོའི་སྐབས་ཀྱི་ཡིག་རྙིང་ཡིན་པ་གསལ་བཤད་བྱས་འདུག་མོད། དེའི་ནང་ལ་བོན་དང་འབྲེལ་བའི་གནས་ཚུལ་ཡོད་མེད་སོགས་གང་ཡང་མི་འདུག་ལ། གུས་པས་གསར་འགྱུར་འདི་ཉིད་ཆེད་དུ་ངེད་དྲ་བར་བཀོད་ནས་རྒྱ་ཆེ་བའི་བོན་གྲོགས་དག་གིས་དོན་ལ་འདིའི་ནང་ལ་བོན་དང་འབྲེལ་བའི་གནས་ཚུལ་ཡོད་མེད་ཐད་ལ་ཤེས་མཁན་ཡོད་ན་འདིར་མཁོ་སྤྲོད་གནང་བའི་རེ་ཞུ་བྱས་པ་ཡིན།  རིན་སྤུངས་ཚུལ་བསྟན་ནས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག