ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> སྤུ་བླ་གཡུང་དྲུང་སྐལ་བཟང་ལ་མཐོ་རིམ་འགྲན་རྩོམ་སྐབས་དཔྱད་རྩོམ་ཨང་དང་པོའི་བྱ་དགའ་ཐོབ་པ།
སྤུ་བླ་གཡུང་དྲུང་སྐལ་བཟང་ལ་མཐོ་རིམ་འགྲན་རྩོམ་སྐབས་དཔྱད་རྩོམ་ཨང་དང་པོའི་བྱ་དགའ་ཐོབ་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་བསྟན་འཛིན་འབྲུག་གྲགས།] [ཟླ་ཚེས། 11-01-12] [ཀློག་གྲངས། ]


     སྤུ་བླ་གཡུང་དྲུང་སྐལ་བཟང་མཆོག་རྩོམ་ཡིག་ཨང་དང་པོའི་བྱ་དགའ་ཐོབ་པའི་ལག་ཁྱེར།

       དེ་ཡང་བོད་ཀྱི་འདས་པའི་རིག་གཞུང་དང་། ལོ་རྒྱུས། ཆོས་ལུགས་སོགས་དང་། དེང་དུས་རིག་གསར་གྱི་ཚན་རྩལ་གཙོས་དུས་རབས་ལ་ཁ་ཕྱོགས་པའི་སྒོ་ནས་རྒྱལ་ཕྱི་ནང་འཛམ་གླིང་གང་སར་བོད་རིག་པའི་ཉམས་ཞིབ་དང་བགྲོ་གླེང་སོགས་ཚོགས་སྡེ་ཆེ་ཆུང་ཅི་རིགས་ཀྱིས་གོ་སྒྲིག་ཞུ་སྟེ་དུས་བསྟུན་བགྲོ་གླེང་གི་ཚོགས་འདུ་གནང་གི་ཡོད་པ་རེད། ད་ལན་གཡུང་དྲུང་བོན་དང་ཆོས་རྒྱུད་ཆེན་པོ་བཞི། དེ་བཞིན་གཞན་ཕྱོགས་མཐའ་ཁག་གི་མཐོ་རིམ་སློབ་གྲྭ་བཅས་མདོར་ན་མཐོ་སློབ་མི་འདྲ་བ་ཉེར་ལྔ་ཙམ་གྱི་སྐུ་ཚབ་ཚོགས་མི་བརྒྱ་ཕྲག་ལ་ཉེ་བ། ས་རཱ་མཐོ་སློབ་དུ་ལྷན་འཛོམས་ཐོག་སྤྱི་ལོ་༢༠༡༡།ཟླ་བ་༡།ཚེས་༦།ནས་ཚེས་༡༠།བར་ཉིན་ལྔའི་རིང་ན་གཞོན་ཤེས་ཡོན་པའི་འགན་འཁྲིའི་སྐོར་བགྲོ་གླེང་ལྷུག་པོར་གནང་ཡོད་པ་མ་ཟད། མཚམས་རེར་ཆེད་ལས་མི་སྣ་གདན་ཞུས་ཀྱིས་རང་ངོ་རང་ཤེས་དང་།རང་འགན་རང་ཁུར་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཡང་གནང་ཡོད་ལ། ལྷག་ཏུ་ས་ར་མཐོ་སློབ་གོ་སྒྲིག་ཚོགས་པས་ཟླ་བ་གཉིས་ཙམ་གྱི་སྔོན་ནས་རྒྱལ་ཕྱི་ནང་གི་མཐོ་རིམ་སློབ་མ་རྣམས་ལ་བརྗོད་གཞི་མི་འདྲ་བ་ཁག་བཞི་ཡི་ཐོག་ནས་རྩོམ་རིག་འགྲན་བསྡུར་གྱི་གོ་སྒྲིག་གནང་ཡོད་པའི་སྐབས་སུ་གཡུང་དྲུང་བོན་གྱི་མཐོ་སློབ་སྐུ་ཚབ་ལ་བོན་གྱི་གདན་ས་ཆེན་མོ་སྨན་རི་དགོན་པའི་སློབ་གཉེར་བ་སྤུ་བླ་གཡུང་དྲུང་སྐལ་བཟང་དང་། བྲག་མགོ་ཚེ་དབང་རྒྱལ་མཚན་དག་ཆེད་ཕེབས་གནང་ཞིང་། བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ལྔ་པའི་མཐོ་རིམ་སློབ་མའི་རྩོམ་ཡིག་འགྲན་བསྡུར་ཆེན་མོའི་རིག་རྩལ་དོ་རའི་ནང་། ཐོས་པའི་ས་བོན་གྱི་ཉེར་ལེན་ལ་བརྟེན། བརྩོན་པའི་རྣམ་དཔྱོད་ཀྱི་ལྗང་བུ་ཁ་འབུས་ཏེ་བསམ་པའི་ཤེས་རབ་ཀྱི་ལྡེ་མིག་འཛིན་ནས་ཀློག་པ་ནོར་བུའི་བང་མཛོད་དུ་ཞུགས་ཏེ་སོར་རྩེར་བསྐྲུན་པའི་ལག་རྗེས་ལ། སྨན་རིའི་སློབ་གཉེར་བ་སྤུ་བླ་གཡུང་དྲུང་སྐལ་བཟང་མཆོག་ད་ལན་མཐོ་རིམ་སློབ་མའི་འགྲན་རྩོམ་སྐབས་དཔྱད་རྩོམ་ཨང་རིམ་དང་པོའི་བྱ་དགའ་ཐོབ་པ་དེ། ཇི་སྐད་དུ། རྟགས་དང་མཚན་མ་ཀུན་གྱིས་མཐོང་སར་བཞག ཞེས་པ་ལྟར་སློབ་པ་ལམ་ཞུགས་ཀྱི་སྐབས་སུ་སྦྱངས་འབྲས་དེ་ལྟར་གྲུབ་པ་ལེགས་སྨོན་གྱི་མཚམས་སྦྱར་དང་བསྔགས་འོས་ཀྱི་དཔལ་དུ་གྱུར་བའི་གནས་ཚུལ་བཅས་སོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག