ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> རྒྱལ་རོང་དགོན་དུ་ཞང་བོད་རིག་གནས་སློབ་གསོའི་འཆད་ཁྲིད་གནང་བ།
རྒྱལ་རོང་དགོན་དུ་ཞང་བོད་རིག་གནས་སློབ་གསོའི་འཆད་ཁྲིད་གནང་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། མཁན་པོ་ཚེ་རིང་དང་དགེ་བཤེས་བསོད་ཀོ།] [ཟླ་ཚེས། 11-01-24] [ཀློག་གྲངས། ]


ཐེངས་འདིའི་འཆད་ཁྲིད་དུ་བཞུགས་པའི་འཆད་ཁྲིད་པ་དང་བླ་གྲྭ་ལྷན་འཛོམས་ཀྱི་འདྲ་པར།

འཆད་ཁྲིད་ལ་རྣ་བར་གཏོད་ནས་ཉན་བཞིན་པ།

འཆད་ཁྲིད་ལ་ཉན་མཁན།

ཐེངས་འདིའི་ཞང་བོད་ཤེས་རིག་སློབ་གསོའི་འཆད་ཁྲིད་ནི། གཞི་རི་དགོན་དང་། དབལ་མདའ་དགོན། རྒྱལ་རོང་དགོན་བཅས་ཐུན་མོང་གིས་གནང་བ་ཞིག་རེད། དགོན་པ་གསུམ་གྱི་མཁན་པོ་དང་། བླ་མ་སྤྲུལ་སྐུ། ཤེས་ལྡན་པའི་གྲྭ་བ་འགའ་ཞིག་གིས་གྲྭ་བསྒྲིགས་ལོ་ཕྱེད་རིང་ལ་བྱས་པ་ཞིག་ཡིན། དེ་ཡང་འཆད་ཁྲིད་ཀྱི་དམིགས་ཡུལ་ནི། སྲོལ་རྒྱུན་རིག་གནས་སློབ་གསོ་དང་། དགོན་སྡེའི་སློབ་གསོ། ནང་བསྟན་སློབ་གསོ་སོགས་དང་། དེང་རབས་སློབ་གསོ་ཕྱོགས་གཅིག་བསྡུས་པའི་འཆད་ཁྲིད་ཡིན། སློབ་ཁྲིད་དེ་དོན་དངོས་སུ་སྤྱི་ཚོགས་ལ་ཕན་པ་དང་། བློ་གསལ་བའི་སློབ་གཉེར་བ་དག་གི་རྒྱུད་ལ་སློབ་གསོ་སྤུས་ལེགས་ཤིག་འཇོག་ཐུབ་ཆེད་ཡིན་ལ། དེང་སང་སྤྱི་ཚོགས་སྟེང་གི་དགེ་རྒན་དང་སློབ་མ་མི་ཉུང་བ་ཞིག་གིས། སྲོལ་རྒྱུན་སློབ་གསོ། དགོན་སྡེའི་སློབ་གསོ། ནང་བསྟན་སློབ་གསོ་སོགས་ལ་ཤེས་རྟོགས་དེ་འདྲ་ཡག་པོ་མེད་པས། ལོག་འགྲེལ་ངང་དུ་གནས་པ་མང་བོ་ཆགས་ཡོད་པ་དང་། དེ་བཞིན་སྤྱི་ཚོགས་སྟེང་གི་སྐྱ་སེར་གང་མང་ལ་ཞིག་ལ་རང་གི་གྲུབ་མཐའ་ལ་ཆགས་པ་དང་། གཞན་གྱི་གྲུབ་མཐའ་ལ་སྡང་བ་སོགས་ཀྱི་བལྟ་ཚུལ་བྱུང་བ་ལ་དེ་དག་ལ་དོན་དངོས་ཀྱི་སྒོ་ནས་རིས་མེད་ཀྱི་གྲུབ་མཐའ་དག་མཚམས་སྦྱོར་བྱེད་པ་སོགས་ལྡན་པས་ཁྱད་པར་ཅན་གྱི་འཆད་ཁྲིད་ཞིག་རེད། དེ་ཕྱིར་ཐེངས་འདིའི་སློབ་ཁྲིད་ལ་བརྟེན་ནས། གོང་གསལ་སློབ་གསོ་ལེགས་ཤོས་ཤིག་བསྐྲུན་པའི་སྟེགས་བུ་ཞིག་ཏུ་གྱུར།



འཆད་ཁྲིད་དགེ་རྒན་རྣམ་པ་ཕེབས་བསུ་ཞུ་བཞིན་པ།

 ད་ལན་གྱི་འཆད་ཁྲིད་འདི་ཀོ། ཁྲོམ་དབང་དང་ཚོགས་མཆོད་འཁོར་ལོ་ལྟ་བུ་དང་། ཁྲོ་འཆམ་སོགས་ཀྱི་རྣམ་པ་མ་ཡིན་པར། འདི་ནི། གཏམ་གླེང་དང་རྩོད་གླེང་གི་རང་བཞིན་ཅན་ཞིག་སྟེ། སྔ་དྲོ་འཆད་ཁྲིད་དང་། ཕྱི་དྲོ་དགེ་སློབ་ཕན་ཚུན་བར་ལ་ནང་བསྟན་རིག་པ་དང་སྲོལ་རྒྱུན་དམངས་སྲོལ་རིག་གནས་སྐོར་ལ་བགྲོ་གླེང་སོགས་ཀྱི་ལེགས་ཆ་དུ་མ་དང་ལྡན་པ་ཞིག་ཡིན།



འཆད་ཁྲིད་ཞུ་མཁན་སྐྱ་སེར།

ཐེངས་འདིའི་སློབ་ཁྲིད་ནང་དུ་བཞུགས་པའི་མི་གྲངས་༡༢༠ལྷག་འདུས་ཡོད་ཅིང་། དེའི་ནང་དུ་གྲུབ་མཐའ་ལ་མཚོན་ན་བོན་པོ་དང་། དགེ་ལུགས་པ་དང་། རྙིང་མ་བ། ད་རུང་སྤྱི་ཚོགས་སྟེང་དགེ་སློབ་མང་བོ་ཞིག་ཡོད།


ཤར་རྫའི་རི་ཁྲོད་མཁན་པོ་རིག་འཛིན་དབང་རྒྱལ་ལགས་ནས་འཆད་ཁྲིད་གནང་བཞིན་པ།

དེ་ལས་ཉིན་དང་བོ་དང་གཉིས་པ་གཉིས་ལ། འཆད་ཁྲིད་པ་༧ ཤར་རྫའི་རི་ཁྲོད་ཀྱི་མཁན་པོ་རིག་འཛིན་དབང་རྒྱལ་རིན་པོ་ཆེས་སྐྱབས་འགྲོའི་སྐོར་དང་། བླ་མ་བསྟེན་ཚུལ་སོགས་ཀྱི་སྐོར་ལ་འཆད་ཁྲིད་གནང་བ་དང་།
ཉིན་གསུམ་པ་ལ། དགེ་ལེགས་པའི་དགེ་བཤེས་རྣམ་རྒྱལ་ཚེ་རིང་མཆོག་གིས་གྲུབ་མཐའ་རིས་མེད་བྱེད་ཕྱོགས་དང་ངོས་འཛིན། དེའི་དགོས་པ་དང་ཕན་ཡོན་སོགས་ཀྱི་སྒོ་ནས་འཆད་ཁྲིད་གནང་བ་རེད།
ཉིན་བཞི་བ་ལ། གསེར་རྟ་བླ་རུང་གི་མཁན་པོ་ནོར་བུ་ལགས་ཀྱིས། བོན་པོ་དང་རྙིང་མ་བ་གཉིས་ཀྱི་གཏེར་སྟོན་བླ་མ་དང་། གཏེར་ཐོན་རིག་རྫས་སྐོར་ལ་མཚམས་སྦྱོར་དང་གསལ་བཤད་གནང་བ།

ཉིན་ལྔ་བ་ལ། དགེ་བཤེས་བསྟན་འཛིན་སྐལ་བཟང་ལགས་ཀྱིས་གཡུང་དྲུང་བོན་གྱི་མཚན་ཉིད་སྡེ་ལྔའི་སྐོར་ལ་འཆད་ཁྲིད་གནང་བ།



བྲག་འགོ་མཁན་པོ་ཚེ་རིང་ནོར་བུ་ལགས་ནས་འཆད་ཁྲིད་གནང་བཞིན་པ།

ཉིན་དྲུག་པ་ལ། མཁན་ཚེ་རིང་ནོར་བུ་མཆོག་གིས་ཞང་བོད་ལོ་རྒྱུས་སྐོར་ལ་འཆད་ཁྲིད་གནང་བ།


༧སྨན་རིའི་དགེ་བཤེས་ཡོན་ཏན་ཕུན་ཚོགས་ལགས་ནས་འཆད་ཁྲིད་གནང་བཞིན་པ།

ཉིན་བདུན་པ་ལ། སྨན་རིའི་དགེ་བཤེས་ཆེན་མོ་ཡོན་ཏན་ཕུན་ཚོགས་ཚང་གིས་མདོ་སྔགས་རྫོགས་གསུམ་གྱི་ཁྱད་པར་དང་མཐུན་ས་སོགས་ལ་འཆད་ཁྲིད་གནང་བ་རེད།

འཆད་ཁྲིད་རེ་གཉིས་ཀྱི་འདྲ་པར་རེག་མ་སོང་བས་ཀློག་པ་པོ་ལ་དགོངས་དག་ཞུ་བ་ལགས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག