ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཀུན་མཁྱེན་འཇམ་དབྱངས་བཞད་པ་རིན་པོ་ཆེའི་གསུང་བཤད།
ཀུན་མཁྱེན་འཇམ་དབྱངས་བཞད་པ་རིན་པོ་ཆེའི་གསུང་བཤད།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཀུན་མཁྱེན་འཇམ་དབྱངས་བཞད་པ།] [ཟླ་ཚེས། 11-03-01] [ཀློག་གྲངས། ]

༧ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག་བོད་ལྕགས་ཡོས་ལོའི་ལོ་སར་གྱི་སྐབས་དང་བསྟུན་ཏེ་སྐབས་བརྒྱད་པའི་མཐོ་རམས་པ་དང་སྐབས་བཞི་བའི་འབྲིང་རམས་པའི་དགེ་སློབ་རྣམས་ལ་ལོ་སར་གྱི་རྟེན་འབྲེལ་ཞུ་བ་དང་འབྲེལ་ཏེ་བཀའ་སློབ་གནང་བ།
༧ཀུན་མཁྱེན་འཇམ་དབྱངས་བཞད་པ་ཐུབ་བསྟན་ཆོས་ཀྱི་ཉི་མ་རིན་པོ་ཆེ།
༢༠༡༡ལོའི་ཟླ་༢པའི་ཚེས་༢༨ཉིན།

 བོད་བརྒྱུད་ནང་བསྟན་ནི་རྙིང་མ་བ། ས་སྐྱ་བ། བཀའ་རྒྱུད་པ། ཇོ་ནང་བ། བོན་པོ་དང་། དགེ་ལུགས་སོགས་ཀྱིས་མཉམ་དུ་བསྐྲུན་པ་རེད། གྲུབ་མཐའ་ནང་གསེས་ལ་ཡང་དབྱེ་བ་མི་མཐུན་པ་སོ་སོར་ཡོད། མི་ལོ་བརྒྱ་སྟོང་མང་བོའི་ལོ་རྒྱུས་རིང་མོའི་ཁྲོད་དུ། ཆོས་ལུགས་མི་སྣ་སོ་སོ་དང་ཆོས་དད་མང་ཚོགས་ཚོས། མི་བརྒྱ་བསམ་པའི་བཀོད་མཉམ། །སྔོན་དཔེ་རྗེས་མཐུད་དུ། ནང་བསྟན་དར་སྤེལ། སྐྱེ་དགུ་འདྲེན་པ། མེས་རྒྱས་གཅེས་སྐྱོངས། འགྲོ་བའི་ཕན་བདེ་སོགས་ལ། བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཐོག་གཟི་འོད་བླ་ན་མེད་པའི་ཕྱིས་རྗེས་ཟིན་ཐོ་བཀོད་ཡོད། ང་ཚོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་འདི་ནི། བོད་བརྒྱུད་ནང་བསྟན་གྲུབ་མཐའ་ཀུན་གྱི་ཐུན་མོང་གི་སློབ་གྲྭ་ཡིན་པས། བོད་བརྒྱུད་གྲུབ་མཐའ་སོ་སོའི་རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་མི་སྣ་སྐྱེ་སྲིད་བྱེད་ནས་ཞབས་འདེགས་ཞུ་རྒྱུ་དེ་ང་ཚོ་སློབ་གླིང་གིས་འོས་འགན་ཡིན།
དང་ཐོག་སློབ་གླིང་བཙུགས་པའི་དུས་སུ་༧ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོས་བོན་པོའི་སློབ་མ་སྡུད་ལེན་བྱས་ཡོད། ང་ཚོས་ཀྱང་ན་ནིང་ནས་བོན་པོའི་སློབ་མ་བསྡུས་ནས་བོན་པོའི་འབྲིང་རམས་རབ་འབྱམས་པའི་འཛིན་གྲྭ་ཞིག་བཙུགས་ཡོད་པ་རེ།ད དེ་རིང་ཡང་ང་ཚོ་འདི་ན་ལྷན་འཛོམ་བྱུང་སོང་། འཐུས་མི་ཚོས་གཏམ་བཤད་ལེགས་པོ་བྱས་བྱུང་། ང་ཚོ་སློབ་གླིང་ལ་བོན་པོ་ཕྱོགས་ཀྱི་འབྲེལ་ཡོད་མི་སྣ་ཚོས་༼ཧོར་རྒྱལ་སྲིད་སྤྱི་ཁྱབ་གཡུང་དྲུང་རྒྱལ་བ་མཆོག་དང་གཤེན་སྲས་ནོར་བུ་དབང་རྒྱལ་སོགས།༽རོགས་སྐྱོར་དང་མཐུན་རྐྱེན་མང་བོ་རྒྱབ་ཡོད་རེད། ཁོང་རྣམ་པས་ལོ་མང་བོའི་རིང་ལ། གྲུབ་མཐའ་སོ་སོས་མཐུན་སྒྲིལ་དང་འཆམ་མཐུན་ལ་ནུས་ཤུགས་ཀྱི་ཕྱག་ལས་མི་དམན་པ་བྱས་པས། ང་རང་ལ་ཡང་སེམས་འགུལ་ཐེབས་སོང་། ཁོང་ཚོ་ང་ཚོས་སློབ་སྦྱོང་བྱེད་སའི་དམིགས་དཔེ་འོས་ཅན་ཞིག་རེད།
བོན་པོའི་འབྲིང་རམས་རབ་འབྱམས་པའི་འཛིན་གྲྭའི་སློབ་མ་ཚོས། ནང་བསྟན་སློབ་གླིང་ནས་སློབ་གཉེར་ལེགས་ཤིང་བསྒྲིགས་ལམ་བརྩི་བཀུར་སོགས་ཀྱི་རྣམ་པ་ཧ་ཅང་ཡག་པོ་རེད། ང་ཚོས་བོན་པོ་ལ་བརྩི་བཀུར་བྱེད་རྒྱུ་དང་། བོན་པོ་ལ་བསམ་ཤེས་བྱེད་རྒྱུ། བོན་པོའི་འཛིན་གྲྭའི་སློབ་གྲོགས་རྣམས་ཀྱི་རིག་གནས་ཆུ་ཚད་ཆེ་མཐོར་བཏང་ནས། མ་འོངས་པར་བོན་པོའི་མཐོ་རམས་པའི་འཛིན་གྲྭའི་སྡུད་ལེན་ལ་གྲལ་བསྒྲིགས་ཀྱི་ཆ་རྐྱེན་བཟོ་རྒྱུ་བཅས། མཐར་དགེ་སློབ་ཚང་མ་ལ་ལོ་སར་ལ་བཀྲ་ཤིས་བདེ་ལེགས།

སྣང་ཞིག་དགེ་བཤེས་བསོད་ཀོ་ལགས་ནས་རྒྱ་ཡིག་ནས་བསྒྱུར།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག