བཀྲ་ཤིས་པའི་གཏམ་བཟང་བོ།
ལོ་ལྟར་བོད་ཟླ་དང་བོའི་ཚེས་ལྔ་ཉིན་ནི་༧ རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་འཁྲུངས་མཆོད་ཆེན་མོ་ཡིན་པ་དང་ལྕགས་ཡོས་ལོའི་ཟླ་དང་བོའི་ཚེས་ལྔ་ཉིན་རྗེ་མཉམ་མེད་ཆེན་པོ་སྐུ་འཁྲུངས་ནས་ལོ་ངོ་༦༥༥ལོན་པར་ཡིན་པས་བཀྲ་ཤིས་རྟེན་འབྲེལ་གྱི་བསུ་བ་ཞུ་ཞུ།
ཨེ་མ་ཧོ། །བདེ་ཆེན་རྒྱལ་པོ་ཀུན་བཟང་རྒྱལ་བ་འདུས། །
མི་བརྗེད་གཟུངས་ལྡན་ཤེས་རབ་སྨྲ་བའི་སེང་། །
འཛམ་གླིང་བོན་གྱི་གཙུག་རྒྱན་མཉམ་མེད་པ། །
ཤེས་རབ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །
བཀྲ་ཤིས་པའི་གཏམ་བཟང་གཉིས་པ།
༧ དཔལ་གཤེན་བསྟན་སྨན་རི་གླིང་ནས་༼གཡུང་དྲུང་བོན་གྱི་དྲ་རྒྱ་༽སྒོ་འབྱེད་གནང་བ།
༼གཡུང་དྲུང་བོན་གྱི་དྲ་རྒྱའི༽མདུན་ངོས།
༧ སྐྱབས་རྗེ་མཁན་སློབ་རྣམ་གཉིས་ནས་དྲ་རྒྱའི་གཞུང་ལས་ཁང་དབུ་འབྱེད་གནང་བཞིན་པ།
༧ སྐྱབས་རྗེ་མཁན་སློབ་རྣམ་གཉིས་གཙོས་པའི༼གཡུང་དྲུང་བོན་གྱི་དྲ་རྒྱའི༽གཙོ་སྒྲུབ་པ་སོགས།
བཀྲ་ཤིས་པའི་གཏམ་བཟང་གསུམ་པ།
ངེད་དྲ་བའམ༼ཧི་མ་ལ་ཡའི་བོན༽དྲ་བ་འདི་ཉིད་ལ་རྒྱལ་ཁབ་གཞུང་ནས་དྲ་ཚིགས་ཀྱི་དཔང་རྟགས་ཨང་ཆོག་མཆན་དངོས་སུ་སྤྲད་པ།
དེ་ཡང་༼ཧི་མ་ལ་ཡའི་བོན༽དྲ་ཚིགས་འདི་ཉིད་སྒོ་འབྱེད་ནས་ད་བར་དུ་ཟླ་བ་བརྒྱད་ཀྱི་ལྷག་གི་རིང་ལ་རྒྱལ་ཁབ་གཞུང་ནས་ཆོག་མཆན་མ་ཐོབ་པའི་སྒོ་ནས་བོད་གངས་ཅན་གྱི་རིག་གནས་སྤྱི་དང་ཁྱད་པར་དུ་གཡུང་དྲུང་བོན་གྱི་བསྟན་པའི་ཐད་ལ་ཞབས་ཞུ་གང་ནུས་སྒོ་ནས་ཞུས་པ་ཡིན་ལ། ཟླ་བརྒྱད་ལྷག་གི་རིང་ལ་ངེད་དོ་དམ་པ་དག་ནས་ཕྱོགས་སོ་སོ་ནས་གཞུང་སྒེར་གང་མང་ལ་འབྲེལ་འདྲིས་སོགས་ཀྱིས་སྒོ་ནས་དཀའ་ཁག་འཕྲང་རིང་དུ་མར་བརྒྱུད་མཐར་དེ་རིང་བཀྲ་ཤིས་པའི་ཉིན་མོ་འདིར་སི་ཁྲོན་ཞིང་ཆེན་གྱི་དྲ་ཚིགས་ལས་ཁུངས་ཀྱིས་༼ཧི་མ་ལ་ཡའི་བོན༽དྲ་ཚིགས་ལ་དྲ་ཚིགས་ཀྱི་དཔང་ཨང་༡༡༠༠༢༨༩༩དངོས་སུ་སྤྲད་པ་དེ་ཡང་ང་ཚོ་བོད་པ་ཚང་དང་གཡུང་དྲུང་བོན་ལུགས་པ་དག་ལ་མཚོན་ན་ཆེས་དགའ་འོས་པ་དང་གལ་ཆེ་བའི་དོན་ཆེན་ཞིག་ཀྱང་ཡིན་པར་སེམས་བཞིན་ཡོད་ལ།
བཀྲ་ཤིས་པའི་གཏམ་བཟང་དག་ལ་རྟེན་འབྲེལ་ཞུ་བ།
དེ་ལྟར་དེ་རིང་ནི་ང་ཚོ་གཡུང་དྲུང་བོན་པོ་ཚང་ལ་བཀྲ་ཤིས་པའི་ཉིན་མོ་དང་དོན་འགྲུབ་པའི་ཉིན་མོ་ཞིག་རེད་ལ། ཕུན་སུམ་ཚོགས་པའི་ཉིན་མོ་ཞིག་རེད་ལགས།