ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ནུབ་ཕྱོགས་ཡོ་རོབ་གླིང་དུ་ཕེབས་པའི་གཤེན་གྱི་གར་འཆམ་ཁག
ནུབ་ཕྱོགས་ཡོ་རོབ་གླིང་དུ་ཕེབས་པའི་གཤེན་གྱི་གར་འཆམ་ཁག
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་གཡུང་དྲུང་།] [ཟླ་ཚེས། 11-05-18] [ཀློག་གྲངས། ]

༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་ནས་གཤེན་གྱི་གར་འཆམ་པ་ཁག་གཅིག་

ནུབ་ཕྱོགས་ཡོ་རོབ་གླིང་དུ་ཕེབས་པའི་གནས་བསྡུས།

      རྒྱལ་བ་གཤེན་གྱི་འབྱུང་ལྡན་༣༠༡གི་བགྲང་བྱ་ལྕགས་ཡོས་ལོའི་བོད་ཟླ་གསུམ་པ་སྟེ། ཕྱི་ལོ་༢༠༡༡ཟླ་༥་ཚེས་༡༢ཉིན་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་ནས་ཆེད་བསྒྲིགས་ཀྱིས་ནུབ་ཕྱོགས་ཡོ་རོབ་གླིང་དུ་གཤེན་གྱི་གར་འཆམ་སོགས་བོན་གྱི་རིག་གཞུང་སྣ་ཚོགས་འཁྲབ་སྟོན་དུ་ཕེབས་པའི་སྐབས་ཀྱི་དཔར་རིས་དང་གནས་ཚུལ་མདོར་བསྡུས།

      དེ་ཡང་སྔར་ལོ་ནས་༧དཔལ་གཤེན་བསྟན་སྨན་རིའི་གླིང་ནས་གོ་སྒྲིག་གནང་བའི་གཤེན་གྱི་གར་འཆམ་པ་ཁག་གཅིག་ཕྱི་ལོ་༢༠༡༡ལོའི་ཟླ་༥པའི་ཚེས་བཅུ་གཉིས་ཉིན་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཡོ་རོབ་Czech Republicཅེག་གི་རྒྱལ་ཁབ་ཀྱི་རྒྱལ་ས་PRAHAཔ་རག་ཏུ་འབྱོར་ཡོད་པ་དང་། ཕྱི་ཚེས་བཅོ་ལྔ་དང་བཅུ་དྲུག་སྟེ་ཉིན་གཉིས་ལ་ཡོ་རོབ་ཅེག་གི་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་གཤེན་གྱི་གར་འཆམ་ཁག་གཅིག་འཁྲབ་སྟོན་མཛད་ཡོད་པ་དང་། ཕྱི་ཚེས་༡༧ཉིན་ནས་མུ་མཐུད་དུ་ཡོ་གླིང་ཁག་ཏུ་བོན་རིག་གཞུང་དང་འབྲེལ་བའི་གར་འཆམ་དང་། སྨན་རྩིས། རྒྱལ་རབས་ལོ་རྒྱུས་སོགས་ངོ་སྤྲོད་དང་འཁྲབ་སྟོན་ཞུ་འཆར་ཡོད་པ་བཅས་ཀྱི་གནས་བསྡུས་རགས་ཙམ་མོ། །

མ་རྒྱུད་ཚོགས་འཆམ།

གཟེ་གྱད་སྤར་གསུམ་གྱི་གར་འཆམ།

སྨན་རིའི་གླིང་ནས་ཆེད་ཕེབས་གནང་བའི་འཆམ་པོ་བ་དང་རྔ་རོལ་རྒྱ་གླིང་བ་སོགས།

གར་འཆམ་ལ་གཟིགས་བཞིན་པའི་མི་མང་གི་ཟུར་ཞིག

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག