ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> རྒྱལ་བ་སྨན་རི་བས་བཀའ་ཁྲིད་གནང་བ།
རྒྱལ་བ་སྨན་རི་བས་བཀའ་ཁྲིད་གནང་བ།
[རྩོམ་གྱི་ཡོང་ཁུངས། ཁྱུང་སྐྱུགས།] [རྩོམ་པ་པོ། ཁྲི་གཡུང་དྲུང་།] [ཟླ་ཚེས། 11-10-03] [ཀློག་གྲངས། ]

༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་གིས་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པའི་བཀའ་ཁྲིད་གནང་དབུ་ཚུགས།

   ཕྱི་ལོ་༢༠༡༡ཟླ་༠༩ཚེས་༣༠ཉིན་ནས་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་བླ་བྲང་ཉི་འོད་འཁྱིལ་བ་རུ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པའི་བཀའ་ཁྲིད་ཟབ་རྒྱས་གནང་དབུ་ཚུགས་པའི་གནས་བསྡུས།
   དེ་ཡང་འཆར་ཅན་ལྟར་ལོ་རེར་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བོད་ཟླ་བརྒྱད་པའི་ཚེས་གཅིག་ནས་དབུ་བཟུང་སྟེ་བདུན་ཕྲག་གཅིག་རིང་ལ་༧དྲི་མེད་རྒྱལ་བ་་གཤེན་གྱི་དཀའ་ཐུབ་ཆེན་མོ་འཚོགས་བཞིན་ཡོད་པའི་དུས་དང་བསྟུན། ཞྭ་དཀར་གཡུང་དྲུང་བསྟན་པའི་སྒོར་ཞུགས་པ་ཀུན་གྱི་དད་མོས་ཀྱི་གསོས་ཆེན་དང་འཛམ་གླིང་བོན་གྱི་གཙུག་རྒྱན། ས་སྟེང་ན་སྙན་པའི་གྲགས་དཀར་མཁའ་མཐར་གདལ་བཞིན་པ་མདོ་སྔགས་སེམས་གསུམ་གྱི་བསྟན་པའི་བདག་ཉིད་བླ་ན་མ་མཆིས་པ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ལ་སྐུ་ཡི་ཉེ་འཁོར་སྐལ་ལྡན་དོན་གཉེར་ཅན་གྱི་བུ་སློབ་རྣམས་ཀྱིས་སྔོན་འགྲོའི་ཁྲིད་ལུང་སྩོལ་བའི་རེ་དོན་སྙན་བསྒྲོན་ཕུལ་བ་བཞིན་༧རྒྱལ་བ་སྨན་རི་བ་མཆོག་གིས་ཐུགས་བརྩེ་ཆེན་པོས་དགྱེས་བཞེས་ངང་ནས། གོང་ཚེས་ཉིན་ནས་དབུ་བཟུང་སྟེ་ཉིན་རེ་བཞིན་སྔ་དྲོའི་གསོ་སྦྱོང་སོགས་གྲོལ་མཚམས་སུ་འཁོར་དུས་༡༠ནས་༡༡བར་གྲྭ་ཚང་འདུས་པ་རྒྱ་མཚོའི་ཐོས་འཛིན་གྱི་བུ་གར་བཅུད་ལྡན་༼གཡས་རུ་བྲུ་ཡི་གདམས་པ་མན་ངག་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ་༽རྒྱས་ཁྲིད་ཀྱི་བཀའ་ཆབ་གསུང་གི་བདུད་རྩི་གནང་བའི་བཀའ་དྲིན་གྱི་མཛད་འཕྲིན་སྐྱོང་བཞིན་པ་བཅས་ཀྱི་ མཚམས་སྦྱོར་གྱི་ཡི་གེ་རགས་བསྡུས་ཙམ་མོ།།


རྒྱལ་བ་སྨན་རི་བས་འཆད་ཁྲིད་གནང་བཞིན་པ།

སྨན་རིའི་བླ་བྲང་གསར་གྲུབ་མཆོད་ཁང་དུ་འཆད་ཁྲིད་གནང་བ།
 
འཆད་ཁྲིད་གནང་བའི་ཚོགས་ཟུར་ཞིག

དད་ལྡན་སློབ་གཉེར་བའི་ཚོགས་ཀྱིས་འཆད་ཁྲིད་ལ་གསན་བཞིན་པ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག